དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རིམས་ནད་ལས་རྣམ་པར་རྒྱལ་བའི་དྲང་ནུས་ཆེན་པོ་གཅིག་ཏུ་བསྒྲིལ་བ།

སྤེལ་དུས 2020-02-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— བོད་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་བྱས་པའི་རིམ་སྤེལ་འཕྲིན་སྤེལ་ལྔ་པ།
          ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། བོད་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་འགོག་སྲུང་བྱས་ནས་རིམས་ནད་འགོག་སྲུང་གི་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་དང་རྒྱ་ཆེའི་གསར་འགྱུར་སྨྱན་སྦྱོར་གྱིས་དུས་ཐོག་ཏུ་སྤེལ་གཏོང་དང་དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། རིམས་ནད་འགོག་རྒོལ་གྱི་གཏམ་རྒྱུད་ཡག་པོ་གླེང་བ། བྱེད་ཤུགས་ཆེ་བ་དང་། གཏིང་ཟབ་པ། ཆུ་ཚད་ལྡན་པ་བཅས་ཀྱི་དྲིལ་བསྒྲགས་བྱ་ཐབས་སྤྱོད་པ་བཅས་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་དྲང་ནུས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
          འཕྲིན་སྤེལ་བྱེད་ཤུགས་ཆེ་བ། དུད་ཁྱིམ་ཚང་མར་དྲིལ་བསྒྲགས་བྱས་ཏེ་མི་ཀུན་གྱིས་སྔོན་འགོག་ཚོད་འཛིན་ཐུབ་པ་བྱས་པ།
          རིམས་ནད་ཐོན་ཚུན། བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་དང་། དང་བླངས་པ། ཏང་ཡོན་སོགས་ཀྱིས་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། སྒོ་རྩར་དྲིལ་བསྒྲགས་བྱེད་པ། རྒྱང་བསྒྲགས་གཏོང་བ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་མགྱོགས་མྱུར་དང་དུས་ཐོག་ཏུ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་བཏང་ཡོད།
          ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིམ་ཁག་ཏང་རྩ་འཛུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་སྔ་རྗེས་སུ་བཙུགས་ཏེ་གཞི་རིམ་དུ་རིམས་འགོག་བྱེད་སྐབས“དྲིལ་བསྒྲགས་དང་། ཁྲིད་སྟོན། གྲལ་བཤེར། འདྲི་རྩད”བཅས་ཀྱི་འགན་འཁྲི་ལྕི་པོ་འཁུར་བ་དང་། གཞི་རིམ་གྱི་འཐབ་ས་དང་པོའི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ངལ་གསོའི་ཉིན་མོ་དང་། ནང་མི་མཉམ་འཛོམས། ཉེན་ཁ་བཅས་ལ་མི་བལྟོས་པར“ཁ་གཏད་གཅོག་མཁན”དང“སྲུང་སྐྱོང་མཁན”བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དང་དོ་ཁུར་བྱེད་ཡུལ་ལ་དམིགས་ནས་དུས་ཐོག་ཏུ་ལན་འདེབས་དོགས་སེལ་བྱས་ཏེ་དངངས་འཚབ་བསལ་ཡོད།
          གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གིས་སྲིད་འཛིན་གྲོང་ཚོ་ཁག་གི“གྲོང་ཚོ་ཚང་མར་དྲིལ་བསྒྲགས”བྱེད་པའི་ཐབས་ལམ་སྤྱད་དེ་དུས་བཀག་དང་རེས་མོས་ཀྱིས་དྲིལ་བསྒྲགས་རྒྱང་བསྒྲགས་བཏང་བ་དང་ཆབས་ཅིག་སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་བཏང་ནས་ཉིན་རེའི་དུས་ཚོད་ངེས་གཏན་དུ་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་རླུང་འཕྲིན་ཐོག་ནས་དྲིལ་བསྒྲགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་དང་རིམས་ནད་ཀྱི་གནས་ཚུལ་མང་ཚོགས་ཚང་མས་ཤེས་པར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་ཆེ་རུ་བརྟན་དུ་བཏང་ཡོད།
          ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུས་ཏང་ཡོན་དང་བླངས་པའི་ཞབས་ཞུ་རུ་ཁག་བཙུགས་ཏེ་གཞི་རིམ་དུ་བསྐྱོད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་དུས་བབ་དང་། སྲིད་ཇུས། འགོག་སྲུང་ཤེས་བྱ་བཅས་དྲིལ་བསྒྲགས་བྱས་པ་དང་།
          མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་མཉམ་དུ་བསྐྲུན་ནས་བྱ་སྤྱོད་ངོ་མའི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཁུར་ཡོད།
          “དྲིལ་བསྒྲགས་པས་སྒོ་རྩར་དྲིལ་བསྒྲགས་བྱས་པ་བརྒྱུད། ཏོག་གསར་གློ་ཚད་རིམས་ནད་མཆེད་པ་དང་འགོག་སྲུང་སོགས་ཀྱི་ཐད་ང་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་། ངས་ནང་མིར་བླང་བྱ་གཞིར་བཟུང་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཕྱིར་ཉུང་ཙམ་སྐྱོད་དགོས་པའི་ཁ་ཏ་བྱེད་ཀྱི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་གྲོང་མི་སྲི་ཆོས་བཀྲ་ཤིས་ཀྱིས་བརྗོད།
          འཕྲིན་སྤེལ་དེ་བས་གཏིང་ཟབ་པ། སྨྱན་སྦྱོར་ཚན་པས་དུས་ཐོག་ཏུ་ཆ་འཕྲིན་སྤེལ་ནས་གདེང་ཚོད་བརྟན་དུ་དང་ངར་ཤུགས་འཕེལ་བར་བྱས་པ།
          “ད་ཐེངས་ང་རང་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པར་བཅར་འདྲི་བྱེད་པར་ཕྱིན་པ་ཡིན། དེའི་སྐོར་ནང་མིར་ཤོད་ནུས་མ་བྱུང”
          “ང་རང་བཅར་འདྲི་བྱེད་པར་མ་བསྐྱོད་གོང་བསམ་བློ་མང་པོ་གཏོང་ཁོམ་མ་བྱུང་། ཡིན་ནའང་སྨན་དོན་མི་སྣའི་དུག་སེལ་འགོག་སྲུང་གི་ཕན་འབྲས་ལ་ཡིད་ཆེས་ཡོད”
          “ནད་ཁུལ་དུ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པར་བཅར་འདྲི་བྱེད་པར་བསྐྱོད་དོན་ནི་དེའི་སྐོར་གྱི་གནས་ཚུལ་ཚང་མས་མགྱོགས་མྱུར་ཤེས་ཐུབ་པའི་ཆེད་དུ་ཡིན། དེའི་ནང་སྨན་དོན་མི་སྣས་སྤྱད་པའི་སྨན་བཅོས་སྲོག་སྐྱོབ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཚུད་ཡོད”ཅེས་ཀྲུང་གོ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་བཅར་འདྲི་པུའི་ཀྲུའུ་རེན་ཀྲའོ་ཡན་གྱིས་བརྗོད་པ་དང་། ཁོང་གི་སྐད་ཆ་ལས་ཉེ་འགྲམ་གྱི་གསར་འགོད་པ་མང་པོ་ཞིག་ལ་སེམས་འགུལ་ཐེབས་ཡོད།
          ཁོ་མོ་འཕྲལ་དུ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་བཅར་འདྲི་བྱེད་པར་བསྐྱོད་པ་དང་། འགོག་སྲུང་གྱོན་ཆས་གོན་པའི་ཁོ་མོས་འཐབ་ས་དང་པོའི་སྨན་དོན་མི་སྣར་མྱོང་ཚོར་དེ་བས་ཟབ་མོ་བྱུང་ཡོད།
          “སྨན་དོན་མི་སྣ་དངོས་འབྲེལ་དཀའ་ལས་ཁག་པོ་འདུག འགོག་སྲུང་གྱོན་ཆས་ཆུ་ཚོད་མང་པོ་བསྟུད་མར་གྱོན་ནས་སྡོད་དགོས་ཀྱི་འདུག་དེ་ནི་སྤྱིར་བཏང་གི་མི་ཡིས་རྒྱུན་འཁྱོངས་བྱེད་ཐབས་བྲལ། འཐབ་ས་དང་པོའི་ལས་དོན་མི་སྣ་མང་པོ་ཞིག་གིས་ནང་མིར་མ་བཤད་པར་ད་ཐེངས་ཀྱི་ལས་ཀའི་ནང་ཞུགས་ཡོད། བཅར་འདྲི་བྱེད་སྐབས་མིང་ཆ་ཚང་འབྲི་རུ་འཇུག་གི་མི་འདུག་རྒྱུ་མཚན་ནི་ནང་མིས་ཤེས་ཡོང་སྙམ་གྱི་ཡོད”ཅེས་བརྗོད།
