【ལུགས་རྙིང་ལོ་གསར་ལ་གཞི་རིམ་དུ་བསྐྱོད་པ།】རིག་གནས་གྲོང་གསེབ་ཏུ་སྐྱེལ་བས། རྟེན་འབྲེལ་ཆ་ཡིག་གཙང་ཕྱོགས་ཀུན་ལ་ཁྱབ།
སྤེལ་དུས 2020-01-21
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཟླ་1པོའི་ཚེས་14ཉིན་དང་ཚེས་15ཉིན། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་ཤིང་། ལྗོངས་སྙན་ཚིག་ཆ་ཡིག་མཉམ་འབྲེལ་སློབ་ཚོགས་ཀྱིས་གཉེར་རོགས་བྱས་པ་དང་། གཞིས་ཀ་རྩེ་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་ཞིབ་ཕྲའི་སྒྲུབ་འགན་འཁུར་བའི་“བདེ་སྐྱིད་ལྡན་པའི་བོད་ལྗོངས། དབུལ་ཐར་འགག་སྒྲོལ་གྱི་ཡུལ་དངོས་སུ་བསྐྱོད་པ”ཞེས་པའི་2020ལོའི་དྲ་རྒྱའི་སྨྱན་སྦྱོར་དཔྱིད་གསར་དུས་ཆེན་སྐབས་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་དེ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྒྱལ་རྩེ་རྫོང་དང་བཞད་མཐོང་སྨོན་རྫོང་དུ་སྤེལ་བ་རེད།

2020ལོའི་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། དགའ་སྤྲོ་འཆམ་མཐུན་གྱི་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་གཏོད་ཆེད། ལྗོངས་སྙན་ཚིག་ཆ་ཡིག་མཉམ་འབྲེལ་སློབ་ཚོགས་ཀྱི་བོད་རྒྱ་ཡིག་རིས་མཁས་ཅན་རྣམ་གྱིས་ས་གནས་དེ་གའི་མང་ཚོགས་ལ་ལོ་གསར་གྱི་ཆ་ཡིག་དང་ཡིག་རིས་སྐྱེལ་སྤྲོད་བྱས་ཤིང་། བྱེད་སྒོའི་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ལ། སྣག་ཚའི་དྲི་ཞིམ་གང་སར་ཁྱབ་པ་དང་། ཡིག་རིས་མཁས་ཅན་ཚོས་དཔྱིད་གསར་ལ་རྟེན་འབྲེལ་ཞུ་བའི་ཆ་ཡིག་རེ་རེ་དང་དགའ་སྤྲོའི་རྣམ་པའི་ཁེངས་པའི་བཀྲ་ཤིས་སྨོན་འདུན་དང་བཅས་རྒྱ་ཆེའི་མང་ཚོགས་ཀྱི་ལག་ཏུ་སྤྲད་བྱུང་། ཡུལ་དངོས་ནས་མང་ཚོགས་ཀྱིས་ཡིག་གཟུགས་ལ་མྱོང་རོལ་བྱེད་ཞོར་ཏུ་རང་ཉིད་དགའ་སའི་ལོ་གསར་ཆ་ཡིག་གི་བརྩམས་ཆོས་བདམས་པས་ཀུན་གྱི་གདོང་ལ་བཅོས་མ་མིན་པའི་བདེ་སྐྱིད་ཀྱི་འཛུམ་མདངས་ཤིག་མངོན་ནས་འདུག
རྒྱུས་ལོན་བྱུང་བ་ལྟར་ན། མ་འོངས་པའི་ཉིན་གཉིས་ཀྱི་ནང་རིག་གནས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་འདི་ད་དུང་རྣམ་གླིང་རྫོང་དང་བསམ་གྲུབ་རྩེ་ཁུལ་དུ་མུ་མཐུད་དུ་སྤེལ་ཏེ་སྔར་ལས་མང་པའི་ཡུལ་མི་རྣམས་ལ་ལོ་གསར་གྱི་སྨོན་འདུན་དང་རྟེན་འབྲེལ་གྱི་ཆ་ཡིག་སྤྲོད་རྒྱུ་རེད།
རྩོམ་སྒྲིག་པ། རིག་གྲོལ།