དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་རེ་བའི་ཞིང་ས་གཤིན་པོར་ཡོད།

སྤེལ་དུས 2020-06-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— བསམ་གྲུབ་རྩེ་ཆུས་མྱང་གཞུང་དེང་རབས་ཞིང་ལས་འཕེལ་རྒྱས་ཞིང་པའི་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་གི་སྐོར་བཀོད་པ།
         དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གིས་མྱང་གཞུང་དེང་རབས་ཞིང་ལས་འཕེལ་རྒྱས་ཞིང་པའི་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་དེ་ཉིད་འབྲེལ་ཐག་ཏུ་བྱས་ཏེ་ཕྱོཌ་ཡོངས་ནས་ཞིང་ལས་དེང་རབས་ཅན་གྱི་ཐོན་སྐྱེད་བྱེད་སྟངས་གཞན་གྱི་སྔོན་ལ་མངོན་འགྱུར་བྱས་ཡོད། མང་ཚོགས་རྣམས་ཞིང་ལས་ཁོ་ནར་བརྟེན་པ་ནས་ཕྱིར་གླ་པར་བསྐྱོད་པ་དང་། ལས་རིཌ་སྣེ་གཅིག་ཁོ་ན་བྱེད་པ་ནས་སྣ་མང་བྱེད་པ། ཕ་ཡུལ་དང་ཁ་བྲལ་ཏེ་འགྲོ་དགོས་པ་ནས་རང་ས་རང་ཡུལ་དུ་ལས་ཞུཌ་ཐུབ་པ་བཅས་ཀྱི་བར་འགྱུར་ལྡོག་བྱུང་ཡོད།
         འགྱུར་ལྡོག འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱས་ཏེ་ཞིང་ལས་དེང་རབས་ཅན་གྱི་གོམ་པ་དང་པོ་སྤོས་པ།
         ཉི་རི་གཞུང་ཤང་ནི་ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ་གནས་པས། ས་རྒྱུ་གཤིན་ཞིང་ཆུའི་ཐོན་ཁུངས་འབེལ་པོ་ཡོད། འདི་ནས་ཐོན་པའི་ནས་ཀྱི་འབྲུ་རྡོག་ཆེ་ལ་ཐོན་འབབ་མང་བས་སྐད་གྲགས་ཆེན་པོ་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་ནས་བཟུང་ཉི་རི་གཞུང་ཤང་གི་ནས་ཀྱི་སོན་བཟང་ལྗོངས་ཕྱི་ནང་དུ་འཚོང་འགོ་ཚུགས་ཡོད།
         འོན་ཀྱང་2012ལོའི་གོང་རང་བྱུང་གི་ཆ་རྐྱེན་ཕུན་སུམ་ཚོགས་པོ་དེ་དག་ཉི་རི་གཞུང་ཤང་གི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་མཐུན་རྐྱེན་བཟང་པོ་ཞིག་ཏུ་འགྱུར་ཐུབ་མེད། དུས་ཡུན་རིང་པོའི་ནང་གཏན་འཇགས་རྗེས་ལུས་ཀྱི་ཞིང་ལས་བྱེད་སྟངས་ཀྱིས་ཉི་རི་བ་རྣམས་ལ་ཡོང་འབབ་འཕར་སྣོན་དེ་ཙམ་བྱུང་མེད།
