དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སི་ཁྲོན་ལི་ཐང་གི་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་གིས་དྲ་ཐོག་མཉམ་ལས་ཁང་གི་ཐོན་རྫས་ཉོ་སྒྲུབ་དང་བྲིན་ཚོང་གཉིས་ཀ་དར།

སྤེལ་དུས 2020-02-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།“ཨིན། བྲོ་བ་དེ་ཡག་པོ་འདུགཁྱོད་ཚོས་ཀྱང་བྲོ་བ་ཞིག་མྱོང་དང་།” ཟླ་2པའི་ཚེས་24ཉིན་ནི་བོད་ཀྱི་ལོ་གསར་ཚེས་གཅིག་ཡིན་ཞིང་། ཁྱིམ་དུ་རང་རྟོགས་ཀྱིས་ལོགས་སུ་བཀར་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི་ཀོ་ཁྲིན་གྲོང་རྡལ་དཔག་མེད་གཙང་པོ་སྡེ་ཁུལ་གྱི་གྲོང་མི་སྐལ་བཟང་ཕུན་ཚོགས་ཀྱིས་ཕྱོགས་གཅིག་ནས་གུང་གཞོན་ཚོགས་པའི་རྫོང་ཨུད་ཀྱི་“གཞོན་ནུའི་འཕྲལ་སྒྲུབ་རུ་ཁག་”གིས་རྐང་གླ་མེད་པར་སྒོ་རྩར་སྐྱེལ་བའི་ཞབས་ཞུ་བསྒྲུབས་ཏེ་ས་གནས་རང་གི་ནས་འབྲུའི་བག་ལེབ་བཟའ་ཞོར་དུ་ཁྱིམ་མིར་ལྟ་སྐྱོང་བྱེད་བཞིན་འདུག
        ལི་ཐང་གུང་གཞོན་ཚོགས་པའི་རྫོང་ཨུད་ཀྱི་“གཞོན་ནུ་འཕྲལ་སྒྲུབ་རུ་ཁག་”གིས་ཁ་བ་བུ་ཡུག་ཁྲོད་ནས་རྐང་གླ་མེད་པར་རིམས་ནད་འགོག་པའི་“ཁྱིམ་སྡོད་”མང་ཚོགས་ལ་སྒོ་རྩར་དངོས་ཟོག་དབོར་བའི་ཚུལ།
        ནས་འབྲུའི་གོ་སྲབ་འདིས་ཉིན་ཤས་གོང་ལ་མཚོ་གསུམ་ཤང་ཕ་འགོ་གྲོང་ཚོའི་གྲོང་ཚོ་བཅའ་སྡོད་པ་སྟེ་“གཞོན་ནུ་འཕྲལ་སྒྲུབ་རུ་ཁག”གི་རུ་མི་ཏེང་ཞའོ་ཞ་ལ་སེམས་ཁྲལ་ཆེན་པོ་བྱུང་།  “མཉམ་ལས་ཁང་གི་ནས་ཕྱེ་ཆུས་ཆི་གོ་སྲབ་སྐོར་དང་པོ་ཐོན་སྐྱེལ་བྱས་ཟིན་ལ། ད་ལྟ་རིམས་ནད་འགོག་སྲུང་བྱེད་ཀྱིན་ཡོད་པས་ཕྱིར་ཚོང་བྱེད་མི་ཆོགགལ་ཏེ་དུས་ཚོད་རིང་པོ་སོང་ཚེ་མཉམ་ལས་ཁང་དུ་བཞག་ཀྱང་སྤུས་སྲུང་དུས་ཡུན་ལས་བརྒལ་འགྲོ་བས་གང་འདྲ་བྱས་ན་ཡག་པོ་འདུག”ཅེས་གུང་གཞོན་ཚོགས་པའི་རྫོང་ཨུད་ཀྱི་ལས་བྱེད་མི་སྣ་རྡོ་བསྟན་གྱིས་རིམས་ནད་འགོག་སྲུང་གི་དྲིལ་བསྒྲགས་གནས་ཚུལ་ལ་བཅར་འདྲི་བྱེད་སྐབས་ཏེང་ཞའོ་ཞ་ཡིས་སེམས་འཚབ་དང་བཅས་དེ་ལྟར་བཤད།
        “ཇི་ལྟར་བྱས་ན་རིམས་ནད་འགོག་རྒོལ་དམག་འཐབ་ལ་ཤུགས་རྐྱེན་མི་ཐེབས་ལ། རྫོང་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་དང་མཉམ་ལས་ཁང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་འཚོང་མི་ཐུབ་པའི་དཀའ་གནད་འདི་སེལ་ཐུབ་བམ།” ཟླ་2པའི་ཚེས་5ཉིན། གུང་གཞོན་ཚོགས་པའི་རྫོང་ཨུད་ཧྲུའུ་ཅི་ཚེ་རིང་བསོད་ནམས་ཀྱིས་གནས་ཚུལ་དེ་དག་ཤེས་རྗེས། འཕྲལ་དུ་གུང་གཞོན་ཚོགས་པའི་རྫོང་ཨུད་ཀྱིས་གཙོ་གཉེར་བྱས་པའི་ལི་ཐང་རྫོང་གི་