དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་དུ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ61འཁོར་བ་སྟེ། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ཕྱུག་འགྱུར་ལ་མུ་མཐུད་སྐུལ་འདེད་བཏང་བ།

སྤེལ་དུས 2020-04-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་ངོ61གོང་དུ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་པ་དེས་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བས་བོད་ལ་དུས་དེ་ནས་བཟུང་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་འགོ་བརྩམས་པ་དང་། ད་ཆའི་བོད་དུ་མི་དམངས་ལ་དམངས་གཙོའི་ཆབ་སྲིད་ཀྱི་དབང་ཆ་ཆེན་པོ་ཡོད་པ་དང་ཆོས་དད་རང་མོས་འགན་ལེན་གང་ལེགས་ཐུབ་པ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱུང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད། 
         2019ལོར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་སྒོར་དུང་ཕྱུར1600ལས་བརྒལ་བ་དེ་ནི1959ལོའི་ལྡབ206 ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་མང་རིང་བསྟུད་མར་གྲངས་གནས་གཉིས་འཕར་བ་དང་། དབུལ་ཕོངས་རྫོང་དང་ཆུས55ལ་དབུལ་པོའི་ཞྭ་མོ་ཕུད་པ། ལྷག་ལུས་ཀྱི་རྫོང་དང་ཆུས་དབུལ་པོ19དབུལ་པོའི་ཞྭ་མོ་འབུད་པའི་ཚད་གཞི་ལོན་པ། དབུལ་པོ་ཐག་ཆོད་དག་གཞི་རྩའི་ཆ་ནས་མེད་པར་བཟོས་པ། ཁྱོན་ཡོངས་ཀྱི་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་ཉེར་ཡོད་པ་བཅས་རེད། 
         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་བོད་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་པ་རང་ཡུལ་དང་ཁ་མི་འབྲལ་བར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པ།  སྲོག་ཤིང་ཐོན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་འབྲོག་པ་ཐག་ཉེ་སར་ལས་ཞུགས་ཐུབ་པ་བཅས་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ངལ་རྩོལ་ཕྱུག་འགྱུར་ཡོང་བ་བྱས་ཡོད་ཅིང་། “མངགས་ཐོ་གནས་གཏན་འཁེལ”གྱི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ནས་ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་ཡོད། 
         2020ལོར་བོད་ཀྱིས་སྔར་རྒྱུན་བཞིན་ཞིང་འབྲོག་པའི“དངོས་གཞི་ཅན”དང“རྩ་འཛུགས་ཅན”གྱི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་པ་ཁྲི60ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར42བྱུང་བ་དང་འབྲེལ་ཞིང་འབྲོག་པའི་ངལ་ནུས་རང་བཞིན་གྱི་ཡོང་འབབ་དང་མི་རེའི་ཆ་སྙོམས་ཡོང་འབབ2019ལོ་ལས20%ཡན་འཕར་བའི་དམིགས་ཚད་གཏན་འཁེལ་བྱས་ཡོད་ཅིང་། ལོ་མཇུག་ཏུ་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་ལོ་ཧྲིལ་པོར་ངལ་ནུས་ཕྱིར་གཏོང་གི་གྲངས་འབོར་གྱིས་ལས་ཞུགས་གཞན་སྒྱུར་གྱི་མི་གྲངས་ཀྱིས་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་50%ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་རེད། 