         “སྲོལ་རྒྱུན་གྱི་ཞིང་ལས་བྱེད་སྟངས་དེ་རིགས་ནི་རྒན་རྒོན་གྱིས་བྱེད་ཐབས་བྲལ་བ་དང་། ལོ་ན་གཞོན་པ་རྣམས་ནི་གྲོང་ཁྱེར་ནང་འགྲོ་འདོད་བྱེད་ཀྱི་འདུག”ཅེས་ཉིན་རེ་བཞིན་དར་རྒྱས་ཇེ་ལེགས་སུ་འགྲོ་བའི་གྲོང་ཁྱེར་ཅན་གྱི་འཕེལ་རིམ་མདུན་དུ་འབྲུག་སྐར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་བཀྲ་ཤིས་དངངས་སྐྲག་ཆེན་པོ་ལངས།
         ཉི་མ་བཀྲ་ཤིས་ཀྱིས་རང་འགུལ་ངང་ཤང་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བ་བཙལ་ཏེ། ཞིང་ལས་འཕྲུལ་ཆས་ཅན་སྐོར་གྱི་རང་ཉིད་ཀྱི་བསམ་ཚུལ་རྣམས་ཞུས།
         “ཞིང་འཕྲུལ་ཆེ་རིགས་ཉོ་བར་མ་དངུལ་འབོར་ཆེན་དགོས་པས་ཁེར་རྐྱང་ཞིང་དུད་ཀྱིས་ཉོ་ཐབས་བྲལ་བ་དང་། འདི་གའི་ཞིང་ལས་སྐྱེ་དངོས་ལོ་རེ་ལ་ཐེངས་རེ་ལས་སྨིན་གྱི་མེད་པ། ཞིང་འཕྲུལ་ཐང་སྡེར་ཁུལ་དུ་སྤྱོད་རྒྱུར་འཚམ་པ། ཁེར་རྐྱང་ཞིང་དུད་ཀྱིས་འཕྲུལ་ཆས་ཉོས་ན་ཐོན་ཁུངས་འཕྲོ་བརླག་ཏུ་འགྲོ་སྲིད་པ”སོགས་ཀྱི་གནད་དོན་དེ་དག་ལ་དམིགས་ཏེ། ཤང་ཏང་ཨུད་ཀྱིས་ཉི་མ་བཀྲ་ཤིས་ལ་མཉམ་ལས་ཁང་བཙུགས་ཏེ་ཞིང་འཕྲུལ་ཉོས་ནས་རིམ་གྱིས་མཉམ་ལས་ཅན་གྱི་གཉེར་སྐྱོང་ལམ་བུར་ཞུགས་དགོས་པའི་གྲོས་འགོ་བཏོན།
         2012ལོར་ཉི་རི་གཞུང་ཤང་ཏང་ཨུད་ཀྱིས་ཐང་སྡེར་ཁུལ་གྱི་གྲོང་ཚོ་8ཀྱི་དུད་ཚང་416གི་མི་2300ཚང་མ་མ་རྐང་ནང་ཞུགས་སུ་བཅུག་སྟེ་མི་རེས་སྒོར་100རེ་བསྡུས་ཏེ་མ་དངུལ་སྒོར་ཁྲི་23གྲབས་གསོག་བྱས་ནས་མཉམ་ལས་ཁང་བཙུགས། གྲབས་གསོག་མ་དངུལ་གྱི་ཕྱེད་ཀས་ཞིང་འཕྲུལ་ཉོས་པ་དང་ཕྱེད་ཀ་མཉམ་ལས་ཁང་མུ་མཐུད་འཕེལ་རྒྱས་གཏོང་བར་སྤྱད་ཡོད།
         ལོ་དེར་མཉམ་ལས་ཁང་གིས་ས་བོན་སྨན་སྟོར་འཕྲུལ་ཆས་དང་རྔ་བསྡུའི་འཕྲུལ་འཁོར་སོགས་ཞིང་འཕྲུལ་6ཉོས། ལས་ཕྱོད་ཆེ་བའི་འཕྲུལ་ཆས་དེ་དག་ཡོད་པས། གྲོང་ཚོ་ཡོངས་ཀྱི་ནས་ཀྱི་ས་བོན་ཚང་མ་མཉམ་ལས་ཁང་དུ་གཅིག་སྡུད་ཐོག་སྨན་རྒྱག་པ་དང་བྲིན་ཚོང་བྱེད་པ་དང་། སྲོལ་རྒྱུན་གྱི་སྨོན་མཛོ་དོར་འདེབས་ཀྱི་ཞིང་ལས་བྱེད་སྟངས་རྦད་དེ་འཕྲུལ་ཆས་ཅན་ལ་གྱུར་བ་རེད།
