དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བསམ་ཡས་དགོན་པས་གཅེས་སེམས་བཅངས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

སྤེལ་དུས 2020-06-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་གྱི་བར་སྐབས་དེར་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་དཔྱིད་གསར་དུས་ཆེན་དེ་ཉིད་ཀྱང་ཧ་ཅང་སྐྱོ་བོ་ཤིག་ཏུ་ཆགས་སོང་། 
         དུས་སྐབས་དེའི་རིང་། དཀའ་ཚེགས་ཆེ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་དམག་འཐབ་ཀྱིས་རྒྱལ་ཡོངས་མི་དམངས་ལ་སེམས་ཁྲལ་ཆེན་པོ་བཟོས་པས་ཁེ་ལས་དང་མི་སྒེར་གྱིས་གཅིག་རྗེས་གཉིས་མཐུད་ངང་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ཡོད་ཅིང་། རང་ནུས་གང་ལྕོགས་ཀྱི་སྤྱོད་པ་དངོས་ཀྱི་ཐོག་ནས་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་མཉམ་འགོག་ཐད་མི་སེམས་འགུལ་བའི་གཏམ་རྒྱུད་བསྐྲུན་ཡོད་པ་རེད། 
         ཟློག་ཐབས་བྲལ་བའི་རིམས་ནད་ཀྱི་མདུན་དུ། དྲིན་ཤེས་ཤིང་དྲིན་ཚོར་བའི་བོད་ལྗོངས་ཀྱི་ཆོས་ལུགས་མི་སྣས་ཀྱང་བྱ་སྤྱོད་ཧུར་ཐག་སྤེལ་ནས་རང་འགུལ་ངང་རིམས་ནད་ལ་འགོག་རྒོལ་བྱེད་པར་དངུལ་དང་དངོས་པོ་ཞལ་འདེབས་ཕུལ་བ་དང་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་དང་སྲིད་གཞུང་གི་དུས་ཡུན་རིང་པོའི་ཐུགས་ཁུར་དང་གཅེས་སྐྱོང་ལ་ཐུགས་རྗེ་ཆེ་ཞུས་པ་རེད། 
         “ལོ་འགོར། བསམ་ཡས་དགོན་གྱིས་ཧུའུ་པེ་ཝུའུ་ཧན་སོགས་རིམས་ནད་ཐོན་མང་བའི་ས་ཁུལ་ལ་སྒོར་207600ཞལ་འདེབས་ཕུལ།”ཞེས་བསམ་ཡས་དགོན་པའི་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བློ་བཟང་མཁས་གྲུབ་ཀྱིས་ངོ་སྤྲོད་གནང་དོན། ད་ཐེངས་ཀྱི་ཞལ་འདེབས་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ནན་ཏན་གྱིས་ལག་བསྟར་བྱས་པ་ཡིན་ལ། བསམ་ཡས་དགོན་གྱི་ཉེ་བའི་ལོ་ཤས་རིང་གི་ཞལ་འདེབས་ཆེ་ཤོས་ཤིག་ཀྱང་ཡིན་ཟེར། 
འདི་ནི་བསམ་ཡས་དགོན་པ་རེད། 
         བསམ་ཡས་དགོན་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དུ་ཆགས་ཡོད་ཅིང་། “བོད་ཀྱི་དགོན་སྡེ་ཐོག་མ”ཞེས་པའི་མཚན་སྙན་གསོལ་ཡོད། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་ཁོངས་སུ་གཏོགས་པ་དང་རྒྱལ་ཁབ་རིམ་པའི4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཀྱང་རེད། 