འདི་ནི་རྒྱལ་རྩེ་རྫོང་གི་སྐོར་དང་པོའི་ཕྱི་སོར་གླ་པར་སྐྱོད་མཁན115གཅིག་གྱུར་ཐོག་རྡོག་ཐོན་བྱས་པ་རེད།
         ཟླ3པའི་ཚེས14ཉིན་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་སྐོར་དང་པོའི་ཕྱི་སོར་གླ་པར་སྐྱོད་མཁན115ཁ་སྟོད་ཤང་དུ་འཛོམས་ནས་གཅིག་གྱུར་ཐོག་རྡོག་ཐོན་བྱས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་སུ་རྒྱལ་རྩེ་རྫོང་གི་ཐེན་ཧྲུན་ལམ་ཟམ་འཛུགས་སྐྲུན་རྣམ་གྲངས་ཚོགས་ཆུང་གི་ཨར་ལས་བྱ་ཡུལ་དུ་སྐྱོད་མཁན་སྐོར་དང་་པོའི་ལས་མི115ལ་སྐྱེལ་འདྲེན་རླངས་འཁོར9གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ནས“གཅིག་འཐུས་རྣམ་པའི”ཐད་རིན་མི་དགོས་པར་ཐད་ཀར་སྐྱེལ་འདྲེན་ཞབས་ཞུ་བྱེད་འགོ་ཚུགས་པ་དང་། འཕྲོད་བསྟེན་རིམས་འགོག་ལས་དོན་པས་ཆེད་སྐྱེལ་རླངས་འཁོར་ལ་སྔ་སྣུར་དུ་དུག་སེལ་བྱེད་དགོས་པ་མ་ཟད་ལས་ཀ་བྱེད་མཁན་གྱི་གཟུགས་པོར་བརྟག་དཔྱད་བྱེད་དགོས་པ་དང་། གཅིག་གྱུར་གྱིས་འགོག་སྲུང་ཁ་རས་སྤྲོད་ཡོད་པ་རེད། 
         རྒྱལ་རྩེ་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཞིང་འབྲོག་པའི་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ“གནས་ནས་གནས་དང་གཅིག་འཐུས་རྣམ་པའི”ཞབས་ཞུ་གཏིང་ཟབ་ཏུ་བཏང་ནས་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། ད་ཐེངས་ཀྱི“གནས་དང་གནས་ཀྱི”ཁེ་ལས་དང་འབྲེལ་གཏུག་བྱས་ནས་ལས་མི་མི་གྲངས་ཀྱི་དགོས་མཁོ་དང་དགོས་ངེས་ཀྱི་ལས་རིགས། གླ་ཕོགས་ལས་ཐོབ་སོགས་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་འབྲེལ་སྐོར་དང་པོའི་མི་སྣ500ཡི་ལས་མི་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་ཤིང་།སྔོན་དཔག་བྱས་ན་ལས་ཞུགས་འབབ་འཕར་སྒོར་ཁྲི2000ཡོང་ཐུབ་པ་རེད།
         ལས་ཞུགས་གཞན་སྒྱུར་དང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་ཏེ། བོད་ཀྱིས་ཐོན་ལས་དབུལ་སྐྱོར་ལས་དོན་སྤེལ་རིང“ཞིང་ལས་འཚམ་སར་ཞིང་ལས་དང་འབྲོག་ལས་འཚམ་སར་འབྲོག་ལས། ནགས་ལས་འཚམ་སར་ནགས་ལས། བཟོ་ལས་འཚམ་སར་བཟོ་ལས། ཚོང་ལས་འཚམ་སར་ཚོང་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། ལས་སྣོན་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། ཐོན་ཁུངས་གསར་སྤེལ་བེད་སྤྱོད་བཅས་ཐོན་ལས་ཆེན་པོ་དྲུག་ལ་གཙོ་གནད་ཐོག་དམིགས་ཏེ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད། 
འདི་ནི་བཀྲ་ཤིས་རྒྱལ་མཚན་གྱིས་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་བོད་ཆས་འཚེམ་བཞིན་པ་རེད།
         བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ངོས་ནས་བརྗོད་ན། འདེབས་གསོ་ལས་རིགས་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ནི་ཁོང་ཚོས་རྒྱུས་མངའ་ཆེ་ཤོས་ཀྱི་ལས་ཀ་ཞིག་ཡིན་པས། ཐོན་ལས་དབུལ་སྐྱོར་ལས་དོན་ཁྲོད་ཁོ་ཚོ་དེ་བས་ཞུགས་སླ་བ་དང་དེ་བས་ཁོང་དུ་ཆུད་སླ་བའི་རྩལ་ནུས་ཤིག་ཏུ་གྱུར་ཡོད། ཞིང་འབྲོག་མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་བརྒྱུད་འཚོ་བའི་རྩལ་ནུས་གཅིག་གམ་ཡང་ན་མང་པོ་ཁོང་དུ་ཆུད་ནས་ཁོ་ཚོར་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་འདེགས་སྐྱོར་གལ་ཆེན་ཐུབ་ཡོད་ལ། ཞིང་འབྲོག་མང་ཚོགས་རྣམས་རང་ཡུལ་དང་ཁ་མི་འབྲལ་བ་དང་ཐག་ཉེ་སར་འབབ་འཕར་ཡོང་བ་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བ་བྱས་ཡོད་པ་རེད། 