         ལོ་དེར་ལྷག་པ་བཀྲ་ཤིས་ཀྱིས་ཞིང་འཕྲུལ་གཏོང་རྩལ་བྱང་ཆུབ་པར་བརྟེན་ནས་མཉམ་ལས་ཁང་དུ་ལས་ཀར་ཞུགས་པས། ཞིང་བྲེལ་ཟླ་བ་ཁ་ཤས་ནང་ཡོང་འབབ་སྒོར་ཁྲི་5བྱུང་ཡོད།
         དཔྱིད་འདེབས་སྟོན་བསྡུ་དང་རྨོད་རྒྱག་པ་དང་ས་ཞིང་འདེབས་པ་སོགས་ཚང་མ་འཕྲུལ་ཆས་ཅན་ལ་གྱུར་ཞིང་། ལོ་གཅིག་རིང་ཉི་རི་གཞུང་ཤང་འཕྲུལ་ཆས་ཅན་ལ་འགྱུར་ཚད་85%ཟིན་པ་དང་། དེས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་། ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་མ་ཟད། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལའང་བཅིངས་འགྲོལ་ཆེན་པོ་ཐོབ་ཡོད།
         དར་རྒྱས། ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ་གཉིས་ཁེ་གཉིས་ཕན་དང་མཉམ་དུ་སྐུལ་འདེད་བཏང་བ།
         མཉམ་ལས་ཁང་བཙུགས་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེས་ཉི་རི་གཞུང་ཤང་གི་ངལ་རྩོལ་ནུས་ཤུགས་རྣམས་ཞིང་ལས་ཁོ་ནར་མགོ་འཁོར་ནས་སྡོད་དགོས་མེད་པས་ཕྱིར་གླ་པར་འགྲོ་མཁན་ཡང་རིམ་བཞིན་ཇེ་མང་དུ་སོང་ཡོད། དེ་དང་ཆབས་ཅིག་གནད་དོན་ཡང་མང་པོ་འཕྲད་ཡོད་པ་སྟེ། མང་ཚོགས་ཁག་གཅིག་ཕྱིར་གླ་པར་འགྲོ་མྱོང་མེད་པས་གྲོང་ཁྱེར་ནང་ཟླ་བ་གཅིག་གཉིས་བསྡད་ཀྱང་ལས་ཀ་མ་རག་པ་དང་། མང་ཚོགས་ཁག་གཅིག་གིས་དཀའ་ལས་བརྒྱབ་པའི་དངུལ་རྣམས་མཚན་གཅིག་ལ་སྟོར་བ”སོགས་རེད།
         “ངལ་ནུས་མཉམ་ལས་ཁང་གཅིག་དུས་ཐོག་ཏུ་བཙུགས་ནས་མཉམ་ལས་ཁང་དང་མི་སྤྱོད་ཚན་པའི་དབར་འབྲེལ་མཐུད་ཡག་པོ་ཡོང་བ་བྱེད་པ་དང་ད་དུང་མཉམ་ལས་ཁང་དུ་ཏང་ཀྲི་པུའུ་གཅིག་བཙུགས་ཚེ་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་ཐུབ”ཅེས་ཉི་རི་གཞུང་ཤང་ཏང་ཨུད་ཀྱིས་ལས་དོན་ཚོགས་འདུ་འཚོགས་པ་དང་ཏང་ཨུད་ཀྱི་ཚན་ཁག་དབར་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