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་གི་མི་སྣས་ཉེ་དུས་རྫོང་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་དང་མཉམ་ལས་ཁང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་གང་ཡོད་བསྡོམས་རྩིས་བླངས་ནས་ཞིང་འབྲོག་ཁུལ་ནས་ཚོང་ལམ་ཆད་པའི་ཞིང་ཞོར་ཐོན་རྫས་རྣམས་ལི་ཐང་རྫོང་གི་“རང་མིའི”ལག་ཏུ་ཐད་ཀར་བཙོང་རྒྱུར་བཀོད་སྒྲིག་བྱས།
རི་མོ་ནི་“རྐང་གླ་མེད་པའི”ན་གཞོན་འཕྲལ་སྒྲུབ་རུ་ཁག་གིས་ཚོང་ཟོག་རྩིས་བཤེར་བྱེད་བཞིན་པ་ཡིན།
        རང་གི་ཕྲག་ཏུ་བླངས་ནས་བསྒྲུབ་པར་བྱའོ་ཞེས་ཟེར་བཞིན། གུང་གཞོན་ཚོགས་པའི་ལས་བྱེད་པ་16ལས་གྲུབ་པའི་རིམས་ནད་འགོག་སྲུང་གི་“རྐང་གླ་མེད་པའི”གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གིས་རྫོང་མཁར་གྱི་ལས་བྱེད་དང་དེ་བཞིན་མང་ཚོགས་ལ་“རྐང་གླ་མེད་པར་”དང་བླངས་ཞབས་ཞུ་སྤེལ་བའི་གོ་སྐབས་སྤྱད་དེ་ཁྱིམ་སྤྱོད་ཁ་པར་གྱི་ཞབས་ཞུ་དང་ཨང་བཤེར་སོགས་ལ་བརྟེན་ནས་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་གི་སྐད་འཕྲིན་ནང་ཞུགས་ཤིང་། མང་ཚོགས་ཀྱིས་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་གིས་འདོན་སྤྲོད་བྱས་པའི་ཐོན་རྫས་ཀྱི་ཚོང་ཐོ་ལྟར་འཚོ་བའི་དངོས་རྫས་མངགས་ཉོ་བྱས་ཏེ་ལི་ཐང་གི་“འཛད་སྤྱོད་དབུལ་སྐྱོར”ལ་སྐུལ་འདེད་བཏང་བ་རེད། “སྟེགས་བུ་བསྐྲུན་པ་དང་‘རྐང་གླ་མེད་པར་’ཞབས་ཞུ་བྱས་པ་བརྒྱུད་‘ཁྱེད་རང་ཁྱིམ་དུ་སྡོད་རོགས’ཞེས་པའི་འབོད་སྐུལ་དང་འཚོ་བའི་མཁོ་ཆས་ཉོ་སྒྲུབ་དགོས་པའི་འགལ་བ་ཐག་གཅོད་བྱས་པ་དང་། རྫོང་མཁར་གྱི་ལས་བྱེད་དང་ཞིང་འབྲོག་མང་ཚོགས་ཕྱིར་བསྐྱོད་པ།ཁྱིམ་སྐོར་བྱེད་པ། མཉམ་འཛོམས་བྱེད་པ་སོགས་ཀྱི་རིམས་ནད་འབྱུང་ཉེན་ཆུང་དུ་བཏང་བ་དང་། རིམས་ནད་ཁྱིམ་ཚང་གི་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་བར་སྟོབས་ཤུགས་ཕུལ་ཡོད་”ཅེས་ཚེ་རིང་བསོད་ནམས་ཀྱིས་དེ་ལྟར་བཤད། 
རུ་མི་ཚོས་མང་ཚོགས་ལ་ཚོང་ཟོག་སྒོ་རྩར་སྐྱེལ་བ།
        མི་ལ་སྨད་མ་ཤང་མ་ཡན་སྟོད་པ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྒྱ་མཚོས་ཀྱང་མཉམ་ལས་ཁང་གི་མོག་རོ་རྒྱ་མ་2000ལྷག་ཙམ་དང་ཞོག་ཁོག་རྒྱ་མ་1000ལྷག་ཕྱིར་འཚོང་མ་ཐུབ་པར་སེམས་ཁྲལ་བྱེད་བཞིན་ཡོད། ལི་ཐང་རྫོང་གི་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་གིས་བྲིན་ཚོང་བྱེད་རོགས་བྱེད་པ་ཤེས་འཕྲལ་ཁ་པར་བཏང་ནས་བློ་དྲིས་པ་ན།སྒོ་རྩིས་ཚོང་ཁང་གི་ལས་དོན་མི་སྣ་རྡོ་བསྟན་གྱིས་སྣ་ཁ་དང་གྲངས་འབོར་ཐོ་འགོད་ཡག་པོ་བྱས་རྗེས་འབྲེལ་གཏུག་བྱེད་ཐབས་བཞག་སྟེ་ཐོན་རྫས་ཀྱི་གསལ་ཐོ་བཟོས་ནས་ལས་བྱེད་དང་མང་ཚོགས་ལ་མངགས་ཉོ་བྱེད་དུ་བཅུག  