དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལས་འགོ་ཚུགས་སོང་། མཐོ་སྒང་གི་བཟོ་ལས་གནའ་ཤུལ་ཞིག་མཛེས་རྩལ་ཁང་དུ་བསྒྱུར་བ།

སྤེལ་དུས 2020-03-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བོད་ལྗོངས་མཛེས་རྩལ་ཁང་ལས་འགོ་ཚུགས་པའི་ཡུལ་དངོས།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན། བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་ལྷ་སའི་ཨར་འདམ་བཟོ་གྲྭ་རྙིང་པར་དངོས་སུ་ལས་འགོ་ཚུགས། བོད་ལྗོངས་མཛེས་རྩལ་ཁང་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མཛེས་རྩལ་ཁང་ཞིག་ཡིན་པ་དང་། རྣམ་གྲངས་འདི་བསྒྲུབ་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་གཙོ་གནད་མཛེས་རྩལ་ཁང་ཞིག་བསྐྲུན་རྒྱུ་དེ་ཡིན་ལ། དེའང་ཉར་ཚགས་དང་། འགྲེམས་སྟོན། ཞིབ་འཇུག བགྲོ་གླེང་། སློབ་གསོ། ཁྱབ་གདལ་བཅས་ཀྱི་ནང་དོན་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་དང་། རྒྱལ་སྤྱི་ཅན། གྲངས་གཞི་ཅན་བཅས་ཀྱི་ཕྱོགས་བསྡུས་མཛེས་རྩལ་ཁང་ཆེ་གྲས་ཤིག་བསྐྲུན་པར་བརྩོན་ལེན་བྱ་རྒྱུ་དེ་རེད།
         བོད་ལྗོངས་མཛེས་རྩལ་ཁང་ནི་ད་ཡོད་ལྷ་སའི་ཨར་འདམ་བཟོ་གྲྭ་རྙིང་པའི་རྨང་གཞིའི་ཐོག་མཛེས་རྩལ་ཁང་ཞིག་གི་བཟོ་བཀོད་ཀྱི་བླང་བྱ་ལྟར་སྒྱུར་བཀོད་དང་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། བཟོ་གྲྭ་རྙིང་པའི་སྔར་ཡོད་སྒྲིག་བཀོད་དང་ཆ་རྐྱེན་བེད་སྤྱོད་གང་ལེགས་བྱས་པ་དང་། མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་བཏོད་དེ། བོད་ལྗོངས་བཟོ་ལས་ཀྱི་དྲན་པ་དང་དང་གསར་བརྗེའི་དྲན་ཤེས་མངོན་པར་མཚོན་ཡོད།
མཁའ་དབྱིངས་ནས་བླངས་པའི་བོད་ལྗོངས་མཛེས་རྩལ་ཁང་གི་པར་རིས།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་ནི་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་བོད་ཀྱི་རིག་གནས་དང་རིག་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ལྗོངས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་རྣམ་གྲངས་གལ་ཆེན་ཞིག་དང་། བོད་རང་སྐྱོང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་ཁྱབ་ཁོངས་ཀྱི་དམངས་འཚོའི་བྱ་གཞག་གལ་ཆེན་ཞིག་ཀྱང་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་མཛེས་རྩལ་ཁང་ནི་བོད་ལྗོངས་ཀྱི་དེང་རབས་བཟོ་ལས་ཀྱི་གནའ་ཤུལ་ཐོག་སྒྱུར་བཀོད་བྱས་པའི་རྣམ་གྲངས་ཤིག་ཡིན་པས། བོད་ལྗོངས་ཀྱི་བཟོ་ལས་དཔལ་ཡོན་རྒྱུན་མཐུད་དང་བཟོ་ལས་ཀྱི་རིན་ཐང་བསྐྱར་དུ་བེད་སྤྱོད་པའི་དོན་སྙིང་འདུས་ཡོད་དེ།  འཛུགས་སྐྲུན་རྣམ་གྲངས་འདིས་ཨར་འདམ་བཟོ་གྲྭ་ནི་གནའ་དུས་བོད་ཀྱི་གསར་བརྗེའི་བཟོ་ལས་ཀྱི་མཚོན་རྟགས་ཤིག་ཡིན་པ་མཚོན་པར་མ་ཟད། བོད་ལྗོངས་ཀྱི་དོན་དངོས་དང་ཁྱད་ཆོས་ལ་ཟུང་འབྲེལ་གང་ལེགས་བྱས་ཏེ། ཨར་འདམ་བཟོ་གྲྭའི་བཟོ་ལས་རྗེས་ཤུལ་གྱི་གཞི་རྒྱུ་དེ་མཛེས་རྩལ་ཁང་གི་ཇུས་འགོད་ཁྲོད་མཚོན་པར་བྱས་ནས། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་བཟོ་ལས་རིག་གནས་དང་གསར་བརྗེའི་རིག་གནས་ཀྱི་དྲན་ཤེས་མངོན་པར་མཚོན་ཡོད།
བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་སྒྱུར་བཀོད་གནའ་ཤུལ་ཀྱི་རྒྱབ་ཏུ་བསྐྱུར་ཡོད་པའི་བཟོ་སྐྲུན་རྙིང་པ།
བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་སྒྱུར་བཀོད་གནའ་ཤུལ་ཀྱི་རྒྱབ་ཏུ་བསྐྱུར་ཡོད་པའི་བཟོ་སྐྲུན་རྙིང་པ།
བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་སྒྱུར་བཀོད་གནའ་ཤུལ་ཀྱི་རྒྱབ་ཏུ་བསྐྱུར་ཡོད་པའི་བཟོ་སྐྲུན་རྙིང་པ། 
