དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བརྡ་ཁྱབ་གསར་པ། ནད་གཞི་གཏན་འཁེལ་བའི་ནད་དཔེ་5974ཐོན་འདུག

སྤེལ་དུས 2020-01-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
        ཟླ་1ཚེས་28ཉིན་གྱི་ཆུ་ཚོད་0ནས་24བར། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གི་སྙན་ཞུའི་ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་1459མང་དུ་ཕྱིན་པ་དང་། ནད་གཞི་ཚབས་ཆེན་དུ་གྱུར་པའི་ནད་དཔེ་263མང་དུ་ཕྱིན་པ། གྲོངས་པའི་ནད་དཔེ་26(ཧུའུ་པེ་ཞིང་ཆེན་གྱི་ནད་དཔེ་25དང་ཧོ་ནན་ཞིང་ཆེན་གྱི་ནད་དཔེ་1)མང་དུ་ཕྱིན་པ། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་43མང་དུ་ཕྱིན་པ། ནད་གཞི་ཕོག་པའི་དོགས་པ་ཡོད་པའི་ནད་དཔེ་3248(བོད་ཀྱི་ནད་དཔེ་1ཚུད་པ)མང་དུ་ཕྱིན་ཡོད།   
        ཟླ་1ཚེས་28ཉིན་གྱི་ཆུ་ཚོད་24བར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གིས་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་5974ཡོད་པ་དང་། ད་ཆ་ནད་གཞི་ལྕི་པོར་གྱུར་པའི་ནད་དཔེ་1239ཡོད་པ། གྲོངས་པའི་ནད་དཔེ་132ཡོད་པ། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་103བཅས་ཡོད་པ་དང་། ད་ལྟ་ནད་གཞི་ཕོག་པའི་དོགས་པ་ཡོད་པའི་ནད་དཔེ་9239ཡོད་པའི་རིམ་རྩིས་སྙན་ཞུ་ཕུལ་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།