དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨ་མདོ་རྫོང་གི་ཉེན་རྟོག་པས་གཞུང་ལམ་ཤར་གཏོང་འགན་ལེན་བྱས་པ།

སྤེལ་དུས 2020-03-23 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

         ཟླ་3ཚེས་20ཉིན། བོད་རང་སྐྱོང་ལྗོངས་ཨ་མདོ་རྫོང་གིས་བཤད་དོན། ཉེ་ཆར། རྫོང་དེའི་མཚོ་བོད་གཞུང་ལམ་གདང་ལ་རི་བོའི་རྒྱ་མཚོའི་ངོས་ལས་ས་བབས་མཐོ་བའི་ལམ་དུམ་དུ་དར་ཆགས་པས་རླངས་འཁོར་ཁག་ཅིག་གི་རླངས་སྣུམ་འཁྱགས་པས་བསྡམས་པ་དང་། རླངས་འཁོར་ལ་གནད་དོན་བྱུང་ནས་དེར་ལུས་པའི་གནས་ཚུལ་ཐོན་པ་རེད། རྫོང་དེའི་མི་དམངས་ཉེན་རྟོག་པ(རམ་འདེགས)ཡིས་ཉིན་མཚན་གཉིས་ཀར་འབད་པ་བྱས་པ་བརྒྱུད། ཟླ་3ཚེས་18ཉིན་གྱི་ཆུ་ཚོད་19ཐོག་གཞུང་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད། 
         ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ལྟེ་གནས་སྒྲིག་ལམ་རུ་ཁག་འབྲིང་བའི་རུ་དཔོན་དོན་འགྲུབ་ཀྱིས། མཚོ་བོད་གཞུང་ལམ་གདང་ལ་རི་བོའི་ལམ་དུམ་ནི་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་5000ལས་བརྒལ་ཡོད་པ་དང་། ལོ་རེའི་དགུན་ཁ་དང་དཔྱིད་ཀའི་དུས་ཚིགས་སུ་ཁ་བ་བསགས་ནས་འཁྱགས་པ་ཆགས་སླ། ཟླ་3ཚེས་17ཉིན། གདང་ལ་རི་བོ་ཉག་ཁ་སོགས་རྒྱ་མཚོའི་ངོས་ལས་ས་བབས་མཐོ་བའི་ལམ་དུ་ཁ་བ་བུ་ཡུག་འཚུབ་པའི་གནམ་གཤིས་བྱུང་བས། ལམ་ངོས་ལ་འཁྱག་ཆགས་ཏེ་རླངས་འཁོར་བགྲོད་མི་ཐུབ་པར་གྱུར་ཡོད།

         ལམ་དུམ་ཁ་ཤས་སུ་ཁ་བ་བསགས་ནས་འཁྱགས་པ་ཆགས་ཚབས་ཆེ་བས། གཞུང་ལམ་ཤར་བགྲོད་ཀྱི་ཆ་རྐྱེན་ཞན། ཨ་མདོ་རྫོང་གིས་ཐོག་མར་བོད་ནས་ཐོན་པའི་རླངས་འཁོར་ལ་གནས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་ལག་བསྟར་བྱས་ཏེ། རྒྱ་ཆེ་བའི་རླངས་འཁོར་འགག་པའི་གནས་ཚུལ་སྔོན་འགོག་བྱས་པ་དང་། དེ་ནས་ས་གནས་སོ་སོའི་ལས་རེས་ཉེན་རྟོག་ནུས་ཤུགས་དང་དུས་ཐོག་ལ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། བོད་དུ་བསྐྱོད་པའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཁག་བགོས་ཤིང་རིམ་ལྡན་ངང་བཏང་སྟེ་རླངས་འཁོར་འགག་ཐེངས་གཉིས་པ་མི་ཡོང་བ་བྱས་ཡོད།
         ཨ་མདོ་རྫོང་མི་དམངས་ཉེན་རྟོག་པ་(རམ་འདེགས)40ཡིས་མཚན་གང་བོར་ཁ་བ་དང་འཁྱགས་པ་ཕྱག་པ་དང་། ཁ་ལོ་བར་གནད་དོན་བྱུང་བའི་རླངས་འཁོར་ཞིག་གསོ་བྱེད་རོགས་བྱེད་པ། འདྲེད་འགོག་བྱེ་མ་བརྡལ་བ། འདྲེད་འཁོར་ལ་འདྲེད་འགོག་ལྕགས་ཐག་རྒྱག་རོགས་བྱེད་པ་སོགས་བྱས་པས། ཟླ་3ཚེས་18ཉིན་གྱི་ཆུ་ཚོད་19ཐོག  མཚོ་བོད་གཞུང་ལམ་ཨ་མདོ་ལམ་དུམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ཡོད།

         དོན་འགྲུབ་ཀྱིས། ཐེངས་འདིར་ཨ་མདོ་ཉེན་རྟོག་ཕྱོགས་ཀྱིས་རླངས་འཁོར་1000ལྷག་ལ་ལམ་སྟོན་ཐུབ་ཡོད་པ་དང་། གནད་དོན་ལ་འཕྲད་པའི་རླངས་འཁོར་40ལྷག་ཙམ་ཞིག་གསོ་བྱེད་རོགས་དང་། ལ་དུག་བྱུང་མཁན་10ལྷག་ལ་རོགས་སྐྱོབ་བཅས་བྱས་ཡོད་པ་བཤད།