དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་སྲིད་གྲོས་སྐབས13པའི་གྲོས་ཚོགས་ཐེངས3པ་པེ་ཅིང་དུ་འཚོགས།

སྤེལ་དུས 2020-05-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

       ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཐོག་མའི་བསམ་འདུན་མ་བརྗེད་པར་བསྐྱར་དར་སྟོབས་ཤུགས་གཅིག་སྡུད་བྱེད། ལག་སྦྲེལ་མདུན་བསྐྱོད་ཀྱིས་གོང་འཕེལ་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱེད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ཚེས21ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད། སླད་ཀྱི་ཉིན་བདུན་ནང་སྲིད་གྲོས་ཨུ་ཡོན2000ལྷག་ཙམ་གྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་རྒྱུན་འཁྱོངས་ཀྱིས་རང་འགན་གཙང་སྒྲུབ་དང་འོས་འགན་དང་བླངས་ཐོག ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱ་རྒྱུ་ཡིན་པ་རེད། མི་དམངས་ཚོགས་ཁང་ཆེ་མོའི་ནང་གློག་འོད་རྣམ་པར་བཀྲ་ཞིང་། སྒམ་བརླིང་གི་རྣམ་པས་ཁེངས་ཡོད་པ་རེད། ཀྲུའུ་ཞི་སྟེགས་བུའི་དཀྱིལ་དབུས་སུ་བཀལ་བའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་ཚོགས་རྟགས་ལས་གཟི་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། དམར་མདངས་རྒྱས་པའི་དར་དམར་གཞོགས་གཉིས་སུ་བསྒྲིགས་ཡོད་པ་རེད། 
       རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲེན་ཀུང་། ཝང་ཀྲེང་ཝེ། མ་པིའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་ཡིང་། ཞ་པའོ་ལུང་། ཡང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད། 
       ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲེན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པ་དང་། ཚོགས་ཆེན་སྐོང་འཚོགས་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་ཡོད། 
       རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་ཨུ་ཡོན2151ཡིན་པ་དང་། དངོས་སུ་ཞུགས་པ2057ཡོད་པས། གཏན་འབེབས་ཀྱི་མི་གྲངས་དང་མཐུན་ཡོད།
       ཕྱི་དྲོའི་ཆུ་ཚོད3པར། ཀྲང་ཆིང་ལིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བཏང་ཡོད།

       དེ་རྗེས། ཚོགས་ཞུགས་མི་སྣ་ཡོངས་ནས་སྐར་མ་གཅིག་རིང་ངག་བསྡམས་ཏེ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ནང་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་འདས་སྤུན་ཟླར་མྱ་ངན་ཟབ་མོ་ཞུས་ཡོད།
       ཚོགས་ཆེན་ཐོག་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་གནང་བ་དང་དེར་གྲོས་འཆམ་བྱུང་ཡོད།
       ཝང་ཡང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་ཞུ་གནང་ཡོད།
       ཝང་ཡང་གིས། སྤྱི་ལོ2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་ཡང་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་སྐོང་འཚོགས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གྱི་འོས་འགན་འགན་འཁྲི་དང་། གཞི་རྩའི་བླང་བྱ། ཤུགས་རྒྱག་སའི་གཙོ་གནད་བཅས་ལ་རྒྱས་བཤད་གནད་ལ་འཁེལ་བ་གནང་ཞིང་། མི་དམངས་སྲིད་གྲོས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ནང་གནས་འབྲེལ་བ་གསེད་འགྲོལ་གཏིང་ཟབ་གནང་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་གོང་འཕེལ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་ནན་སྟོན་གནང་ཡོད།
       ཝང་ཡང་གིས་གཙོ་གནད་བཞི་དང་ཕྱོགས་བརྒྱད་ཀྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་ལྷག་རིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཕྱོགས་བསྡོམས་གནང་ཡོད།  ཁོང་གིས།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་སྟོབས་ཆེའི་དབུ་ཁྲིད་འོག  སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་།  གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་།  ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་གཞིགས་པ།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་བྱེད་པར་རྒྱལ་ཁ་ལེན་པ་དང་།  འགག་གཏོར་དམག་འཐབ་ཆེན་མོ་གསུམ་ཡག་པོ་རྒྱག་པ་སོགས་ཀྱི་ལས་འགན་ལ་གཅིག་བསྡུས་ཐོག་དོ་ཁུར་བྱེད་པ།  ཆེད་མངགས་གྲོས་མོལ་ལས་ཁུངས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ།  འགན་ནུས་ཁག་ལག་བསྟར་ནན་ཏན་བྱེད་པ་བཅས་བྱས་ཏེ།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།  ཉེ་ཆར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་པའི་འཐབ་རྩོད་ཁྲོད།  མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་།  སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་།  ཞུགས་མཁན་ཚན་པ་ཁག  རྒྱ་ཆེའི་ཨུ་ཡོན་བཅས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཡོད།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རང་སོ་སོའི་ལས་གནས་ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་འགན་འཁྲི་འཁུར་ཡོད་ཅེས་གསུངས་གནང་ཡོད།

