དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སང་ཉིན་ནས་ལྷ་སའི་དགོན་སྡེ་ཁག་གཅིག་སྒོ་འབྱེད་རྒྱུ་རེད་འདུག

སྤེལ་དུས 2020-03-30 ཡོང་ཁུངས། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས། རྩོམ་པ་པོ།

ལྷ་ས་གྲོང་ཁྱེར་གྱི་ཐག་རིང་བའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་སྒོ་ཕྱེ་ཆོག་པའི་སྤྱི་བསྒྲགས།

          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཏང་ཨུད་དང་ལྷ་ས་གྲོང་ཨུད་ཀྱི་བཀའ་བཀོད་གསར་པ་དང་རེ་བ་གསར་པ་ལག་བསྟར་དོན་འཁྱོལ་བྱ་ཆེད། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་གནས་སྟངས་དང་། གཞི་ཁྱོན། ཤུགས་རྐྱེན། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ལ་གཞིགས་ཏེ། རིམ་གྱིས་སྒོ་ཕྱེ་བའི་རྩ་དོན་ལྟར། སྔོན་ལ་ཐག་རིང་དང་། དེ་ནས་རྫོང་གྲོང་། དེ་རྗེས་ལྟེ་བའི་གྲོང་ཁྱེར་(ཁྲེན་ཀོན་ཆུས་)བཅས་ཀྱི་གོ་རིམ་ལྟར། ཞིབ་འཇུག་བྱས་རྗེས། འབྲས་སྤུངས་དགོན་དང་། སེ་ར་དགོན། དགའ་ལྡན་དགོན། མཚུར་ཕུ་དགོན། གཙུག་ལག་ཁང་བཅས་དང་། སྟོད་ལུང་བདེ་ཆེན་ཆུས་མངའ་ཁོངས་ཀྱི་སྐྱོར་མོ་ལུང་དང་། སྟག་ལུང་བྲག གཞོང་པ་ལྷ་ཆུ། དགའ་གདོང་དགོན། སྟག་རྩེ་ཆུས་མངའ་ཁོངས་ཀྱི་གསང་སྔགས་དགོན། ལྷུན་གྲུབ་རྫོང་མངའ་ཁོངས་ཀྱི་དགའ་ལྡན་ཆོས་འཁོར། མལ་གྲོ་གུང་དཀར་རྫོང་མངའ་ཁོངས་ཀྱི་ཀ་ཚལ་དགོན་དང་། དམ་ཆེན་ལྷ་ཁང་། སྙེ་མོ་རྫོང་གི་བེེ་རོ་གོང་འོག་དང་། སྣེའུ་ཁུལ་གསར་གྱི་ཉི་མ་ཐང་དགོན། གསང་ཕུ་དགོན། སྤེ་སེར་དགོན། རྣམ་རྒྱལ་སེར་ཁང་། མཚམས་ཁུང་མ་ཎི་ལྷ་ཁང་། སྐར་ཆུང་ལྷ་ཁང་། མཁའ་འགྲུལ་ཁུལ་གསར་གྱི་རྣམ་རབ་དྭགས་པོ་གྲྭ་ཚང་བཅས་དང་། ཁྲེན་ཀོན་ཆུས་མངའ་ཁོངས་ཀྱི་དགོན་སྡེ་ཁག་ཕུད། ཐག་རིང་བའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་214དེ་དག་2020ལོའི་ཟླ་3པའི་ཚེས་31ཉིན་ནས་སྒོ་ཕྱེ་རྒྱུའི་གཏན་འཁེལ་བྱས་པས། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་བདེ་ཐང་གི་ངོ་སྤྲོད་དང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བསྣམས་ཏེ་ཆོས་མཇལ་ལ་ཕེབས་ན་འགྲིག འོན་ཀྱང་། གནས་སྐབས་རིང་དད་ལྡན་མང་ཚོགས་འདུ་འཛོམས་ཆེ་བའི་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་འཇོག་བྱེད་རྒྱུ་རེད་འདུག
          དགོན་པ་ཁག་གིས་མུ་མཐུད་ཕྱི་ནས་མི་འགོ་བ་དང་། ནང་དུ་མི་ཁྱབ་པའི་ལས་དོན་གྱི་རྩ་དོན་ལྟར། དགོན་པའི་གཟིམ་སྒོ་ནས་ཚ་བ་བལྟ་བ་དང་། ཁ་རས་རྒྱག་པ། དུག་སེལ་བྱེད་པ། མཁའ་རླུང་འགྲོ་བསྐྱོད་ལེགས་པོ་ཡོང་བ་སོགས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྤེལ་ནས། གནས་ཚུལ་གང་ཡང་མི་ལྷགས་པའི་འགན་སྲུང་བྱེད་དགོས།
          རྫོང་གྲོང་དང་གྲོང་ཁྱེར་མངའ་ཁོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་སྒོ་ཕྱེ་ཆོག་པའི་དུས་ཚོད་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གནས་ཚུལ་ལ་གཞིགས་ཏེ་སྤྱི་བསྒྲགས་སྤེལ་རྒྱུ་ཡིན་པས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་དགོངས་བཞེས་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ལ། སྤྱི་བསྒྲགས་འདི་ཕན་ཚུན་བརྡ་ལན་སྤྲོད་རོགས་ཞུ་རྒྱུ་ཡིན།

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས།
2020ལོའི་ཟླ་བ་3པའི་ཚེས་30ཉིན།
རྩོམ་སྒྲིག་པ། བདེ་སྒྲོལ།