དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་སྔོན་ནས་དེ་རིང་ཡང་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཉིས་སངས་དྲག་བྱུང་སྟེ་སྨན་ཁང་ལས་བུད།

སྤེལ་དུས 2020-02-15 ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན། རྩོམ་པ་པོ།
         གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས15ཉིན་གྱི་ཕྱི་དྲོའི་དུས་ཚོད2སྟེང་། རང་ཞིང་ནས་སངས་དྲག་བྱུང་བའི་ནད་པ་གཉིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ནས་ཕྱིར་བུད། འདི་ནི་རང་ཞིང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ་སྐོར་ཐེངས་ལྔ་བ་ཡིན་ཞིང་། རང་ཞིང་ན་ནད་རྟགས་ཐག་བཅད་པའི་ནད་པ18ཡོད་པ་ལས13སྨན་ཁང་ལས་ཕྱིར་བུད་པ་རེད། སྨན་ཁང་ལས་བུད་པའི་ནད་པ་ལ་མཚོན་ན་ད་དུང་ཉིན་བཅུ་བཞིར་ལོགས་བཀར་བྱས་ནས་ལྟ་རྟོག་བྱ་དགོས་པ་དང་། ལོགས་བཀར་བྱས་ཡོད་པའི་བར་སྐབས་སུ་ལུས་དྲོད་ལ་ཉིན་རེར་ཐེངས་གཉིས་རེ་ལ་བརྟག་དགོས།

         ཞིང་ཆེན་རིམ་པའི་ཏོག་གསར་གློ་ཚད་ཀྱི་ནད་བཅོས་ཆེད་མཁས་པའམ་ཞིང་ཆེན་མི་དམངས་སྨན་ཁང་གི་དབུགས་ལམ་དང་ནད་ཉེན་ཚབས་ཅན་གསོ་རིག་ཚན་ཁག་གི་སྨན་པ་འབུམ་རམས་པ་ཀུའུ་ཡུས་ཧེ་ཡིས་བཤད་རྒྱུར།  “ཟླ1པོའི་ཚེས25ཉིན་ནས་ད་ལྟའི་བར་དུ། རང་ཞིང་གི་ཞིང་ཆེན་རིམ་པའི་ཆེད་མཁས་སྨན་པས་སྨན་ཁང་དུ་བསྡད་ཡོད་པའི་ནད་པར་ཐེངས20ལྷག་ལ་སྨན་བཅོས་བྱས་པ་དང་། ནད་ཀྱི་གནས་ཚུལ་ལ་གཞིགས་ནས་མུ་མཐུད་དུ་སྨན་བཅོས་ཀྱི་བྱེད་ཐབས་ལེགས་བསྒྱུར་བྱས། རང་ཞིང་ན་ནད་རྟགས་ཐག་བཅད་པའི་ནད་པ18ཡོད་པ་ལས13སྨན་ཁང་ལས་བུད་པ་དང་ལྷག་མའི་ལྔ་བོ་ད་དུང་སྨན་ཁང་དུ་ནད་བཅོས་བྱེད་བཞིན་ཡོད། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་འོག ཞིང་ཆེན་རིམས་ནད་སྔོན་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གཅིག་གྱུར་གྱི་བཀོད་སྒྲིག་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བླང་བྱ་ལྟར། རང་ཞིང་གི་ད་སྐབས་ཀྱི་ཏོག་གསར་གློ་ཚད་སྨན་བཅོས་བཅོས་སྐྱོབ་ཀྱི་བྱ་བར་གྲུབ་འབྲས་ལེགས་པོ་ལེན་ངེས་ཡིན”ཞེས་ཟེར།
         ཞིང་ཆེན་རིམ་པའི་ཏོག་གསར་གློ་ཚད་ཀྱི་ནད་བཅོས་ཆེད་མཁས་པའམ་ཞིང་ཆེན་མི་དམངས་སྨན་ཁང་གི་ནད་པ་ལྕི་མོའི་ནད་བཅོས་ཚན་ཁག་གི་སྨན་པ་འབུམ་རམས་པ་ཡང་ཀྲིན་ཕིན་གྱིས་བཤད་རྒྱུར།  དེ་རིང་སྨན་ཁང་ལས་བུད་པའི་ནད་པ་གཅིག་ནི་རང་ཞིང་གི་ནད་པ་ལྕི་མོ་ཐོག་མ་ཡིན་ཞིང་།  དང་ཐོག་སྨན་ཁང་དུ་སྡོད་དུས་ནད་གཞི་ཧ་ཅང་ལྕི།  ཡིན་ཡང་ཞིང་ཆེན་རིམ་པའི་ཆེད་མཁས་པས་ཐེངས་དུ་མར་དཔྱད་བཅོས་བྱས་པ་དང་། རྒྱལ་ཁབ་རིམ་པའི་ཆེད་མཁས་པར་འབྲེལ་འདྲིས་བྱས་པ་བརྒྱུད་སྨན་བཅོས་ཐབས་ལམ་ཐེངས་དུ་མར་བརྗེས་ཤིང་། ཉིན16གི་རིང་ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད།  ནད་པ་འདིས་གློ་ཚད་མངོན་སུམ་གྱིས་ཇེ་བཟང་དུ་སོང་། དེ་ཡང་ཐོག་མར་འཕྲུལ་ཆས་ཀྱིས་དབྱང་དབུགས་སྣོན་པ་དང་། དེ་ནས་གདོང་འབག་གིས་དབྱང་དབུགས་སྣོན་པ།  དེ་ནས་སྦུག་གུ་ལས་དབྱང་དབུགས་སྣོན་པ།  མཐར་དབྱང་དབུགས་སྣོན་མི་དགོས་པའི་བར་རིམ་པ་རེ་རེ་བཞིན་དྲག་སྐྱེད་བྱུང་ལ། བརྟག་དཔྱད་མཇུག་འབྲས་གཞན་དག་ཀྱང་སྨན་ཁང་ལས་བུད་ཆོག་པའི་ཚད་གཞིར་ལོངས་ཡོད་ཟེར།
         ཞིང་ཆེན་རིམ་པའི་ཏོག་གསར་གློ་ཚད་ཀྱི་ནད་བཅོས་ཆེད་མཁས་ཚན་ཆུང་གི་ཚན་གཙོའམ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་ཡོན་ཀྲང་ཞིས་ཨེ་ཆིས་ཀྱིས་བཤད་རྒྱུར།  མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བས་ནད་བཅོས་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་།  ཆེད་མཁས་ཚན་ཆུང་གིས་གཏན་ལ་ཕབ་པའི་ནད་བཅོས་ཇུས་གཞི་ལག་བསྟར་བྱས་ཏེ།  ཉིན་རེ་བཞིན་ནད་པའི་གནས་ཚུལ་ལ་རྒྱུས་ལོན་སྒོས་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་པར་མ་ཟད། ནད་པའི་སེམས་ཁམས་སྙོམས་སྒྲིག་དང་འཚོ་བཅུད་ཁ་སྣོན་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་གང་ལེགས་གནང་། རང་ཞིང་གིས་ཏོག་གསར་གློ་ཚད་ནད་བཅོས་བྱ་བའི་ཐད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལྷག་པར་ནད་པ་ལྕི་མོའི་ནད་བཅོས་ཐད་ནས་ཉམས་མྱོང་མང་པོ་བསགས་ཡོད་ཟེར།
རྩོམ་སྒྲིག་པ། སངས་སྐྱབས།