དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

3•28ཉིན་མོར་བོད་ཀྱི་ས་ཆ་ཁག་ནས་རྟེན་འབྲེལ་འདི་ལྟར་ཞུས་འདུག

སྤེལ་དུས 2020-03-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་61འཁོར་བར་དྲན་གསོ་ཞུ་ཆེད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་རྒྱ་ཆེའི་དྲ་གྲོགས་ལ་སྒོ་མོ་ཕྱེ་བ་དང་། ཟླ་3ཚེས་28ཉིན་གྱི་ཐོ་རེངས་བར་རྡེབ་གྲངས་ཁྲི་50ལྷག་ཙམ་ཟིན་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་གྱིས་སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས་ཡུལ་ལྗོངས་ཧྲིལ་པོར་ལྟ་ཐུབ་པའི་ལག་རྩལ་སྤྱད་དེ་པར་རིས་300ལྷག་ཙམ་དང་བརྙན་ལམ་10ལྷག་ཙམ་དང་། དེ་བཞིན་པར་རིས་ཀྱི་ལོ་རྒྱུས་དཔྱད་ཡིག་400ཙམ་འགྲེམས་སྟོན་བྱས་ནས་དངོས་ཚན་འགྲེམས་སྟོན་ཁང་གི་རྣམ་པ་ཡོངས་གསོན་ཉམས་དོད་པོའི་སྒོ་ནས་མངོན་ཡོད།

          ཚེས་27ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་61འཁོར་བར་དྲན་གསོ་ཞུ་ཆེད། ཆུ་གསུམ་རྫོང་གདོང་མཁར་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་མི་ཚོས“ང་དང་རྒྱལ་དར་མཉམ་དུ་འདྲ་པར་བརྒྱབ”དང་། རྒྱལ་དར་སྒྲེང་བ། དྲ་ཐོག་འགྲེམས་སྟོན་ཁང་ལ་ལྟ་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཏང་དང་མེས་རྒྱལ་གྱི་བཀའ་དྲིན་དྲན་པ་དང་དགའ་ཞེན་ཆེན་པོ་མཚོན་པར་བྱས་ཡོད། འདི་ནི་གདོང་མཁར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་ལོ་60ལ་སླེབས་པའི་ཏང་ཡོན་རྒན་གྲས་སྒྲོལ་མ་དང་མཉམ་དུ་རྒྱལ་དར་སྒྲེང་བཞིན་པ།
          ནག་ཆུར་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་གཏོང་བའི་བྱེད་སྒོ་སྤེལ་ཏེ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་། ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་ཡོན་སྒྲིག་འཛུགས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བྱེད་ཐབས་བཅུ་སོགས་གཙོ་བོར་བྱས་པའི་དྲིལ་བསྒྲགས་ཤོག་ལྷེ་4000ལྷག་ཙམ་དང་ཁ་རས་800ལྷག་ཙམ་བཀྲམ་པ་མ་ཟད། ཁྲོམ་ར་ཆེ་གྲས་ཁག་ཏུ་བསྐྱོད་དེ་དུག་སེལ་བྱས་པ་རེད།
          ལྷོ་ཁ་གྲོང་ཁྱེར་དུ་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་མང་ཚོགས་པད་མ་དབང་ཕྱུག་གིས་རང་གི་ཚ་བོ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་བཤམས་སྟོན་ཁང་དུ་ལྟ་སྐོར་ལ་ཁྲིད་པ་དང་། “སྔོན་ཆད་ཞིང་བྲན་ལ་རང་དབང་གཏན་ནས་མེད་ལ། སྤྱིལ་བུ་འདི་ལྟ་བུའི་ནང་སྡོད་དགོས་ཀྱི་ཡོད”ཅེས་བཤམས་སྟོན་ཁང་དུ་སྤོ་བོ་དང་ཚ་བོ་གཉིས་པོས་འགྲོ་ཞོར་དུ་འདི་ལྟར་བཤད།
          གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་གྲོང་མི་ཚོས་གཏམ་བརྗོད་ཟློས་གར《སྐྱེ་མི་ཆོག་པའི་མི》མཉམ་དུ་བལྟས། ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་འཁྲབ་སྟོན་བྱས་པ་བརྒྱུད། ལྟད་མོ་བར་བོད་རྙིང་པའི་ཞིང་བྲན་ཚོའི་ཡ་ང་བའི་འཚོ་བ་གསལ་བཤད་བྱས་པ་རེད། ད་ཆ་ཕྱུག་པོ་ཆགས་པའི་ས་གནས་དེ་གའི་མང་ཚོགས་ཀྱིས་ཐོག་སོ་གཉིས་ལྡན་གྱི་ཁང་གསར་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་དུད་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
          ཉིང་ཁྲིར་བོད་ལྗོངས་ཀྱི་ས་མཚམས་ནས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཉིང་ཁྲི་ཉིང་ལག་རུ་ཁག་གི་ཚན་པ་ཁག་གིས“བོད་ཀྱི་སྤྱི་ཚོགས་གསར་རྙིང་བསྡུར་བའི”པར་རིས་དྲིལ་བསྒྲགས་སྒྲོམ་སོགས་བཙུགས་ནས་ཏང་གི་མི་རིགས་སྲིད་ཇུས་དང་། མཐའ་མཚམས་དོ་དམ་ལམ་ལུགས། བདེ་འཇགས་དོ་དམ་ཁྲིམས་སྲོལ། ཞིང་པའི་ཁེ་དབང་སྲུང་སྐྱོང་གི་རྒྱུན་ཤེས་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་པ་རེད།

          བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་61འཁོར་བར་དྲན་གསོ་ཞུ་ཆེད། ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་དམངས་གཅེས་སློབ་ཆུང་དུ་བསྐྱོད་ནས་དགེ་སློབ་ཚོ་དང་མཉམ་དུ་སློབ་གྲྭའི་ནང“དཔུང་སྡེ་དང་སློབ་གྲྭ་མཉམ་སྐྲུན”གྱི་རྒྱལ་སྲུང་སློབ་གསོའི་ཁྱམས་རིང་ལ་བལྟས་ཤིང་། འདི་ནི་དཔོན་དམག་གིས་སློབ་མར་བོད་ཀྱི་ལོ་རྒྱུས་འགྲེལ་བརྗོད་བྱེད་བཞིན་པ།
          “བོད་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་དང་པོ”ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོར་དུད་ཚང་ཚང་མས་རང་འགུལ་ངང་སྐར་ལྔའི་དར་དམར་གསར་རྐྱང་བརྗེས་པ་དང་འབྲེལ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད། ལོ་78ལ་སླེབས་པའི་གྲོང་མི་ཕུར་པར་ཏང་ལོ་50ལྡན་པ་དང་ཞོགས་པ་སྔ་པོ་ནས་ཚ་བོ་དང་ཚ་མོ་ཁྲིད་ནས་རྒྱལ་དར་གསར་པ་བརྗེས། “ཆུང་དུས་ནས་སྤོ་བོ་ལགས་ཀྱིས་ང་ཚོར་མེས་རྒྱལ་ལ་དགའ་ཞེན་དང་སྐར་ལྔའི་དར་དམར་ལ་གཅེས་སྤྲས་བྱས་ཏེ། སློབ་སྦྱོང་ཡག་པོ་བྱེད་པ་དང་ཆེན་པོ་ཆགས་རྗེས་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད”ཅེས་ཕུར་པའི་ཚ་བོ་ཕུར་བུ་ཚེ་རིང་གིས་བཤད།
          མངའ་རིས་ས་ཁུལ་དུ་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་མ་སྒྲིག་འཛུགས་བྱས་ནས“འཕྲིན་ལན་སློབ་སྦྱོང་བྱེད་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཕ་ཡུལ་ལ་དགའ་ཞེན”བཅས་བྱེད་པའི་བརྗོད་དོན་གཙོ་བོའི་ལག་བྲིས་ཚགས་པར་གྱི་འགྲན་བསྡུར་བྱེད་སྒོ་གཉེར་ཏེ། གསོན་ཉམས་ལྡན་པའི་ལག་བྲིས་ཚགས་པར་རེ་རེ་བཞིན་ལས་མངའ་རིས་ས་ཁུལ་གྱི་ཕྲུ་གུ་ཚོས་མེས་རྒྱལ་ལ་དགའ་ཞེན་དང་དྲིན་ཚོར་གྱི་བསམ་པ་བརྒྱུད་སྤྲོད་བྱས་པ་རེད།