དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རིམས་ནད་འགོག་སྲུང་ཚོད་འཛིན་གྱི་གཡུལ་ས་རུ། ལོ་རབས་90པའི་ནང་གི་མི་ཚོ་ངར་བ་རེད།

སྤེལ་དུས 2020-02-14 ཡོང་ཁུངས། བོད་ལྗོངས་མྱུར་འཚོལ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན། ཀྲུང་ནན་སློབ་ཆེན་ཤང་ཡ་སྨན་ཁང་གཉིས་པའི་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་སྨན་གཡོག་ཀྲོའུ་ཅེ་ནན(གཡས།)གྱིས་ཝུའུ་ཧན་དུ་རང་ལོ་29ལ་སླེབས་པའི་སྐྱེས་སྐར་བཏང་བ་རེད། བྲེལ་འཚུབ་ཆེ་བའི་ལས་ཀའི་བར་གསེང་དུ་ཁོང་གིས་ཉིན་དེར་སྐྱེས་སྐར་གཏོང་མཁན་ལས་རོགས་ཙེང་ཡན་དང་མཉམ་དུ་སྟབས་བདེའི་ཐུག་པ་འཐུང་ནས་སྐྱེས་སྐར་ལ་རྟེན་འབྲེལ་ཞུས།
          ཧོ་ནན་ཞིང་ཆེན་ཐད་གཏོགས་མི་དམངས་སྨན་ཁང་གསུམ་པའི་ལིའུ་ཀོང་ཡོན(གཡས།)དང་ཆའོ་པིན་ནི་ལོ་རབས་90པའི་ནང་སྐྱེས་པའི་དགའ་རོགས་ཆ་གཅིག་ཡིན་པ་དང་།  མཉམ་དུ་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ནང་ཞུགས་རྒྱུའི་མིང་ཐོ་བཀོད། ཟླ་2ཚེས་2ཉིན། སྨན་བཅོས་རུ་ཁག་ལམ་ལ་མ་ཆས་གོང་། ཁོང་གཉིས་མཉམ་དུ་འཐམས་ནས་ཕན་ཚུན་ལ་སྐུལ་མ་དང་ངར་ཤུགས་བསྩལ།
          ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཡན་དབྱང་ཆུས་མི་དམངས་སྨན་ཁང་འགོ་ནད་ཚན་ཁག་གི་ལོ་ན་28ལ་སླེབས་པའི་ནད་གཡོག་ཅའོ་ཅའོ་ནི་ལོགས་སུ་བཀར་ནས་བསྡད་ཡོད་པ་དང་། སྐབས་འགར་ད་གཟོད་ལོ་གསུམ་ལ་སླེབས་པའི་རང་གི་བུ་མོ་དང་བརྙན་ལམ་ནས་ཁ་བརྡ་བྱེད་ཐུབ་ཀྱི་ཡོད། པར་འདི་ནི་ཅའོ་ཅའོ་(གཡོན།)དང་ལས་གྲོགས་གཉིས་ཀྱིས་“གཅེས་ཕྲུག ཨ་མས་ཁྱོད་དྲན་བཞིན་ཡོད།”ཅེས་བྲིས་པའི་ཤོག་བྱང་ཤེལ་སྒོའི་སྟེང་དུ་སྦྱར་བའི་རྣམ་པ་རེད།
          ཟླ་2ཚེས་12ཉིན། ཡུན་ནན་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་སྨན་བཅོས་རུ་ཁག་དེ་ཁུན་མིང་དུ་འཛོམས་ནས། སྨན་བཅོས་མི་སྣ་355རིམས་ནད་ཀྱི་གཡུལ་ས་དངོས་ལ་ཞུགས་པ་རེད། པར་འདི་ནི་ཡུན་ནན་ཞིང་ཆེན་མི་དམངས་སྨན་ཁང་དང་པོའི་ལོ་རབས་90པའི་ནང་སྐྱེས་པའི་སྨན་བཅོས་མི་སྣ་འགས་རང་ཉིད་ལ་སྐུལ་མ་དང་ངར་ཤུགས་སྩོལ་བའི་རྣམ་པ་རེད།
          ཀྲུང་ཧྲན་སློབ་ཆེན་སུན་དབྱི་ཤན་དྲན་གསོའི་སྨན་ཁང་གི་དབུགས་ལམ་ཁོག་ནད་ཚན་ཁག་གཉིས་པའི་ལོ་རབས་90པའི་ནང་སྐྱེས་པའི་ནད་གཡོག་ཡོན་ཧན་ཀྲེན་ནི་ལས་རོགས་དང་མཉམ་དུ་ཝུའུ་ཧན་གྲོང་ཁྱེར་ཧན་ཁོའུ་སྨན་ཁང་དུ་བསྐྱོད་དེ། ནད་སྐྱོབ་སྨན་བཅོས་ཀྱི་གཡུལ་ས་བརྟན་སྲུང་བྱས་པ་རེད། པར་འདི་ནི་ཡོན་ཧན་ཀྲིན་གྱིས་ནད་པར་སྨན་ཆུ་རྒྱག་བཞིན་པའི་རྣམ་པ་རེད།
