དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁ་ས། རྟའུ་ཡི་དྲག་སྐྱེད་བྱུང་བའི་ནད་པ་འདི་དག་ཁྱིམ་དུ་ལོག་འདུག

སྤེལ་དུས 2020-03-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          རྟའུ་རྫོང་གི་སྨན་ཁང་ནས་ཐོན་པའི་ནད་པ་17ལ་གསོ་རིག་ལྟ་ཞིབ་བྱས་ཚར་རྗེས། སྤྱི་ཟླ་3ཚེས་18ཉིན། བདེ་བླག་ངང་ཁྱིམ་དུ་ལོག་པ་རེད།

          ནད་གཞི་གཏན་འཁེལ་བྱུང་པའི་ནད་པ་17དེ་དག་དེའི་གོང་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་རྗེས། འཕྲལ་མར་ལྟ་ཞིབ་བྱ་ཡུལ་དུ་བསྐྱལ་ནས་གསོ་རིག་ལྟ་ཞིབ་བྱས་པ་རེད། ཉིན་མང་པོར་ལྟ་ཞིབ་བྱས་རྗེས། ཁོ་ཚོར་གཟུགས་པོ་མི་བདེ་བའི་སྣང་ཚུལ་ཐོན་མེད་པ་དང་། གྲེ་བའི་ནང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་མང་བྱས་པ་ཚང་མ་སྲིབས་གཤིས་ཡིན་པ། ཁྲག་གི་བརྟག་དཔྱད་ཚད་ལེན་དང་CTགློག་པར་བརྟག་དཔྱད་བྱས་འབྲས་ཚང་མར་སྐྱོན་མེད་པ་སོགས་མདོར་ན་འབྲེལ་ཡོད་ཚད་གཞི་ཁག་ལོན་ནས། རྟའུ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་ཆོག་མཆན་ཐོབ་རྗེས། ཁོ་ཚོར་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ་རེད།

           མི་17དེ་དག་ལྟ་ཞིབ་བྱ་ཡུལ་ནས་ཐོན་མ་ཐག སྨན་དོན་མི་སྣས་མྱུར་དུ་ཁོང་ཚོའི་ལུས་ཐོག་གི་ཅ་ལག་སོགས་ལ་དུག་སེལ་བྱས་པ་མ་ཟད། ཁོ་ཚོ་སོ་སོར་དུག་སེལ་དངོས་རྫས་ཀྱང་སྟེར་ཡོད་པ་རེད།

          སྨན་དོན་མི་སྣས་ཁོང་ཚོར་ཁྱིམ་དུ་ལོག་རྗེས་དོ་སྣང་བྱེད་དགོས་པའི་དོན་ཚན་དང་། དེ་བཞིན་ཁྱིམ་སྡོད་ཟུར་འཇོག་ལམ་ལུགས་ལ་ནན་པོར་གཞིགས་ནས། ཁྱིམ་དུ་ལོགས་དགར་སྡོད་དགོས་པའི་ཁ་ཏ་བསླབ་བྱ་གནང་བ་རེད། ཆབས་ཅིག་འབྲེལ་ཡོད་གྲོས་མཐུན་ཡི་གེ་བཞག་རྗེས། ཆེད་གཏོང་རླངས་འཁོར་རུ་ཁག་གིས་ཁོ་ཚོ་སོ་སོའི་ཁྱིམ་དུ་བསྐྱལ་ཡོད་པ་རེད།
          མཆན། སྤྱི་ཟླ་3པའི་ཚེས་18ཉིན་གྱི་ཆུ་ཚོད་24བར། དཀར་མཛེས་ཁུལ་ལ་ཏོག་གསར་གློ་ཚད་ཀྱི་ནད་པ་གསར་པ་བྱུང་མི་འདུག ད་ལྟའི་བར་དཀར་མཛེས་ཁུལ་ལ་ནད་པ་78བྱུང་ཡོད་པ་དང་། དེ་དག་ལས་རྟའུ་རྫོང་དུ་ནད་པ་73དང་། དར་མདོ་རྫོང་ལ་ནད་པ་2 གསེར་རྟ་རྫོང་ལ་ནད་པ་2 འདབ་པ་རྫོང་ལ་ནད་པ་1བཅས་ཐོན་ཡོད་པ་དང་། དེ་དག་ཁྲོད་ནས་ནད་པ་77དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་ཐོན་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།