དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་རིམས་འགོག་ཆེད་ལས་མི་སྣ་3ཧུའུ་པེར་ཆས་པ།

སྤེལ་དུས 2020-02-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་ལས་མི་སྣ་3ཧུའུ་པེ་རུ་རོགས་སྐྱོར་བྱེད་པར་བསྐྱོད་ཞོར་དུ་N95ཡི་ཁ་རས5000ལྷག་ཙམ་འཁྱེར་བ།

         རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབོད་སྐུལ་དང་ལེན་ཞུ་ཆེད།དེ་རིང་སྔ་དྲོའི་ཆུ་ཚོད་9དང་སྐར་མ་50ཡི་ཐོག བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་ལས་མི་སྣ་3གནམ་གྲུར་ཞུགས་ཏེ་ལྷ་ས་ནས་ཝུའུ་ཧན་གྲོང་ཁྱེར་དུ་རིམས་ནད་རིག་པའི་བརྟག་དཔྱད་ལས་དོན་སྤེལ་བར་བསྐྱོད་ཡོད། དེ་དང་ཆབས་ཅིག་ཁོང་ཚོས་ད་དུང་N95ཡི་ཁ་རས་5000དང་། སྨན་སྤྱོད་འགོག་སྲུང་གྱོན་ཆས་ཆ་ཚང་100  སྨན་སྤྱོད་འགོག་སྲུང་མིག་ཤེལ་200  དེ་བཞིན་བོད་སྨན་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་དགོས་མཁོ་ཧ་ཅང་ཆེ་བའི་དངོས་ཟོག་དེ་དག་ཧུའུ་པེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཐབ་ས་མདུན་མར་བསྣམས་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ།རྒྱུན་ལས་ཀྲུའུ་རེན་གཞོན་པ་ཝང་ཧྲོའུ་པི་ཡིས་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་ཟླ་2ཚེས་16ཉིན་གྱི་ཕྱི་དྲོ། བོད་ལྗོངས་ལ་མི་སྣ་མངགས་ནས་ཧུའུ་པེ་ཞིང་ཆེན་དུ་རིམས་ནད་བརྟག་དཔྱད་དང་ཞིབ་བཤེར་བྱེད་པར་བསྐྱོད་དགོས་པའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བརྡ་ཐོ་འབྱོར་རྗེས། འཕྲལ་མར་མི་སྣ་རུབ་བསྡུས་བྱས་ཏེ། རང་མོས་ངང་མིང་ཐོ་འགོད་པའི་རྨང་གཞིའི་ཐོག་ལས་སྒོ་བྱང་ཆུབ་པ་དང་ཏང་གཤིས་བཟང་བ་མ་ཟད།ད་དུང་རིམས་ནད་རིག་པའི་བརྟག་དཔྱད་ཉམས་མྱོང་ལྡན་པའི་ལས་དོན་མི་སྣ་གསུམ་མངགས་ནས་ལས་དོན་ཚོགས་ཆུང་བཙུགས་ཏེ་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་མངགས་ཡོད། དེའི་ནང་ཙུའུ་ཀྲང་ཀུའོ་ལིན་ཧའེ་ནི་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ལྟ་སྐུལ་ཅུད་ནས་ཡིན་པ་དང་། དགུང་ལོ་33ལ་སླེབས་པའི་སུང་ཆི་ཧྥེ་དང་། དགུང་ལོ་27ལ་སླེབས་པའི་པད་མ་འཕྲིན་ལས་ནི་རང་སྐྱོང་ལྗོངས་རིམས་ནད་ཚོད་འཛིན་ལྟེ་གནས་ནས་ཡིན་པ་རེད།

