དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གོམ་སྟབས་རྗེས་མར་བོད་དུ་རིམས་འགོག་ལས་དོན་ཇི་ལྟར་སྤེལ་དགོས་སམ།

སྤེལ་དུས 2020-02-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

ཚོགས་ར།    
         ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་དང་པེ་ཅིང་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 《ཏོག་གསར་གློ་ཚད་རིམས་ནད་ལ་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་འགན་ལེན་ཏན་ཏིག་བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་བསམ་འཆར》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕེལ་རིམ་གནས་ཚུལ་ཉན་པ་དང་འབྲེལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པར་སྔར་བས་བཀོད་སྒྲིག་བྱས་པ་རེད།
         རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཝུའུ་དབྱིང་ཅེས་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་ལ་སེམས་ཁྲལ་སེལ་རོགས་དང་ཏང་ལ་འགན་འཁུར་བ་དང་། རྒྱལ་ཡོངས་བསམ་ཇུས་གཅིག་ཡོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་མཐོ་ཚད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཏན་ཏིག་ཆུད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་བ། “གདེང་ཚོད་བརྟན་དུ་གཏོང་བ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན”བཅས་ཀྱི་སྤྱིའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར། དམག་འཐབ་བསྟུད་མར་རྒྱག་པའི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ། ཕྱིར་ལོག་མཁན་ཚོའི་འགྱུར་ལྡོག་འགྲོ་ཚུལ་ལ་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་བརྡར་ཤ་གཅོད་པ། བོད་དུ་ཡོང་མཁན་མི་སྣར་རིམས་ནད་ལྟ་ཞིབ་དང་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་གནད་སྨིན་ངང་ཡག་པོ་སྒྲུབ་པ། མཉམ་དུ་སྔོན་འགོག་ཚོད་འཛིན་དང་། མང་པོས་སྔོན་འགོག་དང་ཚོད་འཛིན། ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ། རིམས་ནད་ཁྱབ་ཚུལ་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་འཐོབ་པར་བོད་ཀྱི་ལེགས་སྐྱེས་འབུལ་དགོས། མིག་སྔར་བོད་དུ་ལོག་མཁན་མང་བའི་དུས་དང་ཏག་ཏག་འཁེལ་བའི་ཁར། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས། མི་སྣ་འགྲོ་འོང་ཆེ་བ་དང་། རིམས་ནད་ཁྱབ་པའི་ཉེན་ཁ་ཆེ་བ་དང་སྔོན་འགོག་ཚོད་འཛིན་བྱེད་དཀའ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་བ་བཅས་ཡོད་པས། ལྷོད་གཡེང་གཏན་ནས་གཏང་མི་རུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ངོས་འཛིན་མཐོ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར། “བོད་སྐྱོད་པ་རྒན་གྲས”དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་དགོས།
         ཝུའུ་དབྱིང་ཅེས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ཇི་ཙམ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་འགག་རྩའི་སྐབས་དེ་ཙམ་གྱིས་ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་བྱེད་པ་མཐའ་འཁྱོངས་བྱེད་དགོས་པ་སྟེ།
         གཅིག་ནས། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་མི་འདང་བའི་ཆ་གསབ་དགོས།
         གཉིས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་ལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།
         གསུམ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་བཅའ་ཁྲིམས་ཀྱི་ཞབས་འདེགས་ལ་ཤུགས་སྣོན་རྒྱག་དགོས།
         ཝུའུ་དབྱིང་ཅེས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། རྒྱུན་གཏན་གྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བྱེད་པ་ནི་རིམས་ནད་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་གཅོག་པའི་འགན་ལེན་གལ་ཆེན་ཞིག་རེད།
         གཅིག་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།
         གཉིས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་དགོས།
         གསུམ་ནས། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་རྒྱག་དགོས།
         བཞི་ནས། སྒྲིག་འཛུགས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་དགོས།
         ལྔ་ནས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས།
         དྲུག་ནས། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་དགོས།
         བདུན་ནས། འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས།
         བརྒྱད་ནས། དཔྱིད་རྨོད་དཔྱིད་འདེབས་ལས་དོན་ཡག་པོ་སྒྲུབ་དགོས།
         དགུ་ནས། ནད་ཡམས་ཚོད་འཛིན་གྱི་མ་ལག་སྐྲུན་པར་ཤུགས་རྒྱག་དགོས།
         ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། བོད་ཀྱི་ལོ་གསར་སྐབས་མང་ཚོགས་ཕན་ཚུན་ཕྱེ་མར་རྒྱུག་པར་འགྲོ་སྲོལ་ཡོད་པར་དམིགས་ནས། མང་ཚོགས་ལ་ལོ་གསར་གཏོང་སྟངས་འགྱུར་ལྡོག་བཏང་ནས་གཞན་གྱི་ཁྱིམ་         དུ་མི་སྐྱོད་པ་དང་། འདུ་འཛོམས་མི་བྱེད་པ། གསོལ་སྟོན་ལ་མི་ཞུགས་པ།  རང་གི་ཁྱིམ་དུ་ལོ་གསར་གཏོང་བ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས། ལས་ཁུངས་ཀྱི་ལས་བྱེད་པས་ཁོངས་གཏོགས་ས་ཆའི་དོ་དམ་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་སྦྲགས། རང་འགུལ་ངང་ཚ་བ་ལྟ་བ་སོགས་ཀྱི་ལས་ཀ་དང་ལེན་བྱེད་དགོས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལ་མཐོང་ཆེན་བྱས་ཏེ་ཕྱི་མིར་ཕྱོགས་རིས་མེད་པ་དང་ལྟ་སྟངས་གཅིག་མཚུངས་བཟུང་སྟེ་བྱ་སྤྱོད་ངོ་མར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་ཡིན་པའི་བརྩེ་བ་མངོན་པར་བྱེད་དགོས་ཏེ།
         གཅིག་ནས། གླེང་ཕྱོགས་ཁྲིད་སྟོན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
         གཉིས་ནས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས།
         གསུམ་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།
རྩོམ་སྒྲིག་པ།སྣང་རྡོར།