དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཀྱིས་དང་ལྷོད་སྤུ་ཙམ་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པ།

སྤེལ་དུས 2020-02-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད། 
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ2པའི་ཚེས18ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་དང་། ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་དང་འགྲིམ་འགྲུལ། སྤྱི་བདེ། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་སྡེ་ཚན་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་བྱེད་ཐབས་བཀོད་སྒྲིག་ངོ་སྤྲོད་བྱས་པ་དང་འབྲེལ་རིམ་པ་ཁག་གི་རྩ་འཛུགས་དང་ལས་བྱེད་མང་ཚོགས་ཀྱིས་རྒྱུན་སྲིང་ལྷོད་མེད་དང་དང་ལྷོད་སྤུ་ཙམ་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་པའི་སྐོར་ངོ་སྤྲོད་གནང་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ལ་ད་ལྟ་ནད་གཞི་གཏན་འཁེལ་གྱི་ནད་དཔེ་དང་ནད་གཞི་ཚབས་ཆེན་ཕོག་པའི་ནད་དཔེ།ཚེ་ལས་འདས་པའི་ནད་དཔེ། དོགས་པ་ཡོད་པའི་ནད་དཔེ་བཅས་གཅིག་ཀྱང་མེད་པ་དང་། སྨན་ཁང་དུ་ནད་དཔེ1དྲག་སྐྱེད་བྱུང་པ་དང་། རིམ་རྩིས་བྱས་ན་ནད་དཔེ1གཏན་འཁེལ་བྱས་པ། ཉིན19ཡི་རིང་བསྟུད་མར་ནད་གཞི་གཏན་འཁེལ་དང་དོགས་པ་ཡོད་པའི་ནད་གཞི་གསར་པ་གཅིག་ཀྱང་ཐོན་མེད་པ་རེད། གནས་གཏན་འཁེལ་གྱི་ཚ་བཤེར་སྒོ་བསྟེན་སྨན་ཁང13གྱིས་མི་ཐེངས5515ལ་སྨན་བཅོས་བྱས་པ་དང་མི་གྲངས2124ལ་ཞིབ་བཤེར་སྨན་བཅོས་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ནད་དཔེ་གྲལ་བཤེར་བྱས་པའི་མི་གྲངས364688ཟིན་པ་དང་། རིམས་ནད་རིག་པའི་བརྟག་དཔྱད་མི་གྲངས13344ཟིན་པ། ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་མི་ཐེངས་1194བཅས་ཡོད་པ་རེད། 
         བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་ཚོགས་པ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ནད་པར་ཚན་རིག་དང་མཐུན་པའི་སྨན་བཅོས་བྱས་པ་དང་། དེའི་རིང་སྐྱོབ་བཅོས་ཆེད་མཁས་རྩ་འཛུགས་ཐེངས་མང་བྱས་ནས་མཉམ་འབྲེལ་ནད་དཔྱད་བྱས་པ་དང་ནད་པའི་ནད་གཞི་དང་ས་མཐོའི་དབྱང་རླུང་དཀོན་པ་སོགས་དམིགས་བསལ་ཁོར་ཡུག་དང་ཟུང་འབྲེལ་བྱས་ཐོག  རང་གཤིས་ཅན་གྱི་སྨན་བཅོས་ཇུས་གཞི་བཟོས་ནས་ནད་པར་སྐྱོབ་བཅོས་ཡག་ཤོས་བྱས་པ་རེད། ཟླ2པའི་ཚེས12ཉིན་བར་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཐེངས་གཉིས་བྱས་པ་བརྒྱུད་སྲིབ་གཤིས་མངོན་ཞིང་། ལྗོངས་ཕྱི་ནང་གི་ཆེད་མཁས་ཚོགས་ཆུང་གིས་མཉམ་འབྲེལ་ཐོག་ནད་དཔྱད་བྱས་པ་བརྒྱུད་ནད་པ་བདེ་བླག་ངང་སྨན་ཁང་ནས་དྲག་སྐྱེད་་བྱུང་བར་སྤྱི་ཚོགས་ལས་རིགས་ཁག་གིས་བསྔགས་བརྗོད་ཆེན་མོ་གནང་ཡོད་པ་རེད། 
         བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་གློ་བུར་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་གདོང་ལེན་བྱེད་ཐབས་ལག་བསྟར་ནན་པོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོས་པ་དང་། ཚན་རིག་དང་མཐུན་པའི་ངང་ལས་སྒྲུབ་གྲ་སྒྲིག་དང་སྟོབས་ཤུགས་འདང་ངེས་གྲ་སྒྲིག་གནང་པ། འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ནས་ཁྲོམ་གཞུང་ཐོག་ཉེན་རྟོག་པ་མཐོང་ཚད་ཀྱི་དོ་དམ་བྱེད་ཚད་མཐོ་རུ་བཏང་ཡོད་པ། སྨན་ཁང་དང་ཚོང་དོན་ཁྲོམ་ར། ཐང་ཆེན། མཛེས་ལྗོངས་དང་མཛེས་ལྗོངས་ཁུལ་སོགས་གཙོ་གནད་ས་ཁུལ་དང་གནད་འགག་ས་ཁུལ་གྱི་སྐོར་གཡེང་སྲུང་སྐྱོང་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། སྨན་ཁང་གི་རྒྱུན་གཏན་སྒྲིག་ལམ་ལ་གཏོར་བཤིགས་གཏོང་བའི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ། སྨན་ཁང་དང་ཚོང་དོན་ཁྲོམ་ར་སོགས་མི་སྣ་འདུ་འཛོམས་ཆེ་སར་ནང་ཁུལ་གྱི་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས་པ། བོད་སྐྱོད་བགྲོད་ལམ་སྣ་ཚོགས་ཀྱི་མཉམ་འབྲེལ་ཞིབ་བཤེར་ཚོད་འཛིན་རྒྱུན་མཐུད་ངང་སྤེལ་བ་དང་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། ཉིན་རེར་ཆ་སྙོམས་རླངས་འཁོར1300ལྷག་ཙམ་ལ་ཞིབ་བཤེར་བྱས་པ། འཕྲལ་སྡོམ་དང་དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཐེངས་གྲངས3300ལྷག་ཙམ་བདེ་འཇགས་ངང་ཤར་གཏོང་ཐུབ་པ་བཅས་བྱས་ནས་བོད་དུ་རིམས་ནད་མཆེད་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་གནང་ཡོད། 
         བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་ཟོག་དང་མི་སྣ་སྐྱེལ་འདྲེན་ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་གནང་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་རྒྱུད་དུ་ཤར་གཏོང་འགན་ལེན་མི་སྣ716དང་། འཕྲུལ་ཆས་སྒྲིག་ཆས་སྣ་ཚོགས1536(ཆ་ཚང)དང་། ཁྲའེ་ཡིའུ་སྣུམ་ཧྲེང་344725གྲབས་གསོག་བྱས་པ། རླངས་སྣུམ་ཧྲེང་55312གྲབས་གསོག་བྱས་པ། གངས་ཞུ་རྫས་ཏུན9662གྲབས་གསོག་བྱས་པ། འདྲེད་འགོག་རྒྱུ་ཆ་སྨི་དཔངས་གྲུ་བཞི་མ44236བཅས་གྲབས་གསོག་བྱས་ཡོད་པ་དང་། དེ་དང་ཆབས་ཅིག་ལམ་སྲིད་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དུ་ཆ་སྙོམས་ཉིན་རེར་ཁྲིམས་འཛིན་མི་སྣ210དང་ཁྲིམས་འཛིན་རླངས་འཁོར70མངགས་པ་དང་། བོད་རང་སྐྱོང་ལྗོངས་སུ་མྱུར་བགྲོད་གཞུང་ལམ་གྱི་ཐོན་སྒོ་རང་དགར་འགོག་པ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བཀག་བཅད་ཀྱི་གནས་ཚུལ་ཐོན་མེད་པ། གྲོང་གསེབ་ཀྱི་གཞུང་ལམ་བཙན་བཀག་གམ་ཡང་ན་འགོག་གཅོད་ཀྱི་གནས་ཚུལ་ཐོན་མེད། ལྗོངས་ཕྱི་ནང་གི་འཕྲལ་སྡོམ་དངོས་ཟོག་སྐྱེལ་འདྲེན་འཁོར་རིགས་ལ་འགོག་རྐྱེན་དང་འཕྲད་པའི་་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་ཆབས་ཅིག   ཞིང་པ་ལས་མིས་རླངས་འཁོར་གླས་ཏེ བོད་དུ་ཕྱིར་ལས་གནས་སུ་ལོགཔའི་སྐྱེལ་འདྲེན་འགན་ལེན་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་ཡོད་པ་རེད། 
         དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་རིམས་ནད་ཀྱི་འཕེལ་རིམ་གནས་ཚུལ་ལ་གཞིགས་ནས་གཙོ་གནད་དང་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་ལེན་བསྟར་ཏེ། རྒྱལ་ནང་དང་རྒྱལ་སྤྱི་ཡོངས་ལ་ཁྱབ་པའི་གྲུ་ཁར་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུ་དང་དེ་བཞིན་འགྲུལ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལམ་སྲོལ་ཆགས་པ་དང་། ཡུལ་སྐོར་བས་དྲ་ཐོག་ནས་བོད་དུ་ཡོང་བའི་གནམ་གྲུའི་པ་སེ་ཉོས་པར་གསལ་འདེབས་དང་། ལམ་དུ་ཆས་སའི་གནམ་ཐང་གི་འགྲུལ་པར་གསལ་འདེབས་བྱེད་པ། འབབ་ཚུགས་སུ་སླེབས་རྗེས་འགྲུལ་པའི་ཚ་དྲོད་ཞིབ་དཔྱད་ཚད་ལེན་དང་དེ་བཞིན་ཚ་བ་རྒྱས་པའི་ནད་པ་ཐག་གཅོད་བྱེད་པ། སྤྱི་པའི་ས་ཁོངས་སུ་རླུང་རྒྱུ་དུག་སེལ་བྱེད་པ། གད་སྙིགས་གཙང་སེལ། འཕྲལ་སྡོམ་ཐག་གཅོད་སོགས་ཕྱོགས་མང་པོ་ཚུད་ཡོད་པ་རེད། འཕྲལ་སྡོམ་སྨན་བཅོས་དངོས་ཟོག་དང་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་བདེ་བླག་ཡོང་པར་འགན་ལེན་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས“གནམ་ཐང་དུ་ཚུར་སླེབས་པའི་དངོས་ཟོག་སྔོན་ལ་སྤྲོད་པ་དང་། གནམ་ཐང་ནས་ཕྱིར་གཏོང་པའི་དངོས་ཟོག་སྔོན་ལ་གཏོང་བའི”དམིགས་བསལ་གཉིས་ཀྱི་རྩ་དོན་གཞིར་བཟུང་། རིམས་འགོག་དངོས་ཟོག་དང་མི་དམངས་ཀྱི་འཚོ་བའི་དངོས་ཟོག་མཁའ་ཐོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པའི་ཐབས་ལམ་ལག་བསྟར་མཐའ་གཅིག་ཏུ་གནང་ཡོད་ཅིང་། ཟླ1པོའི་ཚེས21ཉིན་ནས་ཟླ2པའི་ཚེས17ཉིན་བར་འཕྲོད་བསྟེན་རིམས་འགོག་དངོས་ཟོག་ཁྱོན11638འགན་ལེན་བྱས་པ་དང་ཁྱོན་སྤྱི་རྒྱ99174ཟིན་པ་དང་། སྔོ་ཚལ་དང་ཤིང་ཏོག9610ལ་སྤྱི་རྒྱ158957ཟིན་ཡོད་པ་རེད། 
         ཀྲུང་གོའི་ལྕགས་ལམ་མཚོ་བོད་ཚོགས་སྡེ་ཚད་ཡོད་ཀུང་སི་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་དྲོད་ཚད་འཇལ་བ་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་འབབ་ཚུགས་བརྗེ་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། བོད་རང་སྐྱོང་ལྗོངས་རིམས་ནད་སྡེ་ཚན་དང་ཚ་རྒྱས་འགྲུལ་པ་རྩིས་སྤྲོད་ཀྱི་བརྒྱུད་རིམ་ཆ་ཚང་ཞིག་ཀྱང་བཙུགས་ཡོད། འགྲུལ་པ་མེ་འཁོར་འབབས་ཚུགས་སུ་སླེབས་ནས་མེ་འཁོར་ནང་མ་འཛུལ་གོང་དང་མེ་འཁོར་ནང་སྡོད་རིང་། མེ་འཁོར་ལས་བབས་ཏེ་འབབ་ཚུགས་ནས་མ་ཐོན་གོང་ཚང་མར་དྲོད་ཚད་འཇལ་བ་དང་། ཚ་བ་རྒྱས་པ་དང་གློ་ལུ་རྒྱག་པ་སོགས་ཀྱི་གནས་ཚུལ་ཡོད་པའི་འགྲུལ་པར་ཐོ་འགོད་བྱེད་པ་དང་འབྲེལ་རིམས་ནད་ཚོད་འཛིན་སྡེ་ཚན་ལ་སྤྲད་དེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ནང་འཇུག་རང་བཞིན་གྱི་བརྒྱུད་སྤེལ་ཉེན་ཁ་བཀག་ཅིང་། ཟླ་2པའི་ཚེས16ཉིན་བར་མེ་འཁོར་གྱིས་ཚ་བ་ཆེ་བའི་འགྲུལ་པ་མི་གྲངས་15རྩིས་སྤྲོད་བྱས་པ་དང་། འབབ་ཚུགས་སུ་ཡོང་མཁན་ཡུལ་སྐོར་བ་མི་གྲངས23762ལ་དྲོད་ཚད་འཇལ་བ། ཚ་བ་རྒྱག་པའི་ཡུལ་སྐོར་བ་བྱུང་མེད་པ་རེད། འབབ་ཚུགས་ནས་ཐོན་པའི་འགྲུལ་པ་མི་གྲངས33619ལ་དྲོད་ཚད་འཇལ་བ་དང་། ཚ་བ་རྒྱས་པའི་འགྲུལ་པ་མི་གྲངས4རྩིས་སྤྲོད་བྱས་ཏེ་གོ་རིམ་གཞིར་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་སྡེ་ཚན་ལ་རྩིས་སྤྲོད་ནན་པོ་བྱས་པ་བཅས་སོ།།
རྩོམ་སྒྲིག་པ། སངས་སྐྱབས།