          ཀྲའོ་ཡན་དང་འདྲ་བར་བོད་དུ་བཅའ་སྡོད་ཀྲུང་དབྱང་གི་སྨྱན་སྦྱོར་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་དང་ཆུས་བཅས་ཀྱི་སྨྱན་སྦྱོར་གསར་འགོད་པ་མང་དག་གཅིག་ད་ཐེངས་ཀྱི་རིམས་ནད་འགོག་རྒོལ་གྱི་གསར་འགྱུར་གྱི་འཐབ་སར་འབད་འཐབ་བྱེད་བཞིན་ཡོད་པ་དང་། མཉམ་འདྲེས་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་ཐོན་རྫས་དེ་བས་མང་བར་བརྟེན་ནས་རིམས་ནད་ཀྱི་གནས་ཚུལ་གཏོང་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་རྒྱག་རིང་གི་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་མི་སེམས་འགུལ་བའི་གཏམ་རྒྱུད་མངོན་པར་བྱས་ཡོད།
          ཁུངས་བཙན་སྨྱན་སྦྱོར་གྱི་འཕྲིན་སྤེལ་ལས་དམངས་སེམས་དེ་བས་བདེ་བར་འཁོད།
          འཕྲིན་སྤེལ་དེ་བས་ཆུ་ཚད་ལྡན་པ། གཞི་རིམ་གྱིས་ནུས་པ་འདོན་སྤེལ་བྱས་ཏེ་དམངས་སེམས་བདེ་བ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།
          “དཀའ་སྡུག་ག་ཚོད་ཆེ་ཡང་རང་འགན་གཙང་སྒྲུབ་ཀྱིས་མི་སེར་སྲུང་སྐྱོང་བྱེད་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་མདུན་ཕྱོགས་སུ་བཀོད་འདོམས་བྱེད་དགོས”ཅེས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་ནོར་ཁྱུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་ཆུང་གིས་བརྗོད།
          ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་འཁྲུངས་ཁང་གྲོང་ཚོར“ཏང་ཡོན་གདོང་ལེན”རུ་ཁག་དུས་རྟག་ཏུ་གྲོང་ཚོའི་འགྲོ་ལམ་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོས་ཡང་ན་ཞིབ་བཤེར་དང་། ཡང་ན་དྲིལ་བསྒྲགས། ཡང་ན་ཐོ་འགོད་སོགས་བྱེད་ཀྱི་ཡོད། འཁྲུངས་ཁང་གྲོང་ཚོར་བཅའ་སྡོད་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་ཀྲེན་ཕིང་གིས་བཅར་འདྲི་དང་ལེན་བྱེད་སྐབས“རིམས་ནད་ནི་བཀའ་རྒྱ་ཡིན་པས། ང་ཚོ་ཏང་ཡོན་གྱིས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ་རང་འགུལ་ངང་དམག་འཐབ་ནང་ཞུགས་པ་དང་མདུན་ཕྱོགས་སུ་བཀོད་འདོམས་བྱེད་དགོས”ཞེས་བརྗོད།
          ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་སྡེ་ཁུལ་གྱི་དྲིལ་བསྒྲགས་ཨུ་ཡོན་ཉི་མ་ཚེ་རིང་གིས་ལོགས་སུ་བཞག་པའི་གྲོང་མི་ཁ་ཤས་ཕྱིར་དོན་མི་ཆོག་པས་དང་ཐོག་སེམས་མི་སྐྱིད་པ་བྱེད་ཀྱི་འདུག དེར་བརྟེན་སྡེ་ཁུལ་གྱིས་མི་25ལས་གྲུབ་པའི་དང་བླངས་པའི་རུ་ཁག་བཙུགས་ནས་ཉིན་ལྟར་སྔོ་ཚལ་དང་ཤིང་འབྲས་སོས་པ་ཉོས་ཏེ་ཁོང་ཚོའི་ཁྱིམ་དུ་བསྐྱལ་ནས་ཁོང་ཚོའི་འཚོ་བའི་དངོས་ཟོག་འདང་ངེས་ཡོང་བའི་འགན་ལེན་བྱས་པས། ག་ལེར་ཁོང་ཚོས་ལོགས་སུ་འཇོག་པའི་ལས་དོན་དང་ལེན་བྱས་པ་དང་ཆབས་ཅིག་གཞོགས་འདེགས་བྱེད་ཀྱི་འདུག་ཅེས་ངོ་སྤྲོད་བྱས་བྱུང་།
          “ལས་གནས་བརྟན་སྲུང་བྱེད་མཁན་ལས་རིགས་ཁག་གི་ལས་བྱེད་པ་མཐོང་རིམ་བཞིན་ང་ཚོ་བློ་བདེ་པོ་འདུག”ཅེས་ལྷ་ས་གྲོང་ཁྱེར་གླིང་ཕྲན་གཉིས་སྡེ་ཁུལ་གྱི་གྲོང་མི་དབྱངས་ཅན་སྒྲོལ་དཀར་གྱིས་བརྗོད་པ་དང་། ཁོང་གི་སེམས་གཏིང་གི་སྐད་ཆ་ལས་མང་ཚོགས་ཀྱིས་ལས་བྱེད་པའི་སྤྱོད་ཚུལ་ལ་བསྔགས་བརྗོད་བྱེད་ལུགས་མཚོན་པ་མ་ཟད། ད་དུང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གི་ཀུན་སེམས་གཅིག་སྒྲིལ་དང་གནས་སྐབས་ཀྱི་དཀའ་ངལ་མཉམ་དུ་ཁྱད་བསད་བྱེད་པའི་བློ་སྟོབས་དང་སྟོབས་ཤུགས་ཀྱང་མཚོན་ཡོད།
          རིམས་ནད་ལས་རྣམ་པར་རྒྱལ་ནས་དུས་བབ་བཟང་པོ་འཆར་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།