དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ཟླ4ཚེས2ཉིན་གཏོང་མཁན་རེད་འདུག

སྤེལ་དུས 2020-03-27 ཡོང་ཁུངས། ཉིང་ཁྲིའི་སྐད་འཕྲིན། རྩོམ་པ་པོ།

          ཚེས་26ཉིན། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལིའུ་ཀོང་མིང་གིས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་18པའི་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་བྱས་ནས། ཁམ་བུའི་མེ་ཏོག་དུས་ཆེན་གྱི་བྱེད་སྒོའི་ཇུས་གཞིར་གྲོས་བསྡུར་ཞིབ་འཇུག་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
          རང་སྐྱོང་ལྗོངས་དང་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཟླ་4ཚེས་2ཉིན། བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་18པ་གཉེར་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་དེ“མི་ཡུལ་གྱི་དག་པའི་ཞིང་ཁམས། མཛེས་སྡུག་གིས་ཕྱུག་པའི་ཉིང་ཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་རྒྱུ་ཡིན་པ་ཕུད། ཟླ་3ཚེས་28ཉིན་ནས་ཟླ་4ཚེས་6ཉིན་བར་དུས་ཡུན་ཉིན་10ཡི་རིང་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་དྲ་ཐོག་ནས“སྤྲིན་ཚོམ་གྱི་དཔྱིད་ཀའི་སྤྲོ་གསེང”བྱེད་སྒོ་སྤེལ་ནས། སྐབས་དེར་ཉིང་ཁྲི་གྲོང་ཁྱེར་གྱིས་ཉིང་ཁྲིའི་རིག་ལྡན་ཡུལ་སྐོར་ཆ་འཕྲིན་ལས་སྟེགས་དང་ཀྲུང་གོ་སྒུལ་བདེ་ཉིང་ཁྲི་ཡན་ལག་ཀུང་སིས་མཁོ་འདོན་བྱས་པའི་5Gའཕྲིན་གཏོང་ལག་རྩལ་སྤྱད་དེ། ཉིང་ཁྲིའི་ཡུལ་སྐོར་གཞུང་ཕྱོགས་སྐད་འཕྲིན་དང་། དཔོད་ཆུང་། དྲ་ཚུགས། འཁྱུག་དབྱིངས་བཅས་ཚང་མར་འཚོལ་ཞིབ་དང་སྦྲེལ་མཐུད་ཐུབ་པ་མ་ཟད། “ཉིང་ཁྲིའི་རིག་ལྡན་ཡུལ་སྐོར”གྱི་སྤྱི་རྟགས་དང་འཁྱུག་དབྱིངས་སོགས་ལས་སྟེགས་ཆེན་པོ་6ནས་ཉིང་ཁྲིའི་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོ་དང་། ཟུར་གསུམ་གྲོང་ཚོ། ཀླུ་ནང་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུ་བཅས་ཀྱི་གངས་རིའི་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཆུ་ཚོད་24ཡི་རིང་དུས་ཐོག་ཏུ་ཐད་གཏོང་བྱ་རྒྱུ་རེད་འདུག

རྩོམ་སྒྲིག་པ། བདེ་སྒྲོལ།