དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི“ཐོན་སྒོ་དང་འཛུལ་སྒོ”བརྟན་པོ་སྲུང་བ།

སྤེལ་དུས 2020-02-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
 འདི་ནི་བྲག་སྨུག་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་སྣས་དུག་སེལ་བྱེད་བཞིན་པ། 
          རྒྱལ་ལམ་109ལམ་རྒྱུད་ཀྱི་བྲག་སྨུག་གྲོང་རྡལ་ལྷོ་ངོས་ཀྱི་སྤྱི་ལེ་གཉིས་ཀྱི་སར་ཡོད་པ་དང་ས་བབ་སྨི་4900ཡོད་པའི་ཨ་མདོ་རྫོང་སྤྱི་བདེ་ཅུས་བྲག་སྨུག་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ནི་རྒྱལ་ལམ་109ལམ་རྒྱུད་ཀྱི་བོད་ལྗོངས་ས་ཁོངས་ཀྱི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་པོ་དེ་ཡིན་ཞིང་། དེས་རང་ལྗོངས་དང་ནག་ཆུ་གྲོང་ཁྱེར་གྱི་ཕྱི་སྐོར“འགོག་སྲུང་དྲ་བ”དང“འཚག་ཁྲོལ”ལྟ་བུའི་ནུས་པ་གལ་ཆེན་ཐོན་གྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུན་དུ། བྲག་སྨུག་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ཟམ་སྣེའི་མཁར་རྫོང”བརྟན་སྲུང་དང“འཚག་ཁྲོལ”དམ་ཚགས་སུ་གཏོང་བ། ཉེན་རྟོག་པ་ཚང་མ་སྐུལ་སློང་བྱེད་པ་བཅས་བྱས་ཏེ། “རིམས་ནད་ཀྱི་མདུན་དུ་ཉེན་རྟོག་པས་ཕྱིར་བཤོལ་མི་བྱེད་པའི”འགན་འཁྲི་འཁུར་བའི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་འདི་རང་ནུས་ཡོད་རྒུས་ཡག་པོ་བརྒྱབ་དང་རྒྱག་མུས་རེད།
          རིམས་ནད་ཐོན་སྐབས་བྲག་སྨུག་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་འཕྲལ་དུ་སྐབས་འཕྲལ་ཏང་ཀྲི་པུའུ་བཙུགས་ཏེ། ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བདམས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་བྱས་ཡོད། ཕྱིར་སློག་གི་ཁ་ཏ་བསླབ་བྱ་བྱེད་པའི་ལས་དོན་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གཞན་དག་གང་ཞིག་ཡིན་རུང་། ཏང་ཡོན་ཚོས་དུས་དང་རྣམ་པ་ཀུན་ཏུ་གདོང་མཆོང་བྱས་ཤིང་། སྐབས་འཕྲལ་ཏང་ཀྲི་པུས་རིམས་འགོག་ལས་དོན་ཁྲོད་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི(ལས་རོགས)ཉེན་རྟོག་པའི་སྣེ་འཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད།
          རིམས་ནད་མཇུག་མ་འགྲིལ་བར་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་ཕྱིར་བཤོལ་བྱེད་མི་སྲིད་ལ་སྨན་དོན་མི་སྣས་ཀྱང་ཕྱིར་བཤོལ་བྱེད་མི་སྲིད། ཚད་གཞི་ལོན་པའི“ལྟ་སྲུང་བ”ཞིག་བྱ་རྒྱུ་ནི་བྲག་སྨུག་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་མི་སྣས་བཞག་པའི་དམ་བཅའ་བརྟན་པོ་ཞིག་རེད། ཁོང་ཚོས་ས་ཚིགས་རང་ཁྱིམ་དུ་བྱས་སྟབས། རང་ཉིད་ཀྱི་ཕ་མ་དང་བཟའ་ཟླ་བུ་ཕྲུག་ལ་ལྟ་རྟོག་མི་ཐུབ་པས་དེ་ནི་ཁོང་ཚོའི་ངོས་ནས་བརྗོད་ན་བློ་ཕམ་ཆེ་ཤོས་དེ་རེད། “ནང་མི་ཚང་མ་ལྷ་སར་ཡོད། ཟླ་བ་གསུམ་ཙམ་ཐུག་མ་བྱུང་། རིམས་ནད་ཀྱི་མདུན་དུ་ཁྱིམ་ཚང་ལ་ལྟ་རྟོག་བྱེད་ཁོམ་མི་འདུག འོན་ཀྱང་ནང་མི་ཚོས་བསམ་ཤེས་བྱེད་ཀྱི་ཡོད”ཅེས་མི་དམངས་ཉེན་རྟོག་པ་བཀྲ་ཤིས་པ་སངས་ཀྱིས་བཤད།
