དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་ཚོགས་འདུ་འདིའི་ཐོག་བླང་བྱ་གལ་ཆེན་བཏོན་འདུག

སྤེལ་དུས 2020-02-25 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཚེས་23ཉིན་གྱི་ཕྱི་དྲོར། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་གྲོལ་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་བོད་ལྗོངས་ཡན་ལག་ཚོགས་རར་གསུང་བཤད་གནང་བ།
          ཝུའུ་དབྱིང་ཅེས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་སྐུལ་འདེད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་བཀོད་སྒྲིག་བྱེད་པའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བསྒྲགས་གཏམ་ཡིག་ཆ་ཞིག་རེད་ལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱེད་པའི་སྐུལ་སློང་བཀའ་རྒྱ་ཞིག་ཀྱང་རེད། དེར་ཆབ་སྲིད་ཀྱི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས། ང་ཚོར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་གཅིག་ནས་སྔོན་འགོག་གཙོ་བོར་བྱས་ཏེ་གཙོ་གནད་མངོན་གསལ་དོད་པོ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཁུལ་དབྱེ་ཇུས་བསྟར་དང་སྤྱི་འདོམས་ལྟ་རྟོག་བྱས་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་གཅིག བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བློ་བརྟན་འགྱུར་མེད་ངང་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ལ་དམ་འཛིན་ཡག་པོ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཧུར་ཐག་བྱེད་དགོས། 
          ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། འགན་འཁྲི་ཆེ་རུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་མཐའ་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་གཉིས་ཀར་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་མིག་སྔའི་གནས་བབ་གལ་ཆེན་དུ་བཞག་ནས། གདེང་ཚོད་བརྟན་དུ་གཏོང་བ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ཏེ། གཅིག་གྱུར་འགོ་ཁྲིད་དང་། གཅིག་གྱུར་བཀོད་འདོམས། གཅིག་གྱུར་བྱ་སྤྱོད་བཅས་ལ་བརྟེན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། བརྟན་ལྷིང་སྲུང་སྐྱོང་བཅས་མཉམ་དུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་ཚུལ་རིང་ལུགས་སྤོང་གང་ཐུབ་བྱས་ནས་ཚད་གཞི་དམའ་རུ་མི་གཏོང་བ་དང་ཤུགས་ཚད་ཆུང་དུ་མི་གཏོང་བར། སྙིང་རུས་གཏན་འཁྱོངས་དང་མུ་མཐུད་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་དང་། “གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོའི”ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་ནས་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱར་གཞིགས་ཏེ། ཏན་ཏན་ཏིག་ཏིག་དང་མཁྲེགས་སར་གཏུག་ཕོད་པ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དངོས་སྒྲུབ་ལ་མཐོང་ཆེན་དང་། ཕན་འབྲས་ལ་མཐོང་ཆེན། གཞི་རིམ་ལ་མཐོང་ཆེན་བཅས་བྱེད་པ་སྟོན་ཕྱོགས་ཁ་གསལ་ཞིག་ལ་གྱུར་བར་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཐོན་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་མཉམ་དུ་སྔོན་འགོག་ཚོད་འཛིན་དང་མཉམ་འགོག་མཉམ་བཅོས་བྱེད་ཐབས་ཀྱི་ཕན་འབྲས་གཏོང་སྤེལ་གང་ལེགས་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་གཅིག་ཏུ་སྒྲིལ་དགོས། དུས་ཆེན་གྱི་རྣམ་པ་བཟང་པོ་གཏོད་པར་དུས་ཆེན་རིང་གི་འཚོ་བའི་མཁོ་ཆས་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་འགན་ལེན་བྱེད་དགོས། འདུ་འཛོམས་མ་བྱས་སྔོན་འགོག་ལ་སྤྱོད་གོ་ཆོད་ཅིང་རྣམ་པ་མང་བའི་བྱེད་ཐབས་སྤྱོད་དགོས། དུས་ཆེན་རིང་དཀའ་ངལ་ཡོད་པའི་ཏང་ཡོན་མང་ཚོགས་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ། གཞི་རིམ་གྱི་ལས་རེས་མི་སྣ། ལྷག་པར་དུ་འཐབ་ས་དང་པོའི་སྨན་དོན་དང་། སྔོན་འགོག་ཚོད་འཛིན། ལས་སྒྲུབ་བཅས་ཀྱི་མི་སྣར་འཚམས་འདྲི་ཞུ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་མི་རྣམས་ཀྱི་སེམས་སུ་ཟུག་པར་བྱེད་དགོས།