       ཝང་ཡང་གིས།  སྤྱི་ལོ2020ལོ་ནི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་བྱེད་པ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཞིག་རེད།  མི་དམངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་།  སྒོ་ཀུན་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་པ།  ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ།  འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་བློ་སྤོབས་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོབ་གཉིས་ཐུབ་པ་བྱེད་པ།  དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཡར་སྐུལ་གཉིས་ཕན་ཚུན་སྦྲེལ་མཐུད་བྱེད་པ་དང་། ཇུས་འདོན་བློ་འདོན་དང་ངོས་འཛིན་གཅིག་སྡུད་གཉིས་ཐད་ནས་ནུས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་པ།  ཆེད་དོན་གྲོས་མོལ་ཚན་པའི་ནུས་པ་འདོན་སྤེལ་བྱེད་པ།  མི་དམངས་སྲིད་གྲོས་ནང་ཞུགས་མཁན་གྱི་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་ཡོངས་ཁྱབ་ཐོག་མཐུན་སྒྲིལ་བྱེད་པ། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་དོན་ལ་གཅིག་གྱུར་སྐུལ་འདེད་གཏོང་རྒྱུར་དམ་པོར་གཞིགས་ནས་ལས་འགན་གཙང་སྒྲུབ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས། དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དམིགས་འབེན་ལས་འགན་དང་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་བྱེད་པའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བསྟན་ཡོད།
       ཝང་ཡང་གིས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པར་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པའི་ནང་།  མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་གཙོ་བོའི་ཐད་བཀོད་སྒྲིག་གནང་ཡོད།  ལག་བསྟར་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་བྱེད་དགོས་པ་དང་།  རྨང་གཞི་བརྟན་གཏོང་ལ་མཐོང་ཆེན་བྱེད་པ།  བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་སྒོ་ཀུན་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  གོ་རིམ་ལྡན་ལ་ནུས་ལྡན་སྒོ་ནས་ཆེད་དོན་གྲོས་མོལ་ཚན་པའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།  ངོས་འཛིན་གཅིག་སྡུད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ།   ཨུ་ཡོན་གྱི་འགན་འཁྲི་ཤུགས་ཆེར་གཏོང་བ་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་ཡག་པོ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
       མཇུག་ཏུ་ཝང་ཡང་གིས།    ཨུ་ཡོན་རྣམ་པ་ཚོ།   ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ་གནས་པའི་སྐབས་འདིར།  མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ཆེ་བ་དང་།  འགན་འཁྲི་ལྕི་པོ་ཡོད།   ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་།   ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ།  དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་པ་བཅས་བྱས་ཏེ།  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་རྒྱལ་ཁ་ལེན་པ།    ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ།   ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད།
       རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲེང་ཅན་པང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ།   ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་ཞུ་གནང་ཡོད།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་།   སྲིད་གྲོས་ཀྱི་ཚོགས་ཞུགས་ཚན་པ་ཁག  ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་གྲོས་ཚོགས་ཐེངས་གཉིས་པར་གྲོས་གཞི5488བསྐྱལ་ཡོད།  ཞིབ་བཤེར་བྱས་པ་བརྒྱུད།   གྲོས་གཞི་ཁག4089ཐོ་འགོད་བྱས་པ་དང་།  འགན་སྒྲུབ་ཚན་པ175ལ་བདག་སྤྲོད་བྱ་རྒྱུར་རྩིས་སྤྲོད་བྱས་པས།  ད་ལྟ་ཚང་མ་བསྒྲུབས་ཚར་ཡོད།   རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིའི་ལས་ཀའི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་བ་དང་།  ལས་ཀའི་ལམ་ལུགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།   གྲོས་གཞི་བདག་གཉེར་དང་གྲོས་མོལ་བྱེད་པའི་ཁྲོད་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས།    དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་རྒྱུན་འཁྱོངས་ཁྲོད་འཕེལ་རྒྱས་གཏོང་བ་དང་།  སྲ་བརྟན་ཁྲོད་འཐུས་ཚང་དུ་གཏོང་བཞིན་ཡོད།   
       ཀྲུའུ་ཞི་སྟེགས་བུར་བཞུགས་པའི་དབུ་ཁྲིད་བློ་མཐུན་གྲས་སུ་ད་དུང་ཏིང་ཞུའེ་ཞང་དང་། ཝང་ཁྲེན། ལིའུ་ཧྭ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཇོན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཁྲེན་ཡུའེ་ཡུའེ། ཅི་པིང་ཞོན། ཨའེ་ལེ་ཀེང· དབྱི་མིང་པ་ཧའེ། ཝན་ཨེ་ཞང་། ཁྲན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥང་། ཝུའུ་ཝེ་ཧྭ། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲེ། ཀྲོའུ་ཆང་། ཀྲང་ཅུན་སོགས་ཡོད་པ་རེད། 
       ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་འགོ་ཚུགས་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ་ཡང་གདན་ཞུས་ལྟར་འགོ་ཚུགས་ཚོགས་ཆེན་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།