         མཉམ་ལས་ཁང་གཉེར་སྐྱོང་དོ་དམ་ཚད་ལྡན་ཡོང་བ་བྱ་ཆེད། ཉི་རི་གཞུང་ཤང་ཁོངས་གཏོགས་ཀྱི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་8ཚང་མ་མཉམ་ལས་ཁང་གི་ལས་འཛིན་ཁོངས་མིར་བཅུག་པ་དང་མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་ཏེ“ཏང་ཀྲི་པུའུ་དང་། གྲོང་ཚོའི‘ཨུ་ལྷན་གཉིས’ མཉམ་ལས་ཁང་། ཞིང་དུད”བཅས་ཟུང་འབྲེལ་གྱི་དོ་དམ་བྱ་ཐབས་སྤྱད་ནས་མཉམ་ལས་ཁང་གི་གཉེར་སྐྱོང་དོ་དམ་ལ་ལྟ་འདོམས་དང་ཇུས་འགོད་ལ་ཐད་ཀར་ཞུགས་ཆོག་གི་ཡོད་པ་རེད།
         མཉམ་འབྲེལ་ཏང་ཀྲི་པུའུ་ཡིས་ཀྲི་པུའུ་དེ་ཐོན་ལས་འཁོར་སྦྲེལ་ནང་བཙུགས་ནས་ཏང་ཡོན་ཐོན་ལས་འཁོར་སྦྲེལ་ནང་གཅིག་སྡུད་བྱེད་པ་དང་མང་ཚོགས་དབུལ་པོ་ཐོན་ལས་འཁོར་སྦྲེལ་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱས་ཡོད། ཏང་ཀྲི་པུའུ་ཡིས་སྔ་རྗེས་སུ་མི་སྤྱོད་ཚན་པ་མང་པོ་དང་འབྲེལ་མཐུད་བྱས་ནས་མང་ཚོགས་དབུལ་པོ་དང་དཀའ་ངལ་ཡོད་པའི་ཏང་ཡོན་མཉམ་ལས་ཁང་དུ་ལས་ཀ་བྱེད་པར་སྒྲིག་འཛུགས་བྱས་པ་དང་ངལ་ནུས་ཕྱིར་གཏོང་ཀུང་སིར་བརྟེན་ནས་ངལ་ནུས་ཕྱིར་གཏོང་ཧུར་ཐག་བྱས་ཏེ་མང་ཚོགས་400ལྷག་ཙམ་ཕྱིར་གླ་པ་རྒྱུག་པར་སྣེ་ཁྲིད་བྱས་པས་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་6000ཙམ་ཟིན་གྱི་ཡོད་པ་རེད།
         མཉམ་ལས་ཁང་གི་ཁོངས་མི་ཚེ་རིང་རྡོ་རྗེ་ནི་མཉམ་འབྲེལ་ཏང་ཀྲི་པུས་སྣེ་ཁྲིད་འཕེལ་རྒྱས་བཏང་བ་ཞིག་རེད། 2014ལོར་ཚེ་རིང་རྡོ་རྗེའི་པ་ཕར་སྐྲན་ནད་ཕོག་པས་ཁྱིམ་ཚང་དེར་མུ་གེའི་སྟེང་ལ་ཟླ་ལྷག་ལྟ་བུ་བྱུང་ཞིང་། ཚེ་རིང་རྡོ་རྗེའི་ནང་མི་ཚང་མས་པ་ཕའི་ནད་གཞི་བཅོས་ཆེད་བུ་ལོན་སྒོར་ཁྲི་40གཡར་བ་རེད། མཉམ་ལས་ཁང་གི་ཏང་ཀྲི་པུས་གནས་ཚུལ་དེ་ཤེས་རྗེས་ཚེ་རིང་རྡོ་རྗེའི་ཁྱིམ་གྱི་ས་ཞིང་མུའུ་20རིན་མི་དགོས་པར་དཔྱིད་རྨོད་དང་སྟོན་བསྡུ་བྱེད་རོགས་བྱས་པ་མ་ཟད། ད་དུང་ཚེ་རིང་རྡོ་རྗེའི་གཅུང་པོ་ཕྱིར་གླ་པ་རྒྱུག་པར་བཏང་། 2017ལོར་ཏང་ཀྲི་པུའུ་ཡིས་ཚེ་རིང་རྡོ་རྗེར་མ་དངུལ་སྒོར་ཁྲི་5གཡར་ཏེ་རྩམ་འཐག་ཁང་ཞིག་འཛུགས་རོགས་བྱས།
         2019ལོར་ཚེ་རིང་རྡོ་རྗེའི་ཁྱིམ་གྱིས་བུ་ལོན་ཚང་མ་སྤྲད་ཟིན་པ་མ་ཟད། ད་དུང་དབུལ་ཞྭ་བདེ་བླག་ངང་ཕུད་ཐུབ་པ་བྱུང་བ་རེད།
