དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བོད་ཀྱི་ལོ་གསར་གྱི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2020-02-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།། རྩོམ་པ་པོ།

          ཟླ་2ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་དང་བོད་ཀྱི་ལོ་གསར་གྱི་ཁྲོམ་རའི་དངོས་ཟོག་མཁོ་སྤྲོད་གནས་ཚུལ་ལ་ཞིབ་བཤེར་གནང་ཞིང་། འདི་ནི་བར་སྐོར་ཚོང་གྲོང་དུ་ཝུའུ་དབྱིང་ཅེས་ཚོང་དུད་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ། 
         ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཁེ་ལས་དང་། ཁྲོམ་ར། ཚོང་ཁང་བཅས་སུ་ཕེབས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་དང་། བོད་ཀྱི་ལོ་གསར་གྱི་ཁྲོམ་རའི་དངོས་ཟོག་མཁོ་སྤྲོད་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་སྦྲགས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ལོ་གསར་གྱི་སྨོན་འདུན་ཡང་ཞུས་ཤིང་། ཁོང་གིས་སྔར་ལས་ལྷག་པའི་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བློ་བརྟན་འགྱུར་མེད་དང་བློ་ཐག་ཆོད་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཐབས་མང་མཉམ་སྤྱོད་ཀྱིས་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་། སྣ་ཁ་ཕུན་སུམ་ཚོགས་པོ། རིན་གོང་བརྟན་པོ་བཅས་ཡོང་བ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་བདེ་འཇགས་དང་དགའ་སྤྲོ་འཆམ་མཐུན་གྱི་བོད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
         ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཡིན་པའི་པད་མ་དབང་འདུས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཡིན་པའི་ལིའུ་ཅང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད། 
         བོད་ལྗོངས་ཐན་ཧྲེང་དུག་སེལ་ཐོན་རྫས་ཚད་ཡོད་ཀུང་སི་ནི་རྒྱལ་ཁབ་ཀྱི་འོས་བབ་ཆོག་མཆན་ཐོབ་པའི་རང་ལྗོངས་ཀྱི་དུག་སེལ་ཐོན་རྫས་ཁེ་ལས་ཤིག་ཡིན་ཞིང་། མིག་སྔར་ཉིན་ལྟར་ནུས་ཤུགས་ཡོད་རྒུ་དང་དུས་ཚོད་དམ་འཛིན་གྱིས་ཅིའུ་ཅིང་དང་། 84དུག་སེལ་གཤེར་ཁུ། ལག་པ་འཁྲུད་མི་དགོས་པའི་དུག་སེལ་གཤེར་ཁུ་སོགས་ཀྱི་ཐོན་རྫས་ཏུན་ཁྲི་3ཙམ་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད། ཝུའུ་དབྱིང་ཅེ་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་ཐོན་སྐྱེད་དང་བྲིན་ཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། ཁེ་ལས་ཀྱིས་ཐོན་སྐྱེད་སླར་གསོ་དང་ལས་མིས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དུག་སེལ་ཐོན་རྫས་སྣ་ཚོགས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་མཁོ་རྫས་ཤིག་ཡིན་པས། ཁེ་ལས་ཀྱིས་ཐོན་སྐྱེད་སྤུས་ཚད་དང་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ཐོན་འབོར་སྔར་བས་མང་དུ་གཏོང་བ་དང་། ཁྲོམ་རར་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་མང་ཚོགས་ཀྱི་རྒྱུན་གཏན་འགོག་སྲུང་གི་དགོས་མཁོ་སྐོང་དགོས་ཞེས་གསུངས་པ་རེད། 
         ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལེགས་པར་བསྒྲུབས་ནས། རིམས་ནད་ཐོན་རིང་མི་སྣ་འགྲོ་རྒྱུག་དང་འདུ་འཛོམས་བྱེད་ཉུང་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་ཕན་ཐད་ཚོང་ས་ཚིགས་དང་སྐོར་སྐྱོད་ཐད་ཚོང་རླངས་འཁོར་157བཀོད་སྒྲིག་བྱས་ནས། མང་ཚོགས་ཚོ་ཐག་ཉེ་ས་དང་སྟབས་བདེ་སར་བོད་ཀྱི་ལོ་གསར་གྱི་ཉེར་མཁོ་དང་འཚོ་བའི་མཁོ་ཆས་སྣ་ཚོགས་ཉོ་བར་སྟབས་བདེ་བསྐྲུན་ཡོད་པ་རེད། 
         ཝུའུ་དབྱིང་ཅེ་སྐབས་བསྟུན་ངང་གྲོང་ཤར་དུ་གནས་པའི་ཐད་ཚོང་ས་ཚིགས་ཤིག་ཏུ་ཕེབས་ནས། འབྲེལ་ཡོད་ཚོང་ཟོག་མཁོ་སྤྲོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། མང་ཚོགས་གཉིས་ཚོང་ཁང་ནང་ལོ་གསར་གྱི་མཁོ་རྫས་ཉོ་བཞིན་ཡོད་པས། ཝུའུ་དབྱིང་ཅེས་ཁོང་ཚོར་རང་འགུལ་ངང་སྲིད་གཞུང་དང་ཁུལ་ཆུང་གི་དོ་དམ་ལ་དང་ལེན་ཞུ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་གཞོགས་འདེགས་བྱས་ནས། ཐག་ཉེ་ས་དང་སྟབས་བདེ་སའམ་ཡང་ན་དྲ་ཐོག་ནས་ལོ་གསར་གྱི་མཁོ་རྫས་ཉོ་དགོས་པའི་བཀའ་མངགས་གནང་བ་དང་སྦྲགས། ཁོང་ཚོར་སྔ་སྣུར་དུ་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད། 
         ཐད་ཚོང་ས་ཚིགས་དང་བར་ཐག་ཉེ་བའི་ཁུལ་ཆུང་ཞིག་གི་སྒོ་འགྲམ་དུ། མང་ཚོགས་ཁ་ཤས་ཀྱིས་ལོ་གསར་གྱི་མཁོ་རྫས་དར་ལྕོག་ཚོང་བཞིན་ཡོད་ཅིང་། ཝུའུ་དབྱིང་ཅེ་ཁོང་ཚོའི་འགྲམ་དུ་ཕེབས་ནས་དར་ལྕོག་བཟོ་སྟངས་དང་། བྲིན་ཚོང་། ཡོང་འབབ་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཆབས་ཅིག ཁུལ་ཆུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་ཚོར་བྱ་ཐབས་ཁག་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱེད་པ་དང་། གཙང་སྦྲའི་གོམས་གཤིས་བཟང་པོ་འཇགས་པ། ཕྱིར་སྐྱོད་སྐབས་ཁ་རས་རྒྱག་པ་དང་ལག་པ་ཡང་སེ་འཁྲུ་བ་བཅས་བྱས་ཏེ། རང་ཉིད་དང་ནང་མིའི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
         བོད་ཀྱི་ལོ་གསར་འཆར་ལ་ཉེ་བ་དང་བསྟུན་ནས། བར་སྐོར་ཚོང་གྲོང་དུ་ཕྱེ་མར་འབོ་དང་། ལོ་གསར་མེ་ཏོག ཁ་ཏོག་སོགས་ལོ་གསར་གྱི་མཁོ་ཆས་མང་པོ་ཡོད་པས། ལོ་གསར་གྱི་རྣམ་པས་ཁེངས་ཡོད་པ་རེད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་རང་འགུལ་ངང་ཚ་བ་བརྟག་དཔྱད་དང་ལེན་གནང་བ་དང་། སྐབས་སྐབས་སུ་ཚོང་དུད་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས། ཚོང་ཟོག་འཐེན་ས་དང་བྲིན་ཁ་རྒྱུག་མིན་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། མིག་སྔར་ཚོང་རའི་ནང་ཉོ་ཚོང་གཉིས་དར་དང་ཟོག་གོང་བརྟན་པོ་ཡོད་པ་མཁྱེན་རྗེས། ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཁོང་གིས་རྒྱ་ཆེའི་ཚོང་དུད་དང་ཉོ་མཁན་རྣམས་ལ་ལོ་གསར་སྤྲོ་པོ་དང་ཚོང་ལས་དར་ཞིང་རྒྱས་པའི་སྨོན་འདུན་ཞུས་པ་རེད། 