         རྡོག་ཐོན་མ་བྱས་གོང་། ལས་རོགས་ནས་པད་མ་འཕྲིན་ལས་ལ་མངགས་བཅོལ་བྱེད་བཞིན་པ་༼གཡོན་གྱི་དང་པོ་༽
         ཆུ་ཚོད་10ཡང་མ་ཟིན་པའི་གྲ་སྒྲིག་དུས་ཚོད་ནང་། རུ་མི་3གྱིས་བྲེལ་འཚུབ་ངང་ནང་མི་དང་ཞལ་གྱེས་ཏེ། རྡོག་ཆས་བསྡུ་གསོག་བརྒྱབ་ནས་གཡུལ་ས་མདུན་མར་བསྐྱོད་ཡོད། རྡོག་ཐོན་མ་བྱས་གོང་དུ། ཀུའོ་ལིན་ཧའེ་ཡིས། ད་ཐེངས་ཀྱི་ལས་འགན་ཛ་དྲག་པོ་ཡོད། ང་ཚོས་རྒྱལ་ཁབ་ཀྱི་འབོད་སྐུལ་ལ་ཉན་ནས། འཐབ་ས་མདུན་མར་བསྐྱོད་དེ་ཧུའུ་པེ་མི་དམངས་དང་མཉམ་དུ་དཀའ་ངལ་མཉམ་སེལ་བྱེད་པ་དང་། བོད་ལྗོངས་ཀྱི་ཡུལ་མི་སྤུན་ཟླའི་རེ་སྒུག་ཆུད་ཟོས་སུ་གཏོང་རྒྱུ་མིན་ཞེས་གཟི་བརྗིད་ངང་ཁས་ལེན་མཛད་ཡོད།  སུང་ཆི་ཧྥེ་ཡི་བཟའ་ཟླ་ཡང་སྨན་དོན་མི་སྣ་ཞིག་ཡིན་པ་དང་།ཉེ་དུས་བཟའ་ཚོ་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་འབད་འཐབ་གནང་བཞིན་མཆིས་ལ།ད་ཐེངས་རྡོག་ཐོན་གནང་སྐབས་བཟའ་ཟླས་ཁོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་མཛད་ཡོད། པད་མ་འཕྲིན་ལས་ནི་ཧུའུ་པེ་ཡི་ཁ་གཏད་བོད་སྐྱོར་བྱ་ཡུལ་ཏེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ནས་ཡིན་པ་དང་། ད་ཐེངས་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་བསྐྱོད་རྒྱུ་དེ་ཁོང་གི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཞིག་རེད། ཁོང་གིས། ང་རང་ནི་བོད་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འཕྲོད་བསྟེན་འཕྲལ་སྡོམ་རུ་མི་ཞིག་ཡིན།ས་ཡུལ་དངོས་ཀྱི་རིམས་ནད་རིག་པ་དང་ཚོད་ལྟ་ཁང་གི་ལས་ཀའི་ཉམས་མྱོང་ཡོད་པ་མ་ཟད། སྤྱི་ལོ་2018ལོར་ད་དུང་ཀྲུང་གོའི་ནུབ་རྒྱུད་རིམས་ནད་རིག་པའི་ས་ཡུལ་དངོས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་མྱོང་ཡོད་པས།  ང་རང་ཧུའུ་ཧན་གྱི་འཐབ་ས་མདུན་མར་ཕྱིན་ན་འཚམ་པོ་ཡོད་ཅེས་གསུངས་ཡོད། 

         ལས་རོགས་རྣམས་ནས་ཁོང་ཚོར་བོད་སྨན་སོགས་དངོས་རྫས་སྤྲོད་པ།
         དེ་དང་ཆབས་ཅིག་བོད་ལྗོངས་མི་རིགས་ཁག་གི་མི་དམངས་དང་ཧུའུ་པེའི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་གྱིས་ཐེངས་འདིའི་ནད་ཡམས་ལས་རྣམ་པར་རྒྱལ་བ་བྱེད་པའི་སེམས་ཤུགས་ལེགས་པར་མཚོན་ཆེད།བོད་ལྗོངས་ཀྱིས་དུས་ཚོད་ཐུང་ངུའི་ནང་ཚད་ཡོད་ཀྱི་སྨན་བཅོས་གྲབས་གསོག་དངོས་རྫས་ནང་ནས་N95རྟགས་ཅན་གྱི་ཁ་རས་5000དང་། སྨན་བཅོས་སྲུང་གོས་100 སྨན་སྤྱོད་འགོག་སྲུང་མིག་ཤེལ་200དེ་བཞིན་བོད་སྨན་སོགས་རིམས་འགོག་ལ་མཁོ་བའི་དངོས་ཟོག་གྲ་སྒྲིག་བྱས་ནས།ཧུའུ་པེའི་མི་དམངས་ལ་འབུལ་རྒྱུར་བསྣམས་ཡོད།

         གནམ་ཐང་དུ་དངོས་ཟོག་རྡོག་ཆས་རྒྱག་བཞིན་པ། 
རྩོམ་སྒྲིག་པ།སྣང་རྡོར།