          ཁྲུང་ཆིང་གྲོང་ཁྱེར་ཁྲང་ཧྲོའུ་ཆུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལོ་རབས་90པའི་ནང་གི་བུད་མེད་ཞིབ་དཔྱད་པ་ཝུན་ཞན་ཞན་(གཡོན།)དང་དབྱང་ཧན་གྱིས་ནད་དུག་དང་བར་ཐག་མེད་པར་ཏོག་དབྱིབས་ནད་དུག་གསར་པ་PCRཞིབ་དཔྱད་ཚད་ལེན་ཁང་དུ་མུ་མཐུད་བརྟག་དཔྱད་བྱས་ནས། ནད་པའི་བརྟག་དཔྱད་དང་སྨན་བཅོས་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་པ་རེད། པར་འདི་ནི་ཞིབ་དཔྱད་པ་གཉིས་ཀྱིས་བརྟག་དཔྱད་མཇུག་འབྲས་ལེན་པའི་རྣམ་པ་རེད། 
 
          དྲག་ཆས་ཉེན་རྟོག་ཧུའུ་པེ་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་འཕྲོད་བསྟེན་རིམས་འགོག་ཚན་ཁག་གི་ལོ་རབས་90པའི་ནང་སྐྱེས་པའི་ནད་གཡོག་ཤའོ་རུའེ་ཡིས་རིམས་འགོག་གཡུལ་ས་རུ་ཉིན་20ལྷག་ཙམ་བརྟན་སྲུང་བྱས། པར་འདི་ནི་ཉིན་གང་བྲེལ་འཚུབ་ཆེ་བའི་ཤའོ་རུའེ་ནད་ཁང་ནས་བུད་དེ་ལོགས་བཀར་གྱོན་ཆས་ཕུད་ཅིང་། སྲན་རྡོག་ལྟར་ཆེ་བའི་རྔུལ་ཆུ་ཞྭ་མོའི་སྟེང་ཡོངས་སུ་ཁེབས་པ་དང་དཔྲལ་བའི་སྟེང་གི་ཞྭ་མོའི་བསྡམས་ཤུལ་གསལ་པོར་མངོན་པའི་རྣམ་པ་རེད།
          1991ལོར་སྐྱེས་པའི་ཤེ་ལིང་ནི་ཧྥུ་ཅན་ཞིང་ཆེན་ཅང་ལེ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལས་དོན་མི་སྣ་ཞིག་ཡིན་པ་དང་། མོས་རང་འགུལ་ངང་རིམས་འགོག་གཡུལ་སར་ཞུགས་པར་རེ་ཞུ་བྱས་ཏེ། ཛ་དྲག་གི་རིམས་འགོག་ལས་དོན་ནང་ཞུགས་པ་རེད། ཟླ་དང་པོའི་ཚེས་བདུན་ཉིན། མོའི་སྤོ་བོ་ཚེ་ལས་འདས་པ་དང་།  མོ་རང་ཁྱིམ་དུ་ཆུ་ཚོད་གཅིག་ཙམ་ལོག་རྗེས་སླར་ཡང་ལས་གནས་སུ་ཕྱིར་ལོག པར་འདི་ནི་ཤེ་ལིང་གིས་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁར་རླངས་འཁོར་ཐོ་འགོད་བྱེད་པའི་རྣམ་པ་རེད།
          སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་ཆིང་དབྱང་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དབྱང་ཐུང་ནི་ད་ལོ་ལོ་ན་28ལ་སླེབས་ཡོད་པ་དང་། གཉེན་སྒྲིག་བྱས་ནས་ཡུན་རིང་མ་སོང་བའི་ཁོང་རིམས་འགོག་གཡུལ་སར་བསྐྱོད་དེ་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ས་ཚིགས་སུ་ལས་ཀ་བྱས། ཉིན་ལྟར་ཆ་སྙོམས་རླངས་འཁོར་1000ལྷག་ཙམ་ལ་ཞིབ་བཤེར་དང་མི་2600ལྷག་ཙམ་གྱི་ལུས་དྲོད་ཚད་འཇལ་བྱེད་ཀྱིན་ཡོད། པར་འདི་ནི་ཟླ་2ཚེས་12ཉིན་དབྱང་ཐུང་གིས་ལས་གནས་ཐོག་ཤོད་ཆས་སྤྱད་དེ་ལས་རོགས་དང་འབྲེལ་གཏུག་བྱེད་པའི་རྣམ་པ་རེད།
