དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2019ལོའི་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

སྤེལ་དུས 2020-01-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་1པའི་ཚེས་20ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གཅིག་གྱུར་ཞིབ་རྩིས་བྱས་པ་བརྒྱུད་2019ལོར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1697.82ཟིན་པ་དང་8.1%འཕར་ཡོད་པས། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད། 2019ལོར་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19501ཟིན་པ་དེ་དུས་མཚུངས་ལས་12.8%འཕར་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།                                       
         བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པས་2019ལོར་བོད་རང་སྐྱོང་ལྗོངས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “བརྟན་པོ་དྲུག”གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། “ཆ་བཅུ་གསུམ”གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། “འགག་སྒྲོལ་ཆེན་པོ་གསུམ”ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གོམ་པ་བརྟན་པོའི་ངང་འཕར་སྣོན་དང་། སྒྱུར་བཅོས་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་སོགས་ཀྱི་བྱེད་ཐབས་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་བརྟན་ཐོག་ཡར་འཕེལ་དང་། འཕེལ་ཐོག་བཟང་སྐྱོད་ཀྱི་རྣམ་པ་མངོན་པ་རེད།                                               
         བོད་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དུས་བབ་ནི་བོད་ལྗོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་ལ། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་དབུལ་སྒྲོལ་ཕྱུག་འགྱུར་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་དང་ཐད་ཀར་འབྲེལ་བ་ཡོད། 2019ལོར་བོད་ལྗོངས་ཀྱི་ལོ་ཧྲིལ་པོའི་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་212.8ཟིན་པ་དེ་དུས་མཚུངས་ལས་8.9%འཕར་བ་དང་། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་ཐོག་མའི་བསྡོམས་རྩིས་ལྟར་ན་ཏུན་ཁྲི་105ཟིན་ཡོད། ལོ་ཧྲིལ་པོའི་ཕྱུགས་རིགས་ཁ་གྲངས་ཁྲི་1702.81ཡོད་པ་དང་། ཕྱུགས་རིགས་བཤས་གཏོང་ཁ་གྲངས་ཁྲི་482.8ཟིན་ལ། ཕག་དང་ཚགས་ཤ་ལུག་ཤ་བཅས་ཀྱི་ཐོན་ཚད་ཏུན་ཁྲི་27.75ཟིན་ཡོད།                        
         བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། ལས་གཉེར་ཡོང་འབབ་འཕར་ཚད་ཅུང་མགྱོགས་པོ་ཡོད། ལོ་ཧྲིལ་པོར་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་131.72ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་5.1%འཕར་ཡོད། ལོ་ཧྲིལ་པོའི་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོ་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་649.33ཟིན་པ་དེ་དུས་མཚུངས་ལས་8.7%འཕར་ཡོད་ལ། དེ་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.7གྱིས་མཐོ་བ་ཡོད།                           
         དངུལ་རྩའི་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་12པའི་ཟླ་མཇུག་བར་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་4973.9ཟིན་པ་དང་། དེ་དུས་མཚུངས་ལས་0.9%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་4695.2ཟིན་པ་དང་། དེ་དུས་མཚུངས་ལས་3.1%འཕར་ཡོད།                     
         འགྲིམ་འགྲུལ་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ཧྲིལ་པོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2608.02ཟིན་པ་དང་། དངོས་ཟོག་འཁོར་རྒྱུག་བྱེད་ཚད་ཏུན་སྤྱི་ལེ་དུང་ཕྱུར་166.58ཟིན་ཡོད་པས། བརྟན་པོའི་ངང་འཕར་བའི་འཕེལ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།                                          
         ཡུལ་སྐོར་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ཧྲིལ་པོར་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4012.15ལ་སྣེ་ལེན་བྱས་པ་དང་། དེ་དུས་མཚུངས་ལས་19.1%འཕར་ཡོད་པ་རེད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་559.28ཟིན་པ་དང་། དེ་དུས་མཚུངས་ལས་14.1%འཕར་ཡོད།                             
         མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5.2མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་གཞི་རྩའི་ཆ་ནས་གཙང་སེལ་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5%ཡས་མས་སུ་ཚོད་འཛིན་བྱས་པ་དང་། ཞིང་འབྲོག་མང་ཚོགས་མི་ཁྲི་58.47གནས་སྤོར་ལས་ཞུགས་བྱས་པ་དང་། ཡོང་འབབ་སྒོར་དུང་ཕྱུར་38.12བྱུང་ཡོད།
         ནོར་སྲིད་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ཧྲིལ་པོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་222ཡོད་པའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་157.52ཟིན་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར་2180.88ཟིན་པ་དེ་དུས་མཚུངས་ལས་10.6%འཕར་ཡོད། དེའི་ནང་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་འཕྲོད་བསྟེན་བདེ་ཐང་དང་། ཞིང་ནགས་ཆུ་གསུམ་གྱི་ལས་དོན། འགྲིམ་འགྲུལ་སྐྱེལ་འདྲེན། སློབ་གསོ། ཚན་རིག་ལག་རྩལ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྡོད་ཁང་འགན་སྲུང་སོགས་དམངས་འཚོའི་འབྲེལ་ཡོད་འགྲོ་སོང་ཁག་བདུན་བསྡོམས་ན་སྒོར་དུང་ཕྱུར་1409.33ཟིན་པ་དང་། དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་གི་64.6%ཟིན་ཡོད།