         “མཆོད་འབུལ་ནི་ཆོས་དད་མང་ཚོགས་ཀྱི་སྦྱིན་པ་ལས་བྱུང་བ་ཡིན་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཞལ་འདེབས་ཕུལ་བར་དགེ་བ་ཆེན་པོ་ལྡན”ཞེས་སྐད་ཆ་བཤད་སྐབས་བློ་བཟང་མཁས་གྲུབ་ཀྱིས་ཟིན་བྲིས་དེབ་ཅིག་བཏོན་པའི་སྟེང་ཉེ་བའི་ལོ་ཤས་རིང་དགོན་སྡེས་དགེ་སྒྲུབ་ཀྱི་བྱེད་སྒོ་སྤེལ་བའི་སྐོར་དག་བཀོད་ འདུག 
         ཟིན་བྲིས་འབྲི་དེབ་སྟེང་གི་ནང་དོན་ལས་བསམ་ཡས་དགོན་གྱི་དགེ་སྒྲུབ་མཛད་འཕྲིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རམ་འདེགས་བྱེད་པའི་ཞིབ་ཕྲའི་གནས་ཚུལ་མཚོན་ཡོད་ཅིང་། དགེ་སྒྲུབ་མ་དངུལ་དེ་གཙོ་བོ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་སྒྱུར་བཀོད་དང་སློབ་རོགས་ཞལ་འདེབས། གནོད་འཚེ་རོགས་སྐྱོབ། ཉེན་ཁ་ཆེ་བའི་ནད་པར་རོགས་རམ་སོགས་ཀྱི་ཐད་གཅིག་སྡུད་ཐོག་སྤྱད་པ་མངོན་ཐུབ།
         དེང་སྐབས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལས་དོན་ཐད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་དང་ཏང་ཀྲུང་དབྱང་གིས་ཁས་ལེན་དམ་བཅའ་བརྟན་པོ་ཞིག་ཀྱང་རེད་ལ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཀྱང་རེད། བསམ་ཡས་དགོན་གྱི་གྲྭ་དམངས་ཀྱིས་དགེ་སྒྲུབ་མཛད་འཕྲིན་བསྐྱང་པ་ནི་ཏང་དང་སྲིད་གཞུང་གི“དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས”ཞེས་པའི་འབོད་སྐུལ་དང་ལེན་བྱས་པ་ཡིན་པ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་བྱམས་སེམས་དང་དམངས་ཕན། དགེ་སྒྲུབ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། 
         ལོ་ཤས་སྔོན། བསམ་ཡས་གྲོང་རྡལ་བསམ་ཡས་གྲོང་ལྷན་གྱི་བཀྲ་ཤིས་དབང་འདུས་པེ་ཅིང་དུ་སྙིང་ཁར་གཤགས་བཅོས་བྱེད་པར་བསྐྱོད་ཀྱང་སྨན་བཅོས་གྲོན་དངུལ་གྱིས་ཁོང་ལ་དཀའ་ངལ་ཆེན་པོ་བཟོས་པས་ན། ས་གནས་སྲིད་གཞུང་གིས་གཅེས་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་ཧུར་ཐག་གིས་སྤེལ་བ་དང་། བསམ་ཡས་དགོན་གྱི་དགེ་འདུན་པ་ཚོས་གནས་ཚུལ་དེ་ཤེས་རྗེས་ཞལ་འདེབས་སྒོར་ཁྲི15ཕུལ་ནས་བཀྲ་ཤིས་དབང་འདུས་ལ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། 
         2018ལོའི་ལོ་མཇུག་ཏུ་བསམ་ཡས་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་གནས་སྤོར་དུད་ཚང་གནས་སྤོས་བྱས་པ་རེད། 