          【མྱུར་དཔྱད】ལོ་རབས་90པའི་ནང་གི་མི་ཚོ་ངར་བ་རེད།  
          “དཔེ་མཚོན་མིན་པའི་གློ་བའི་ཚ་ནད་ཐོན་སྐབས་ཚང་མས་ང་ཚོའི་ལོ་རབས་དགུ་བཅུ་བའི་ནང་གི་མི་ཚོར་སྲུང་སྐྱོབ་བྱས་པ་རེད།  ལོ་ངོ་17རྗེས་སུ་ང་ཚོ་ལོ་རབས་90པའི་མིས་ཚང་མར་སྲུང་སྐྱོང་བྱ་དགོས།”ཞེས་རིམས་འགོག་གཡུལ་ས་རུ་འབད་འཐབ་བྱེད་པའི་ལོ་རབས་90ནང་སྐྱེས་པའི་ནད་གཡོག་གིས་བཤད་པའི་སྐད་ཆ་དེ་བརྒྱུད་བསྐུར་མང་པོ་བྱེད་པ་དང་ཚང་མས་བསྔགས་བརྗོད་བྱེད་བཞིན་ཡོད། 
          ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་འདིའི་རྒྱབ་རོལ་ཏུ།  ལོ་རབས་90པའི་ནང་སྐྱེས་པའི་མི་ཚོས་དཔའ་ངར་ཆེར་བསྐྱེད་དང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཡུལ་སར་བསྐྱོད་དེ་རིམས་འགོག་འཐབ་རྩོད་འདིའི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་པ་མཐོང་ཐུབ་ལ། ཧྥུ་ཏན་སློབ་ཆེན་གྱི་ཞོར་གཏོགས་ཀྲུང་ཧྲན་སྨན་ཁང་གི་ཐེངས་བཞི་པར་ཝུའུ་ཧན་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་གི་རུ་མི་136གི་ནང་དུ་ལོ་རབས་90པའི་ནང་གི་མི་ཕྱེད་ཀ་ཙམ་ཟིན་ཡོད།
          རྒྱབ་རྟེན་བརྟན་པོར་བཟོས་པའི་ལས་རིགས་ཁག་གི་ཁྲོད་དུ།  ལོ་རབས་90པའི་ནང་གི་མིའི་སྣང་བརྙན་གང་སར་མཐོང་ཐུབ། ལ་ལས་བྲེལ་མྱུར་ངང་ལས་ཀ་སླར་གསོ་བྱས་ནས་དངོས་ཟོག་ཐོན་སྐྱེད་དང་མཁོ་སྤྲོད་འགན་ལེན་བྱེད་པ་དང་། ལ་ལས་སྡེ་ཁུལ་གྱི་འགོག་སྲུང་འཛིང་རགས་ལེགས་པོར་སྲུང་བ། ལ་ལས་དང་བླངས་ཞབས་ཞུ་མཁོ་འདོན་བྱེད་པ། སྒེར་སེམས་མེད་པའི་སྒོ་ནས་གཅེས་སེམས་ཀྱི་ལེགས་སྐྱེས་འབུལ་བ་སོགས་བྱས་ཏེ། ཁོ་ཚོས་རང་གི་ལས་གནས་ལ་གཅེས་ཤིང་བཀུར་བའི་རྣམ་པའི་ཐོག་ནས་སོ་སོའི་འཚར་ལོངས་བརྒྱུད་རིམ་བརྗོད་པ་དང་། དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རང་གི་འགན་འཁྲིའི་འདུ་ཤེས་མངོན་པར་མཚོན་ཡོད།
          རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད། ལོ་རབས་90པའི་ནང་གི་མི་ཚོས་རང་གི་ལག་ལེན་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ལ་ང་ཚོས་བསྒྲུབ་ཐུབ་ཅེས་བསྒྲགས་སོང་།   མེ་རྫས་ཀྱི་དུ་བ་མེད་པའི་འཐབ་འཛིང་གི་གཡུལ་ས་འདི་རུ། ཁོ་ཚོའི་རྣམ་འགྱུར་ལ་ང་ཚོས་བསྔགས་བརྗོད་བྱེད་འོས།  ལོ་རབས་90པའི་ནང་གི་མི་ཚོ་ངར་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།