          འདི་ལོ་ལོ་29ལ་སླེབས་པའི་རྡོ་རྗེ་གྲགས་པ་ཉེན་རྟོག་པ་བྱས་པ་ནས་བཟུང་། བྲག་སྨུག་ཞིབ་བཤེར་ས་ཚིགས་སུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ལོ་མང་རིང་ལས་གནས་བརྟན་སྲུང་བྱེད་དགོས་སྟབས་ནང་མི་དང་མཉམ་དུ་དཔྱིད་གསར་དུས་ཆེན་གཏོང་བའི་ཁོམ་པ་ཉུང་ཉུང་རེད། ཁོང་གི་ཁྱིམ་ནག་ཆུ་གྲོང་ཁྱེར་དུ་ཡོད་ཅིང་། ཞིབ་བཤེར་ས་ཚིགས་ནས་རླངས་འཁོར་བཏང་ནས་ཕྱིན་ན་ཉིན་ཕྱེད་ལ་ཁྱིམ་དུ་འབྱོར་གྱི་ཡོད། འོན་ཀྱང་ལས་བྲེལ་ཆེ་བས་ཁོང་ལོ་ཕྱེད་རིང་ནང་ལ་ལོག་ཐུབ་མེད། “མཐའ་དག་བྱེད་རིན་ཡོད་པ་ཤ་སྟག་རེད། རིམས་འགོག་དམག་འཐབ་ལ་རྒྱལ་ཁ་འཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་རྡོ་རྗེ་གྲགས་པས་བཤད།
          ཕྱིར་སློག་གཏོང་བའི་ཁ་ཏ་བསླབ་བྱ་བྱེད་པ་ནི་ཞིབ་བཤེར་ས་ཚིགས་ཀྱིས་རིམས་འགོག་ལས་དོན་སྤེལ་སྐབས་དཀའ་ཚེགས་ཆེ་ཤོས་དང་ཉེན་ཁ་ཆེ་ཤོས་ཀྱི་ལས་ཀ་ཞིག་རེད། ཕྱིར་སློག་གཏོང་བའི་ཁ་ཏ་བསླབ་བྱའི་ལས་དོན་ཁྲིམས་མཐུན་ལུགས་མཐུན་ཡིན་པ་འགན་ལེན་བྱ་ཆེད། བྲག་སྨུག་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པ་ཚོས་རིམས་འགོག་ལས་དོན་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་སློབ་སྦྱོང་ཧུར་ཐག་བྱེད་པ་དང་། གཏན་འབེབས་གལ་ཆེན་བློ་ལ་བརྟན་པོར་ངེས་པ། གཟའ་འཁོར་གྱི་འཆར་ཅན་ཚོགས་འདུ་དང་སྒྲིག་ཁྲིམས་སྤྱོད་ཚུལ་བཅོས་སྒྲིག་ཚོགས་འདུ་སོགས་སུ་མཉམ་དུ་སློབ་སྦྱོང་དང་གྲོས་བསྡུར་བྱས་ཏེ། རྗེས་མཐུད་ཀྱི་ཕྱིར་སློག་གཏོང་བའི་ཁ་ཏ་བསླབ་བྱའི་ལས་དོན་བདེ་བླག་ངང་སྤེལ་ཆེད་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ནས་ཕྱི་ནས་འགོ་བའི་ཉེན་ཁ་དུས་ཐོག་ཏུ་སེལ་ཐུབ་པའི་འགན་ལེན་ཐུབ་ཡོད། 
          རྡོ་རྗེ་གྲགས་པས། རིམས་ནད་ཐོན་རྗེས། བོད་དུ་ཡོང་མཁན་རླངས་འཁོར་མངོན་གསལ་དོད་པོས་ཉུང་དུ་སོང་ཞིང་། དེ་སྔའི་ཉིན་རེར་ཆ་སྙོམས་རླངས་འཁོར་300ལྷག་ཙམ་ནས་ད་ཆའི་ཉིན་རེར་100ལྷག་ཙམ་བར་ཉུང་དུ་ཕྱིན་འདུག དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་དང་མི་སྣར་ང་ཚོས་སྔོན་ལ་ཐོ་འགོད་ཡག་པོ་བྱེད་པ་དང་དེ་རྗེས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཤེས་བྱ་གསལ་པོར་བཤད་རྗེས་གཏོང་གི་ཡོད། བོད་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་ཡོང་མཁན་ཚོར་ངང་རྒྱུད་རིང་པོས་ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད་ཅེས་བཤད། ཟླ་1ཚེས་24ཉིན་ནས་ཟླ་2ཚེས་5ཉིན་བར་བྲག་སྨུག་ཞིབ་བཤེར་ས་ཚིགས་ཀྱིས་ཁྱོན་རླངས་འཁོར་1376དང་མི་2493ལ་ཞིབ་བཤེར་བྱས་པ་དང་མི་99ལ་ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།