         འདི་ལོ་བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ད་དུང་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། མིག་སྔའི་ངལ་ནུས་ཁྲོམ་རའི་རྩལ་ནུས་ལས་གནས་ཀྱི་དགོས་མཁོ་དང་དེ་བཞིན་ཧ་ཅང་དཀོན་པའི་ལས་རིགས(ལས་རིགས)ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས《2020ལོར་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ཀྱི་ལས་ཞུགས་གཙོ་གནད་ཚོགས་སྤྱིའི་རྩལ་ནུས་གསོ་སྦྱོང་ལག་བསྟར་ཇུས་གཞི》བཟོས་ཏེ་འཛུགས་སྐྲུན་དང་ཞབས་ཞུ། བཟའ་བཅའ། ཉམས་གསོ། ཆེད་ལས་ལག་རྩལ། ནད་གཡོགལག་ཤེས་བཟོ་རྩལ་བཅས་ཁྱོན་རིགས་ཆེ་གྲས7གྱི་རྩལ་ནུས་གསོ་སྦྱོང་རྣམ་གྲངས40བཀོད་སྒྲིག་བྱས་ཡོད་པ་རེད། 
         མིག་སྔའི་བར་གསོ་སྦྱོང་སྒྲིག་གཞི་དང་ཁེ་ལས21གི་རྩལ་ནུས་གསོ་སྦྱོང་རྣམ་གྲངས38བསྡུ་རུབ་བྱས་པ་དང་གསོ་སྦྱོང་སྒྲིག་གཞི་ཁག་གིས་ཐད་གཏོང་ལས་སྟེགས་གསོ་སྦྱོང་དང་བརྙན་ལམ་གསོ་སྦྱོང་སློབ་གཞི་སྐྱེལ་བ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་དྲ་ཐོག་གསོ་སྦྱོང་བྱས་ཡོད་ལ། དེ་དང་ཆབས་ཅིག་གཙོ་གནད་རྣམ་གྲངས་དང་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་གཞིར་བཟུང་ཞིང་འབྲོག་ལས་མིའི་ལས་ཡུལ་དང་བཟོ་ཁང་། ཁེ་ལས་བཅས་སུ“མངགས་ཐོའི་ཁ་ཕྱོགས་གཏན་ཁེལ”དང“བཟོ་པས་གསོ་སྦྱོང་གི་ཚབ་བྱེད་པའི”རྣམ་པའི་གསོ་སྦྱོང་བྱས་ནས་རྩལ་ནུས་གསོ་སྦྱོང་དང་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི“གཉིས་ཀར་འཐུས་ཤོར་མི་འགྲོ་བའི”བྱ་སྤྱོད་སྤེལ་བ་རེད། 
         “བོད་ཀྱི་སྤྱི་པའི་ལས་ཞུགས་བསྡུ་ལེན་དྲ་བ”སོགས་བརྒྱུད་དྲ་ཐོག་ནས་བསྡུ་ལེན་བྱས་པ་བརྒྱུད་བོད་དུ་ལས་གནས་ཡོངས་བསྒྲགས་དང་བསྡུ་ལེན་དང་ལེན་བྱེད་པ། ལས་མི་སྤྱོད་པའི་ཐོ་འགོད་སྙན་སེང་སོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ“དྲ་ཐོག་ནས་གཉེར་བ”དང“ངོ་འཕྲད་མི་བྱེད་པ”མངོན་འགྱུར་བྱུང་ནས་རྒྱ་ཆེའི་མི་སྤྱོད་ཚན་པ་དང་ལས་ཀ་འཚོལ་མཁན་ལ་ལས་ཕྱོད་ཆེ་ལ་སྟབས་བདེ་བའི་དྲ་ཐོག་ནས་བསྡུ་ལེན་ལས་འཚོལ་སྦྲེལ་མཐུད་ལས་སྟེགས་བཏོད་ཡོད། 
         2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་པས་བོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་མངོན་གསལ་ཇེ་དོད་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་པ། “ཐོན་ལས་ཆེན་པོ་བདུན”ཇེ་མགྱོགས་སུ་གཏོང་བ། དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱས་ནས་དུས་ཚད་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་རེད།