དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་ཏུ་རིག་གནས་ཀྱི་མྱོང་བ་གསར་པ་འགྲེམས་སྟོན་བྱས།

སྤེལ་དུས 2020-03-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

འདི་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་སྟོན་ཁང་གི་བཅད་པར་རེད།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས་24ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་རྒྱུས་ལོན་བྱུང་གསལ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་དེ་རྒྱ་ཆེའི་དྲ་གྲོགས་ཚོར་སྒོ་ཕྱེས་ཡོད་པ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དངོས་ཐོག་འགྲེམས་ཁང་གི་རྨང་གཞིའི་ཐོག བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་VRལྗོངས་ཡོངས་ཀྱི་ལག་རྩལ་སྤྱད་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་གསར་སྤེལ་བྱས་པ་རེད།

འདི་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་སྟོན་ཁང་གི་བཅད་པར་རེད།
          བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་དོན་མི་སྣ་ཀྲང་ཝུའེ་ཝུའེ་ཡིས་ངོ་སྤྲོད་བྱས་དོན། དྲ་ཐོག་འགྲེམས་ཁང་གིས་དེའི་ཞིབ་ཅིང་ཕྲ་བའི་ཡི་གེ་དང་། གསོན་ཉམས་ལྡན་པའི་པར་རིས་དང་འཇིམ་བརྐོས། དེ་མིན་རྩ་ཆེའི་ལོ་རྒྱུས་ཡིག་ཚགས་དང་རིག་དངོས་འབོར་ཆེན་བཅས་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་བཅད་ནས་གནམ་ས་བླ་འོག་བརྗེ་འདྲའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་གསོན་ཉམས་དོད་པོས་ངང་གསལ་འགྲེལ་བྱས་ཡོད་ཅེས་བཤད།
          དྲ་ཐོག་འགྲེམས་ཁང་དུ་VRའགྲེམས་ཁང་དང་། པར་རིས་དང་ཡིག་རིགས་ཀྱི་ལོ་རྒྱུས་དཔྱད་ཡིག་ཁང་བཅས་འདུས་ཡོད། VRའགྲེམས་ཁང་གིས་ལྗོངས་ཡོངས་ཀྱི་ལག་རྩལ་སྤྱད་དེ་དྲ་སྦྲེལ་གྱི་རྒྱུ་རྐྱེན་གཙོ་བོར་བརྟེན་ནས་འགྲེམས་སྟོན་གྱི་ནང་དོན་ཕྱིར་མངོན་ཞིང་། ལྗོངས་ཡོངས་ཀྱི་རྣམ་པའི་ཐོག་ནས་ཡུལ་དངོས་སུ་ཐོན་པའི་ཚོར་བའི་རྣམ་པ་སླར་གསོ་བྱས་ཡོད།
          VRའགྲེམས་ཁང་དེ་ཁག་ལྔར་བགོས་ཡོད་དེ། “བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཁག་གཅིག་ཡིན”པ་དང་།“ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གི་བོད་ལྗོངས་རྙིང་པ”དང་“དམངས་གཙོའི་བཅོས་སྒྱུར”དང་“སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ”དང་“དཔའ་ངར་ཆེར་བསྐྱེད་ཀྱིས་དུས་རབས་གསར་པར་བསྐྱོད་པ”བཅས་རེད།
          ཀྲང་ཝུའེ་ཝུའེ་ཡིས་བཤད་རྒྱུར།“VRའགྲེམས་ཁང་གི་ལེགས་ཆ་ཆེ་ཤོས་ནི་བདེན་དངོས་དང་། ཆ་ཚང་བ། གསོན་ཉམས་ལྡན་པ་བཅས་ཀྱི་སྒོ་ནས་དངོས་ཐོག་འགྲེམས་ཁང་བསྐྱར་དུ་མངོན་པར་བྱས་ཤིང་། དེར་པར་རིས་དང་། ཡི་གེ འཇིམ་བརྐོས། རིག་དངོས། བརྙན་ལམ་བཅས་མཐོང་ཐུབ་ཀྱི་ཡོད”ཅེས་བཤད།
          པར་རིས་དང་ཡིག་རིགས་ལོ་རྒྱུས་དཔྱད་ཡིག་ཁང་གིས་དངོས་ཐོག་འགྲེམས་ཁང་གི་འགྲེམས་སྟོན་གྱི་ནང་དོན་དེ་ལོ་རྒྱུས་ཀྱི་དུས་ཚོད་ལྟེ་བ་བྱས་ཏེ། དངོས་ཐོག་འགྲེམས་ཁང་གི་ཁག་ལྔ་བོ་དང་འགྲེམས་སྟོན་ཚན་པ་མི་འདྲ་བར་གཞིགས་ནས་འགྲེམས་ཞུའི་ཡིག་རིས་སོགས་ཀྱི་ཆ་འཕྲིན་ཚང་མ་དེབ་གཅིག་ཏུ་བསྡུས་ནས་དྲ་གྲོགས་ཚོས་ཞིབ་ཀློག་བྱེད་པའི་དགོས་མཁོ་བསྐངས་ཡོད་པ་རེད།
          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་གི་དམིགས་ཡུལ་ནི་དྲན་གསོ་ཁང་ནང་གི་རྩ་ཆེའི་ནང་དོན་གྲངས་གཞི་ཅན་དང་། དྲ་རྒྱ་ཅན། རྟོག་བཟོ་ཅན་དུ་བསྒྱུར་ནས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ས་གཞིའི་སྟེང་བཤམས་པའི་ཤུལ་དངོས། དཔེ་དེབ་ནང་བྲིས་པའི་ཡི་གེ་བཅས་གསོན་ཉམས་དོད་པོར་བཏང་ནས་དྲ་གྲོགས་ཚོས་ས་ཁོངས་དང་། དུས་ཚོད། སྐད་ཡིག་བཅས་ལས་བརྒལ་ཏེ་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ལོ་རྒྱུས་རིག་གནས་མྱོང་ཚོར་ཐུབ་པ་བྱ་རྒྱུ་དེ་རེད།
          1959ལོའི་ཟླ་3པའི་ཚེས་28ཉིན། ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་སྲིད་གཞུང་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་སྤྱད་དེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བཞིན་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་འཐོབ་པ་རེད།