         མཉམ་འབྲེལ་ཏང་ཀྲི་པུའུ་ཡིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་ད་དུང་གཉེར་སྐྱོང་ནང་ཞུགས་མེད་པའི་དུད་ཚང་དབུལ་པོ་དང་མཉམ་ལས་འབྲེལ་མཐུད་བྱས་ནས་ཁོང་ཚོར་སོན་བཟང་མཁོ་འདོན་དང་། ལག་རྩལ་མཛུབ་ཁྲིད། ཕྱིར་ཚོང་བྱ་ཡུལ་འཚོལ་བ་བཅས་ཀྱི་ཞབས་ཞུ་བྱས་ཏེ་དུད་ཚང་དབུལ་པོའི་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་དང་སེམས་ཤུགས་ཆེ་རུ་གཏོང་བ་དང་དུད་ཚང་དབུལ་པོའི་སེམས་ཁྲལ་སེལ་རོགས་བྱས་པ་རེད།
         རྒྱང་ལྟ། ལས་སྒོ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ཕྱུག་འགྱུར་ལམ་བུ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ།
         ཉེ་བའི་ལོ་ཤས་རིང་རྒྱུ་ནོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་ཉི་རི་གཞུང་ཤང་མཉམ་ལས་ཁང་གི་ལས་སྒོའང་དེ་སྔའི་ས་བོན་འདེབས་པ་དང་ཕྱིར་ཚོང་དང་ཞིང་འཕྲུལ་ཞབས་ཞུ་བཅས་ནས་སྔོ་ཚལ་འདེབས་འཛུགས་དང་ཕྱིར་ཚོང་དང་། བཞོན་མ་གསོ་ཚགས། སྐྱེད་ཚལ་སྔོ་འགྱུར། ཞིང་ལས་རྣམ་གྲངས་ཆུང་གྲས་འཛུགས་སྐྲུན་བཅས་བར་རྒྱ་སྐྱེད་བཏང་བས་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི“ཐོན་ལས་འཁོར་སྦྲེལ་ཆ་ཚང”ཞིག་ཆགས་ཡོད་པ་རེད།
         —— མཉམ་ལས་ཁང་གིས“མྱང་སྨད”ནས་ཀྱི་ས་བོན་ཚོང་རྟགས་ཐོ་འགོད་ལམ་ལྷོངས་བྱུང་བ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ལྡན་སྤུས་རྟགས་ཀྱི་བདེན་དཔང་ར་སྤྲོད་ཐོབ་སྟེ་ནས་འདེབས་པ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་ཀྱི་ཞབས་ཞུ་ལས་ཞིང་པར་ཕན་པ་ཐོབ་པ་དང་ཞིང་པ་ཕྱུག་པོ་ཆགས་ཡོད། ཉོ་སྒྲུབ་གོང་ཚད་དེ་ཁྲོམ་རའི་གོང་ཚད་ལས་མཐོ་བ་ཡོད་པ་དང་བར་ཚོང་བརྒྱུད་མི་དགོས་པས་དཔལ་འབྱོར་ཡོང་འབབ་མངོན་གསལ་དོད་པོ་ཡོད་པ་རེད།
         —— མཉམ་ལས་ཁང་གིས་སྤེལ་བའི་འཕྲུལ་ཆས་ཆེ་གྲས་བོགས་གཏོང་དང་རྣམ་གྲངས་ཆུང་གྲས་རྩིས་ལེན་བྱས་པར་ལས་མི་ཚང་མ་མཉམ་ལས་ཁང་གི་ཁོངས་མིའི་ཁྲོད་ནས་བསྡུས་ཏེ་ཁོང་ཚོའི་བསམ་བློར་འགྱུར་ལྡོག་གཏོང་རྒྱུའི་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
