དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བྱང་རྩྭ་ཐང་ནས་ལྷ་སའི་ཉེ་འདབས་བར་གྱི་རོང་དམར་བའི་འཚོ་བ་གསར་པ།

སྤེལ་དུས 2020-04-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ལྷ་ས་གྲོང་ཁུལ་ནས་ནུབ་ཕྱོགས་སུ་སྤྱི་ལེ་30ཙམ་གྱི་སར་བོད་བཟོའི་སྡོད་ཁང་266ལས་གྲུབ་པའི་གྲོང་ཚོ་ཞིག་ཡོད་པ་འདི་ནི་བོད་ཀྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་ཏེ། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རོང་དམར་ཁུལ་ཡིན།
        ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་ལས་རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ལ་འཚོ་གནས་ཀྱི་ཁྱིམ་གཞིས་ཤིག་བྱུང་ཡོད། 2018ལོར་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་གི་འབྲོག་པ་ཆིག་སྟོང་ལྷག་ཙམ་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡོད་པའི་བྱང་རྩྭ་ཐང་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དུ་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།
        ས་གནས་དེ་གའི་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་གནས་སྤོས་ཁུལ་གྱིས་འབྲི་གཡག་གསོ་ཚགས་དང་། ལུག་གསོ་ཚགས། དབུལ་སྐྱོར་ཕྱོགས་བསྡུས་ཚོང་ཁང་། འབྲོག་ཁྱིམ་གྱི་ཁྱད་ལྡན་འཚོ་བའི་ཉམས་ལེན་ཁུལ་སོགས་དབུལ་སྐྱོར་རྣམ་གྲངས་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། 2019ལོར་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རོང་དམར་ཁུལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་14992.36ཟིན་ཡོད།

འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རོང་དམར་ཁུལ་གྱི་ཟུར་ཞིག་ཡིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རོང་དམར་ཁུལ་གྱི་དབུལ་སྐྱོར་ཕྱོགས་བསྡུས་ཚོང་ཁང་དུ་ཉི་རྒྱས་ཀྱིས་ཚོང་ཁང་ཞིག་ལ་མཛེས་བཟོ་བྱེད་བཞིན་པ། 2018ལོར་ཉི་རྒྱས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རོང་དམར་ཁུལ་དུ་སྤོས་རྗེས་གྲོགས་པོ་དང་མཉམ་དུ་ཁང་པའི་མཛེས་བཟོའི་ལས་ཀ་བྱེད་བཞིན་ཡོད།

འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རོང་དམར་ཁུལ་དུ་པད་མ་ལྷ་མཚོས་ཕྲུ་གུ་པང་དུ་ཉར་བཞིན་པ།
        2018ལོར་པད་མ་ལྷ་མཚོ་ནང་མི་7པོ་ཉི་མ་རྫོང་རོང་དམར་ཤང་གཙང་ཆུ་གྲོང་ཚོའི་སྨི་ངོས་གྲུ་75ཙམ་ལས་མེད་པའི་ཁང་རྙིང་ནས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རོང་དམར་ཁུལ་གྱི་སྨི་ངོས་གྲུ་150ཟིན་པའི་སྡོད་ཁང་གསར་པའི་ནང་སྤོས་པ་རེད། 

འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རོང་དམར་ཁུལ་དུ་དངོས་མཚོ(གཡོན)དང་བུ་བསོད་ནམས་ཕུར་བུས་རང་ཁྱིམ་གྱི་ཟ་ཁང་ནང་ལས་ཀ་བྱེད་བཞིན་པ།
རྩོམ་སྒྲིག་པ། སྣང་རྡོར།