         བོད་ལྗོངས་མཛེས་རྩལ་ཁང་འཛུགས་སྐྲུན་བྱས་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་བསྐྲུན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་མཛེས་རྩལ་ཁང་བསྐྲུན་རྗེས། དེ་ནི་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་དུ་མཛེས་རྩལ་འགྲེམས་སྟོན་སོགས་རིག་གནས་སྒྱུ་རྩལ་བགྲོ་གླེང་བྱེད་པའི་སྤྱི་པའི་རིག་གནས་སྒྲིག་བཀོད་གལ་ཆེན་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྤྱི་པའི་བྱེད་སྒོ་སྤེལ་ས་གལ་ཆེན་ཞིག་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་བོད་ཀྱི་ཕུལ་བྱུང་རིག་གནས་འགྲེམས་སྟོན་བྱ་ཡུལ་གཙོ་བོ་ཞིག་ཏུ་འགྱུར་བ་དང་།  དེ་མིན་དེ་ནི་བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མཚོན་པར་བྱེད་པའི་སྒེའུ་ཁུང་ལྟ་བུ་དང་། གནས་ཁུལ་རང་བཞིན་དང་དེང་རབས་རང་བཞིན། སྒྱུ་རྩལ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མཛེས་རྩལ་ཚོམས་ཆེན་ཞིག་ཏུ་འགྱུར་ངེས་ཡིན་པ་རེད།
མཁའ་དབྱིངས་ནས་བླངས་པའི་བོད་ལྗོངས་མཛེས་རྩལ་ཁང་གི་པར་རིས།
         དེའང་བོད་ལྗོངས་མཛེས་རྩལ་ཁང་འདི་བྱེད་ནུས་ཁུལ་Aདང་། བྱེད་ནུས་ཁུལ་Bདང་། བྱེད་ནུས་ཁུལ་Cདང་Dབཅས་བྱེད་ནུས་ཁུལ་བཞི་རུ་དབྱེ་རྩིས་ཡོད་ལ། དེའི་ནང་བྱེད་ནུས་ཁུལ་Aནི་“བོད་ལྗོངས་མཛེས་རྩལ་ཁང་གི་འགྲེམས་ཁང་གཙོ་བོ”ཡིན་པ་དང་། དེའི་སྤྱོད་སྒོའི་ཐད་མཛེས་རྩལ་ཁང་གི་འགྲེམས་སྟོན་དང་། ཉར་ཚགས། སྤྱི་པའི་ཞབས་ཞུ་བཅས་འདོན་སྤེལ་བྱ་རྒྱུ་ལྟེ་བར་བཟུང་ཡོད། བྱེད་ནུས་ཁུལ་Bནི་“སྒྱུ་རྩལ་ཉམས་ལེན་ཁུལ”ཡིན་ཞིང་། གཙོ་བོ་སྤྱི་དམངས་ཀྱི་སློབ་གསོའི་ནུས་པ་དང་ཧི་མ་ལ་ཡའི་སྒྱུ་རྩལ་གསར་རྩོམ་ལྟེ་གནས་སོགས་ཀྱི་སྤྱོད་སྒོའི་ཁྱད་ཆོས་མངོན་པར་བཏོད་ཡོད། བྱེད་ནུས་ཁུལ་Cནི་སྒྱུ་རྩལ་མཁས་ཅན་གྱི་གསར་རྩོམ་རྟེན་གཞི་ཡིན་པ་དང་། བྱེད་ནུས་ཁུལ་Dནི་སྒྱུ་རྩལ་ཚོང་འདུས་རེད། ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་47340ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་32825ཡོད། དེ་ལས་གསར་དུ་བསྐྲུན་པའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་25499ཟིན་ལ། བསྒྱུར་བཀོད་བྱས་པའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་7326ཟིན་པ་དང་། མཛེས་རྩལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་གྲུ་བཞི་མ་22000ཟིན་ཡོད། བྱེད་ནུས་ཁུལ་Bཡི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་2245ཟིན་པ་དང་། བྱེད་ནུས་ཁུལ་Cཡི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་5144ཟིན་ཡོད། བྱེད་ནུས་ཁུལ་Dཡི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་3436ཟིན་པ་རེད། ཤོང་ཚད་0.61ཟིན་པ་དང་། སྔོ་ལྗང་རྒྱ་ཁྱོན་གྱི་ཟིན་ཚད་30%ཡིན་ལ། ཆོག་མཆན་ཐོབ་པའི་མ་དངུལ་ཕལ་ཆེར་སྒོར་དུང་ཕྱུར་3.508བཏང་ཡོད་པ་རེད།
བོད་ལྗོངས་མཛེས་རྩལ་ཁང་ལས་འགོ་ཚུགས་པའི་ཡུལ་དངོས།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཛེས་རྩལ་ཁང་གི་གནས་ཁུལ་གཙོ་བོ་Aདང་Bགཉིས་ཀྱི་ལས་གཞི་དེ་2021ལོའི་ཟླ་7པར་ལས་ཀའི་མཇུག་འགྲིལ་ཐུབ་ལ། 2021ལོའི་ཟླ་7པར་འགྲེམས་ཁང་གཙོ་བོ་སྒོ་ཕྱེ་ནས་ལས་འགོ་རྩོམ་ཐུབ་པར་འགན་ལེན་བྱས་ཏེ། 2021ལོར་ཏང་བཙུགས་ནས་ལོ་འཁོར་100ལོན་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར་70ལོན་པར་ལེགས་སྐྱེས་སུ་འབུལ་རྒྱུ་རེད།