         —— མཉམ་ལས་ཁང་གིས་འགན་གཙང་བླངས་པའི་གདོང་དཀར་གྱི་ནགས་བཟོ་དང“གཙང་པོ་གཉིས་དང་ཆུ་བོ་བཞིའི”ཤིང་འཛུགས་ནགས་བཟོར་གླ་ཚེར་དང་སྦྱར་པ་ཁྲི་7ལྷག་ཙམ་བཏབ་པས་ནགས་བཟོའི་གཞི་ཁྱོན་མུའུ་700ལྷག་ཙམ་ཟིན་པ་དང་སྣོད་བཅུད་ཕན་འབྲས་ཆེན་པོ་ཐོན་པ་རེད།
         2017ལོ་ནས་2019ལོ་བར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་1320བྱུང་བའི་ནང་ཡོང་འབབ་ཁེ་གཙང་སྒོར་ཁྲི་310བྱུང་བ་དང་རིམ་རྩིས་བརྒྱབ་ན་མཉམ་ལས་ཁང་གི་ཁོངས་མིར་བགོ་འགྲེམ་སྒོར་ཁྲི་118བརྒྱབ་པའི་ཁྲོད་དུད་ཚང་དབུལ་པོ་62ཀྱི་མི་262ཚུད་ཡོད་པས་དུད་ཚང་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། ཉི་རི་གཞུང་ཤང་གི་དུད་ཚང་དབུལ་པོའི་དབུལ་ཞྭ་འབུད་པར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།
         2019ལོར་ཉི་རི་གཞུང་ཤང་གི་མང་ཚོགས་ཀྱིས་ཁྱིམ་ཚང་ཚན་པར་བྱས་ནས་སླར་ཡང་རང་འགུལ་ངང་མ་རྐང་ནང་ཞུགས་པ་དང་མ་རྐང་ནང་ཞུགས་པའི་མ་དངུལ་ཁྱོན་སྒོར་ཁྲི་23.115ཟིན་པ་རེད། 2020ལོར་མཉམ་ལས་ཁང་ལ་སོན་འདེབས་འཕྲུལ་འཁོར་དང་། ས་བོན་སྨན་སྟོར་འཕྲུལ་ཆས། འབེབས་འཇུག་འཕྲུལ་འཁོར། རྐོ་འདྲུའི་འཕྲུལ་འཁོར་སོགས་འཕྲུལ་འཁོར་ཆེ་ཆུང་སྣ་ཚོགས་60ལྷག་ཙམ་དང་མ་དངུལ་ཁྱོན་སྒོར་ཁྲི་650ཡོད་པ་རེད། མཉམ་ལས་ཁང་གིས་ད་དུང་ས་བོན་གྱི་མཛོད་ཁང་དང་། ཞིང་འཕྲུལ་ལྷུ་ལག་མཛོད་ཁང་། གཞུང་ལས་ཐོག་ཁང་། ཞིང་སྤྱོད་འཕྲུལ་ཆས་ཉམས་བཟོ་པུའུ་བཅས་བཙུགས་པ་རེད།
         ཉིན་རེ་བཞིན་སྟོབས་ཆེར་འགྲོ་བའི་མཉམ་ལས་ཁང་གིས་མི་རབས་ནས་མི་རབས་བར་སོ་ནམ་བྱེད་མཁན་ཉི་རི་གཞུང་ཤང་གི་རྒན་རབས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་བཏང་བ་མ་ཟད། ན་གཞོན་སློབ་ཆེན་སློབ་མའི་ལས་ཞུགས་ལྟ་བར་ཡང་འགྱུར་ལྡོག་གཏོང་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།