དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཐོ་སློབ་སློབ་ཐོན་སློབ་མའི་ཁ་གསབ་རོཊ་དངུལ་དྲ་ཐོག་ནས་རེ་ཞུ་བྱ་ཆོག

སྤེལ་དུས 2020-03-25 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལས་ཞུགས་སྔོན་ལ་བྱེད་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཁ་གསབ་རོགས་དངུལ་སྒྲུབ་གཉེར་དང་སྤྲོད་མཁན་སྡེ་ཚན་ཁག་གི་ལས་ཕྱོད་ཆེ་རུ་གཏོང་བ། བདག་སྤྲོད་ཞབས་ཞུའི་གནོན་ཤུགས་ཆུང་དུ་གཏོང་བ།  འགྲོ་འོང་བྱེད་ཐེངས་ཉུང་དུ་བཅས་གཏོང་ཆེད། 《བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོམ་རའི་ལས་ཞུགས་དང་རང་བརྟེན་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་དྲ་ཐོག་ནས་རེ་ཞུ་བྱེད་པ་དང་། དེ་བཞིན་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》(བོད་མི་སྤྱི་ཡིག[2019]ཨང་384)བླང་བྱ་གཞིར་བཟུང་། 2020ལོའི་ཟླ་4ཚེས་1ཉིན་ནས་བཟུང་། བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོམ་རའི་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་དྲ་ཐོག་ནས་རེ་ཞུ་དང་ཞིབ་བཤེར་བྱ་རྒྱུ་རེད་འདུག  ད་ལྟ་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ་ཏེ།
       གཅིག བོད་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་ལས་ཞུགས་བྱས་པའི་ལྗོངས་ནང་ཁུལ་གྱི་ཁེ་ལས་ཁག ཁེ་ལས་ཀྱིས་གཅིག་གྱུར་ངང“བོད་ལྗོངས་སྤྱི་པའི་ལས་ཞུགས་ཞབས་ཞུ་དྲ་བའི་ཚོམས་ཆེན”(དྲ་གནས། http://218.206.180.132/)གྱི་དྲ་ཚིགས་ནང་འཛུལ་བ་དང་།  “ཚན་པ”ཞེས་པ་བསྣན་པ་དང་ཐོ་འགོད་ལེགས་གྲུབ་ཟིན་རྗེས“ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ལས་ཞུགས་ཁ་གསབ་རོགས་དངུལ་རེ་ཞུའི”ནང་འཛུལ་ནས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ལས་ཞུགས་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་ཆོག 
       གཉིས། ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་སྐྱེས་ཁུངས་བོད་ལྗོངས་ནས་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ(མཐོ་རྒྱུགས་གཏོང་སྐབས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ)སློབ་ཐོན་སློབ་མས“བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས”ཀྱི་སྐད་འཕྲིན་ཞབས་ཞུའི་ཨང་གྲངས་ནང་འཛུལ་བ་དང་། “ལས་སྒྲུབ་ཚོམས་ཆེན”ཞེས་པ་བསྣན་རྗེས“ལྗོངས་ཕྱིའི་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་རེ་ཞུའི”ནང་འཛུལ་ནས་ལྗོངས་ཕྱིའི་ལས་ཞུགས་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་ཆོག 