         “ཁ་ཟས”སོགས་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོ་བོད་ཀྱི་ལོ་གསར་གཏོང་སྐབས་ཀྱི་མཁོ་རྫས་ཤིག་ཡིན་ཞིང་། འདི་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ལས་ཚོང་པའི་ཐོན་སྐྱེད་གནས་ཚུལ་གང་འདྲ་ཡོད་མེད་དང་། རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་མིན་ཐད་ཝུའུ་དབྱིང་ཅེས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། གླིང་སྐོར་བྱང་ལམ་དུ་གནས་པའི“ཁ་ཟས”འཚོང་ས་མང་པོ་ཞིག་ཏུ་ལས་མི་ཁག་གཅིག་གིས་གྲོ་ཞིབ་བརྗི་བ་དང་། ཁག་གཅིག་གིས་ཁ་ཟས་བཀྲག་པ། ཁག་གཅིག་གིས་ཤོག་སྒམ་ནང་བླུགས་པ་བཅས་ལས་བྲེལ་གྱི་རྣམ་པས་ཁེངས་ཡོད། ཝུའུ་དབྱིང་ཅེས་ཚོང་ཁང་གི་འགན་འཁུར་བ་དང་ལས་མི་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ལས་སྣོན་ཕྱིར་ཚོང་གི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། ཁོང་ཚོར་མི་སྒེར་གྱི་བདེ་ཐང་དང་འགོག་སྲུང་ཡག་པོ་བྱས་ཏེ་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། 
         ཝུའུ་དབྱིང་ཅེས་བརྟག་ཞིབ་གནང་རིང་། “གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན”བཅས་ཀྱི་བླང་བྱར་མུ་མཐུད་ནན་པོ་གཞིགས་ནས། གཙོ་གནད་མངོན་གསལ་དོད་པོ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ་དང་། རིགས་དབྱེ་མཛུབ་ཁྲིད་དང་ཁུལ་དབྱེ་ཇུས་དོན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ལྷོད་གཡེང་བག་གཡེང་དང་དམག་འཐབ་ལ་བསུན་སྣང་བྱེད་པའི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས། རིགས་ཁག་གི་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། ཚོང་ཁང་བཅས་མི་སྣ་འདུ་འཛོམས་ཆེ་ཁུལ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ས་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་སྡེ་ཚན་གྱིས་གནད་སྨིན་ཇུས་འདོན་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན། ནང་ཁུལ་དོ་དམ་ལ་ཤུགས་སྣོན། སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བཅས་བྱས་ཏེ། ཁོར་ཡུག་གཙང་སྦྲ་དང་རྒྱུན་གཏན་དུག་སེལ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས། འཛད་སྤྱོད་པ་དང་གཉེར་སྐྱོང་མཁན་གྱིས་རང་ངོས་སྲུང་སྐྱོང་བྱེད་པའི་སློབ་གསོ་གཏོང་བ་དང་། ཚང་མའི་འགོག་སྲུང་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་ཁྲིད་སྟོན་བྱས་ཏེ། འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མཉམ་འགོག་མཉམ་བཅོས་བྱེད་པའི་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་གཏོད་དགོས། ཚོང་ཟོག་ཡོང་ཁུངས་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་མཁོ་སྤྲོད་འདང་ངེས་དང་། འཁོར་རྒྱུག་གོ་རིམ་ལྡན་པ། ཟོག་གོང་བརྟན་པོ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཁྲོམ་རའི་ཚོང་གཉེར་སྒྲིག་ལམ་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། བཟའ་བཅའི་སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ། དུས་ཆེན་རིང་མང་ཚོགས་ལ་ཟས་རིགས་སྣ་མང་ཕུན་སུམ་ཚོགས་པོ་ཡོང་བ་བཅས་བྱས་ནས། “ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
རྩོམ་སྒྲིག་པ།སྣང་རྡོར།