དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཏམ་བཟང་། ད་ལོ་རྒྱ་ཚ་ཆུ་ཤུགས་གློག་ཁང་ནས་གློག་གཏོང་མཁན་རེད་འདུག

སྤེལ་དུས 2020-03-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         ཉེ་ཆར། ཡར་ཀླུང་གཙང་པོའི་བར་རྒྱུད་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཚ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་བཟོ་པ་ཚོས་བྲེལ་བརྩོན་ཆེན་པོས་གློག་ཁང་གི་འཕྲུལ་འཁོར་སྒྲིག་སྦྱོར་སོགས་ཀྱི་འགག་རྩའི་ལས་དོན་བསྒྲུབས་ནས་འདི་ལོ་གློག་གཏོང་ཐུབ་པའི་འབད་བརྩོན་བྱེད་བཞིན་མཆིས། 
       “མིག་སྔར་འཛུགས་སྐྲུན་དོ་དམ་པ་དང་ཨར་སྐྲུན་བཟོ་པ་70%ལྷག་ཙམ་འབྱོར་ཟིན་ལ། གལ་ཆེ་བའི་འཕྲུལ་འཁོར་རིམ་གྱིས་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་། ཉེ་དུས་འཐབ་ས་དང་པོ་ཁོ་ནར་ཨར་སྐྲུན་བཟོ་པ་350ལྷག་ཙམ་ཡོད། བྱས་ཙང་། རྒྱ་ཚ་ཆུ་ཤུགས་གློག་ཁང་ནས་ལོ་འདིའི་ནང་གློག་གཏོང་བའི་དམིགས་ཚད་ལ་འགྱུར་ལྡོག་འགྲོ་གི་མ་རེད”ཅེས་ཧྭ་ནེང་ཚོགས་པ་ཡར་ཀླུང་གཙང་པོ་ཀུང་སི་རྒྱ་ཚ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡའོ་ཀེང་ཀྲེང་གིས་དེ་ལྟར་བརྗོད། 
       རྒྱ་ཚའི་ཆུ་ཤུགས་གློག་ཁང་ནི་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གློག་གཏོང་བའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཡིན་ལ། བོད་ཀྱི་དབུས་རྒྱུད་ཀྱི་གློག་ཁང་གཙོ་བོའི་གྲས་ཤིག་ཡིན། དེས་གཙོ་བོ་བོད་ཀྱི་གློག་གཏོང་དགོས་མཁོ་བསྐངས་ནས། བོད་ཀྱི་གློག་དྲའི་གློག་ཤུགས་ཀྱི་མཁོ་སྤྲོད་འགལ་ཟླ་སེལ་རྒྱུར་ཕན་པ་ཡོད། རིམ་རྩིས་བྱས་ན་སྒྲིག་སྦྱོར་བྱས་པའི་འཕྲུལ་ཚན་3ནས་གློག་གཏོང་ཚད་ཆན་ཝ་ཁྲི་36ཟིན་གྱི་ཡོད་པ་དང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་78.3བཏང་ཡོད། 
རྩོམ་སྒྲིག་པ།སྣང་རྡོར།