       གསུམ། བོད་ཀྱི་མཐོ་སློབ་འགྲིམ་མྱོང་བའི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་ལོ་འདི་གའི་སློབ་ཐོན་སློབ་མ(སྐྱེས་ཁུངས་བོད་ལྗོངས་ནས་ཡིན་པ་དང་ལྗོངས་ཕྱིར་མཐོ་སློབ་འགྲིམ་པའི་མཐོ་སློབ་སློབ་ཐོན་སློབ་མས་རང་གནས་སའི་མཐོ་སློབ་ལ་རེ་ཞུ་བྱས་ཏེ་ས་གནས་དེ་གའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཡིག་ཆར་གཞིགས་ནས་ལག་བསྟར་བྱ་རྒྱུ)སློབ་གྲྭ་ཐོན་པའི་ལོ་འཁོར་དེར་ལས་ཞུགས་ཀྱི་འདོད་འདུན་ཡོད་པ་མ་ཟད། ལས་ཀ་ཧུར་ཐག་འཚོལ་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལོངས་སུ་སྤྱོད་མཁན་གྱི་ཁྱིམ་ཚང་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་བཅས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དང་།  དཀའ་ངལ་ཡོད་པའི་མི་སྣའི་ཁྲོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ། དབང་པོ་སྐྱོན་ཅན་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ། སློབ་གྲྭ་འགྲིམ་རིང་སློབ་སྐྱོར་དངུལ་བུན་ལོངས་སུ་སྤྱོད་མཁན་གྱི་མཐོ་སློབ་སློབ་ཐོན་སློབ་མ་བཅས་རེད། སློབ་ཐོན་སློབ་མས“བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས”ཀྱི་སྐད་འཕྲིན་ཞབས་ཞུའི་ཨང་གྲངས་ནང་འཛུལ་བ་དང་། “ལས་སྒྲུབ་ཚོམས་ཆེན”ཞེས་པ་བསྣན་རྗེས“ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ཁ་གསབ་རོགས་དངུལ་རེ་ཞུའི”ནང་འཛུལ་བ་ནས་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་ཆོག 
       བཞི། མི་སྤྱོད་ཚན་པས་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་པར་སྟབས་བདེ་ཡོང་ཆེད།  སྤྱི་ཚོགས་འགན་བཅོལ་གྱི་སྒྲུབ་གཉེར་དབང་ཚད་གཞིར་བཟུང་། ཆ་རྐྱེན་དང་མཐུན་པའི་ལྗོངས་ནང་ཁུལ་གྱི་མི་སྤྱོད་ཚན་པ་ཁག་གིས་བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བསྡུ་ལེན་བྱས་རྗེས། ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་འགན་བཅོལ་འཇལ་ཡུལ་གྱི་ས་ཁུལ་དང་གྲོང་ཁྱེར་གྱི་མི་སྤྱི་སྡེ་ཚན་ལ་རེ་ཞུ་བྱེད་ཆོག་པ་དང་། བོད་སྡོད་ཀྲུང་དབྱང་ཁེ་ལས་ཀྱིས་ཐོ་འགོད་བྱེད་སའི་ས་ཁུལ་གྱི་མི་སྤྱི་སྡེ་ཚན་ལ་རེ་ཞུ་བྱེད་ཆོག 
       རིམ་ཁག་མི་སྤྱི་སྡེ་ཚན་གྱིས་རེ་ཞུའི་ལས་སྟེགས་བརྒྱུད། མི་སྤྱོད་ཚན་པ་ཁག་དང་མཐོ་སློབ་སློབ་ཐོན་སློབ་མའི་རེ་ཞུའི་དཔྱད་ཡིག་ལ་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་གྱི་ཚད་གཞི་ལོན་རྗེས་མི་སྤྱོད་ཚན་པ་དང་མཐོ་སློབ་སློབ་ཐོན་སློབ་མས་ངེས་པར་དུ་ཤོག་ཐོག་དཔྱད་ཡིག་རྣམས་འབྲེལ་ཡོད་མི་སྤྱི་སྡེ་ཚན་ལ་ཕུལ་ནས་ཐོ་འགོད་བྱེད་དགོས།
       ལྷ་ས་གྲོང་ཁྱེར་གྱི་བློ་འདྲིའི་ཁ་པར་ཨང་གྲངས། 0891- 6344490
       གཞིས་རྩེ་གྲོང་ཁྱེར་གྱི་བློ་འདྲིའི་ཁ་པར་ཨང་གྲངས། 0892- 8835301
       ལྷོ་ཁ་གྲོང་ཁྱེར་གྱི་བློ་འདྲིའི་ཁ་པར་ཨང་གྲངས། 0893-7832228
       ཉིང་ཁྲི་གྲོང་ཁྱེར་གྱི་བློ་འདྲིའི་ཁ་པར་ཨང་གྲངས། 0894- 5832355
       ཆབ་མདོ་གྲོང་ཁྱེར་གྱི་བློ་འདྲིའི་ཁ་པར་ཨང་གྲངས། 0895-4830158
       ནག་ཆུ་གྲོང་ཁྱེར་གྱི་བློ་འདྲིའི་ཁ་པར་།ཨང་གྲངས། 0896 - 3822075
       མངའ་རིས་ས་ཁུལ་གྱི་བློ་འདྲིའི་ཁ་པར་ཨང་གྲངས། 0897- 2824171
       རང་སྐྱོང་ལྗོངས་ཀྱི་བློ་འདྲིའི་ཁ་པར་ཨང་གྲངས། 0891- 6339878 དང 6867389
       དྲ་ཚིགས་ལག་རྩལ་གྱི་ཞབས་ཞུའི་ཁ་པར་ཨང་གྲངས། 0891- 6320775    
རྩོམ་སྒྲིག་པ།སྣང་རྡོར།