         “ཡུལ་གཞན་དུ་གནས་སྤོས་ནས་དུད་ཚང་དབུལ་པོའི་སྡོད་ཁང་དང་ཐོན་སྐྱེད་འཚོ་བའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད་དེ། ཏང་དང་སྲིད་གཞུང་གི་རོགས་རམ་དང་ཐུགས་ཁུར་འོག ཁོ་ཚོའི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་འཚོ་བའི་ཆ་རྐྱེན་ཇེ་མཐོ་རུ་ཕྱིན་ཡོད”ཅེས་བློ་བཟང་མཁས་གྲུབ་ཀྱིས་ལོ་རེའི་བོད་ཀྱི་ལོ་གསར་སྐབས་བསམ་ཡས་དགོན་པས་སྒོར6800བཏང་ནས་གནས་སྤོས་མང་ཚོགས་ལ་འཚམས་འདྲི་བྱེད་པ་དང་ཁོ་ཚོས་གནས་སྤོ་ཡུལ་དུ་མཛེས་སྡུག་ལྡན་པའི་མི་ཚེ་གསར་པ་སྐྱེལ་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད་ཅིང་། ཁོ་ཚོའི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་སྨོན་འདུན་ཞུ་བཞིན་ཡོད་པ་རེད། 
འདི་ནི་བསམ་ཡས་དགོན་པ་རེད། 
         བསམ་ཡས་དགོན་པར། འདི་ལྟ་བུའི་དགེ་སྒྲུབ་ཀྱི་བྱེད་སྒོ་ལོ་ལྟར་ཧ་ཅང་མང་པོ་ཡོད་ཅིང་། འབྱུང་འགྱུར་ཡང་དད་ལྡན་མང་ཚོགས་ཀྱིས་མཆོད་འབུལ་གནང་པའི་ཡོང་འབབ་མང་ཚོགས་ཀྱི་དོན་དུ་གཏོང་རྒྱུ་ཡིན་ལ། ལོ་ལྔའི་རིང་བསམ་ཡས་དགོན་པས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཞལ་འདེབས་ཁྱོན་སྒོར་ཁྲི་བརྒྱ་ལྷག་ཙམ་ཕུལ་ཡོད་པ་རེད། 
         བློ་བཟང་མཁས་གྲུབ་ཀྱིས་ད་དུང་གསར་འགོད་པར།  ཉེ་བའི་ལོ་ཤས་རིང་ཏང་དང་སྲིད་གཞུང་གི་དམིགས་བསལ་གཟིགས་སྐྱོང་འོག་དགོན་པའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད་ཕྱིར་བསམ་ཡས་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཆོས་དད་མང་ཚོགས་ཀྱི་གྲོང་ཆོག་ལ་ཕྱིན་ནས་འབུལ་བ་ལེན་རྒྱུ་གཏན་འགོག་བྱས་ཡོད་ཅིང་། དད་ལྡན་མང་ཚོགས་ལའང་ཚན་རིག་དང་མཐུན་པའི་ངང་འབུལ་བ་འབུལ་རྒྱུ་དང་། ངེས་པར་དུ་རང་ཉིད་ཀྱི་འཚོ་བ་དང་སྨན་བཅོས། རྒན་གསོའི་དངུལ་བཅས་གསོག་འཇོག་བྱེད་དགོས་པ་དང་། དུད་ཚང་དབུལ་པོས་རྨོངས་བའི་ངང་འབུལ་བ་ཕུལ་ནས་ཁྱིམ་ཚང་གི་འཚོ་བར་ཤུགས་རྐྱེན་ཐེབས་པར་གཏན་འགོག་བྱས་པ་ཡིན་ཞེས་ཟེར། 
         འབྱོར་འབྲིང་མཉམ་སྐྲུན་གྱི་ལམ་བུའི་ཐོག བསམ་ཡས་དགོན་པའི་དགེ་འདུན་པ་དག་ནི་ དཔང་པོ་ཞིག་ཡིན་ལ་ནང་ཞུགས་མཁན་དང་འཛུགས་སྐྲུན་མཁན་ཡང་ཡིན། ཁོ་ཚོས་བྱམས་སྙིང་རྗེའི་སྒོམ་སྒྲུབ་དང་དགེ་སྒྲུབ་དབུལ་སྐྱོར་གྱི་སྤྱོད་ལམ་ཐོག་ནས་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་དབུལ་སྐྱོར་དཀའ་སེལ་གྱི་སྣང་བརྙན་བཟང་པོ་མངོན་པར་བྱས་ཡོད།