ཁྲོམ་རའི་རིན་གོང་ལྟར་ཉོ་སྒྲུབ་ནས་ཉིན་གཉིས་པར་རླངས་འཁོར་བཏང་ནས་གྲོང་ཚོར་བསྐྱོད་དེ་མོག་རོ་རྣམས་སྒོ་རྩིས་ཚོང་ཁང་དབོར་ནས་ཕྱིར་འཚོང་བྱས།
        གུང་གཞོན་ཚོགས་པའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་བསོད་ནམས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན།མིག་སྔར་ལི་ཐང་རྫོང་ཧ་དབྱི་ཤང་མངན་པ་གྲོང་ཚོའི་པེན་ཁང་འདེབས་གསོ་ཆེད་ལས་མཉམ་ལས་ཁང་གི་རིན་ཐང་སྒོར་63000ཟིན་པའི་ཁྲུང་ཁྲུང་དཀར་མོའི་བོད་སྤོས་སྒམ་532དང་། ལ་པོ་ཤང་གི་རིན་ཐང་སྒོར་17000ཟིན་པའི་པད་ཁའི་སྣུམ་ཟོ་200། མཚོ་གསུམ་ཤང་ཕ་འགོ་གྲོང་ཚོའི་བདེ་ཐང་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རིན་ཐང་སྒོར་5100ཟིན་པའི་ཕ་འགོའི་ནས་འབྲུའི་ཆུ་ཆི་གོར་སོབ། ཀཱ་ཡུས་པགས་གསོ་ཀུང་སིའི་སྒོར་22910ཟིན་པའི་ཐོན་རྫས། ཁྲོམ་ལ་ཤང་ཁ་ཤ་གྲོང་ཚོའི་ཞོག་ཁོག་སྨུག་ནག་ཏུན་10བཅས་ཡོད་པ་རེད། མི་ལ་སྨད་མ་ཤང་མ་ཡན་སྟོད་པ་གྲོང་ཚོའི་མོག་རོ་རྒྱ་མ་2000དང་ཞོག་ཁག་རྒྱ་མ་1000ལྷག་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་ནས་བཙོངས་ཚར་པ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཁག་ཅིག་དང་ཞིང་ལས་ཐོན་རྫས་མང་ཆེ་བ་ཧ་ཅང་བྲིན་གྱིན་ཡོད།
        རྒྱུས་ལོན་བྱུང་བ་ལྟར་ན། ལི་ཐང་རྫོང་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་དེ་དུས་འགོའི་གཞན་བརྟེན་རྣམ་པའི་དབུལ་སྐྱོར་ནས་ད་ལྟ་རང་སྐྱ་འཕེར་བའི་དབུལ་སྐྱོར་རུ་གྱུར་ཡོད་ལ། དབུལ་སྐྱོར་ཐོན་རྫས་འཛད་སྤྱོད་པར་“མཐའ་མའི་ཚོང་ལམ”ཤར་གཏོང་བྱས་ནས་ཡོང་འབབ་ཀྱིས་དུད་ཚང་དེ་དག་དབུལ་ཐར་བྱུང་བཞིན་ཡོད། 2019ལོར་ལི་ཐང་རྫོང་གི་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་གི་འཕེལ་ཚད་མགྱོགས་ཤིང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་མཉམ་ལས་ཁང་24ཡི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་དམིགས་ཚད་མངོན་འགྱུར་བྱུང་ནས། 2019ལོར་བྲིན་ཚོང་དངུལ་འབོར་སྒོར་ཁྲི་397ལྷག་ཟིན་པ་དང་ཁེ་སྤོགས་སྒོར་ཁྲི་20ལྷག་ཟིན། 2020ལོར་རྫོང་ཡོངས་ནས་སྲིད་འཛིན་གྲོང་ཚོ་100བདམས་ནས་ཡན་ལག་ཚོང་ཁང་100འཛུགས་རྒྱུ་ཡིན་པ་དང་མིག་སྔར་ཚོང་ཁང་28བཙུགས་ཟིན་པ་རེད།