ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དབྱངས་ཅན་སྒྲོལ་མས་ཚ་བོ་པང་དུ་བཟུང་ནས་ང་ཚོ་རང་ཁྱིམ་གྱི་སྒོར་སྐྱེལ་མ་བྱས། སྒོ་རའི་ནང་དུ་རྩྭ་ལྗང་གི་འདབ་མ་དང་རྒྱ་སེ་མེ་ཏོག་རབ་ཏུ་བཞད་དེ་དྲི་བསུང་ཕྱོགས་བཞིར་ཁྱབ་ཡོང་ལ། མིག་མདུན་གྱི་ཡུལ་ལྗོངས་ཀྱིས་མི་རྣམས་ལ་ལོ་ངོ19ཡི་གོང་དུ་གནས་འདི་ནི་བྱེ་རླུང་འཚུབ་པའི་གྲམ་ཐང་ཞིག་རེད་ཅེས་ཟེར་ན་ཡིད་ཆེས་དཀའ་བ་ཞིག་རེད།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁུལ་ནས་བགྲོད་འགོ་ཚུགས་ཏེ་རླངས་འཁོར་རྒྱལ་ལམ349བརྒྱུད་ནུབ་ཕྱོགས་སུ་སྤྱི་ལེ30ཙམ་བསྐྱོད་པ་ན་གྲལ་སྟར་འགྲིག་པའི་བོད་བཟོའི་ཐོག་བརྩེགས་ཁང་ཆེན་ཞིག་མིག་ལམ་དུ་འཆར་ཡོང་ཞིང་། དེ་གར་དབྱངས་ཅན་སྒྲོལ་མའི་ཁྱིམ་ཏེ་ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་ཆགས་ཡོད་པ་རེད།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྱི་ཟུར་ཞིག་རེད།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྲོང་ཚོའི་གྲོང་མི་དབྱངས་ཅན་སྒྲོལ་མ་དང་ཚ་བོ་གཉིས་རང་ཁྱིམ་དུ་བསྡད་ཡོད་པ་རེད།
འདི་ནི་དབྱངས་ཅན་སྒྲོལ་མའི་ཁྱིམ་གསུམ་པ་རེད།
2001ལོར་ལོ་ན15ལ་སླེབས་པའི་དབྱངས་ཅན་སྒྲོལ་མས་ནང་མི་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཆུ་དྲོ་མོ་ཤང་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཅུང་ལེགས་པའི་གྲ་ནང་རྫོང་གྲ་ཕྱི་ཤང་དུ་གནས་སྤོར་པ་ཡིན་ལ། མོ་དང་མཉམ་དུ་གནས་སྤོར་མཁན་ལ་ད་དུང་ཆུ་དྲོ་མོ་ཤང་གི་དུད་ཚང58དང་གྲ་ནང་རྫོང་གི་དུད་ཚང་89ཡི་མང་ཚོགས་བཅས་དུད་ཚང147ཡོད་པ་རེད།
དུད་ཚང148ཀྱི་མི་འབོར700ཡོད་པའི་སྡོད་ཁང་གསར་པར“བདེ་སྐྱིད་གྲོང་གསར”ཞེས་མིང་བཏགས་ཡོད་ཅིང་། མིང་དེས་མི་རྣམས་ཀྱི་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་ནས་བདེ་སྐྱིད་ཀྱི་ཕྱོགས་སུ་སྐྱོད་འདོད་པའི་ཕུགས་རེ་མཚོན་གྱི་ཡོད་པ་རེད།
“སྐབས་དེ་དུས་གནས་འདི་ཡོངས་སུ་བྱེ་ས་རེད། དུས་ཚིགས་འདིར་ག་ས་གང་དུ་མེ་ཏོག་སྨུག་པོའི་རྩི་ཤིང་ཞིག་བཞད་པ་ལས་སྡོང་བོ་གཅིག་ཀྱང་མེད། “ས་ཁོད་སྙོམས་པོར་བཟོས་ཤིང་རྡོ་ཟེགས་གཙང་བཤེར་བྱས་པ། ས་དབོར་ནས་ས་བརྗེས་པ། ཁང་པ་རྒྱག་པ་བཅས་ཀྱི་ལམ་ནས་གྲམ་ཐང་གི་ས་རྒོད་དུ་ཚང་མ་སྡོད་ཁང་གསར་པའི་ནང་སྤོས་ནས་ས་ཞིང་བགོ་བཤའ་བརྒྱབ་པ་རེད།
ལོ་དེར་ཚེ་རིང་རྡོ་རྗེ་ལོ་ན16རེད། “སྐབས་དེ་དུས་རང་ཉིད་ཀྱིས་གང་ཡང་མི་ཤེས་པའི་ཚོར་སྣང་བྱུང་། ཁོས་གྲོང་ཚོའི་ནང་གི་མི་མང་པོ་ཞིག་གིས་གཞུང་ལམ་ཐོག་རླངས་འཁོར་ཡོད་པ་མཐོང་ ཞིང་། ཚང་མས་རླངས་འཁོར་ མཐོང་ལམ་ནས་མི་མངོན་པར་འགྱུར་བའི་བར་དེ་ལ་རྒྱང་ལྟ་བྱེད་ཀྱི་ཡོད་ཟེར།
ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་ཡོད་ཚད་གསར་པ་ཡིན་ལ་བདེ་སྐྱིད་གྲོང་གསར་ལ་དབང་བའི་གཏམ་རྒྱུད་ཀྱང་འགོ་ཚུགས་མ་ཐག་རེད།
མི་རྣམས་ཀྱིས་ས་རྒྱུ་ལེགས་བཅོས་བྱས་པའི་ས་ཞིང་མུའུ1400ཡི་སྟེང་ནས་དང་པད་ཁ། ཞོག་ཁོག་སོགས་ལོ་ཏོག་བཏབ་ཡོད་ལ། མ་གཞི་རྨོ་ཞིང་དང་གཞི་རྩའི་བཟའ་འབྲུ་འགན་ལེན་ཐུབ་མོད། འཚོ་བར་སྔར་བཞིན་དཀའ་ངལ་ཅུང་ཙམ་ཡོད་པས། དབྱངས་ཅན་སྒྲོལ་མས་སློབ་སྦྱོང་བྱེད་མཚམས་མི་འཇོག་ཀ་མེད་བྱུང་ནས་གཅེན་མོ་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ལས་ཀ་བྱེད་པར་བསྐྱོད་དགོས་བྱུང་།
གྲམ་ཐང་དུ་ལྗོན་ཤིང་རིམ་བཞིན་མང་དུ་ཕྱིན་པ་དང་བསྟུན་གྲོང་ཚོར་སྔོ་ལྗང་གི་རྣམ་པ་ཡང་མང་དུ་ཕྱིན་ཡོད།
2008ལོར། ཚེ་རིང་རྡོ་རྗེ་མཐོ་འབྲིང་ནས་སློབ་མཚམས་བཞག་སྟེ་བདེ་སྐྱིད་གྲོང་གསར་དུ་ལོག དེར་གྲོང་ཚོའི་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ནས་ཕ་ཡུལ་འཛུགས་སྐྲུན་གྱི་ལས་རིམ་ནང་ཞུགས་པ་རེད།
“གྲ་ནང་རྫོང་གྲོང་དུ་སློབ་སྦྱོང་བྱས་ནས་གྲོང་ཚོར་ལོག་སྐབས། ཁ་ལོ་བ་དག་གིས་བདེ་སྐྱིད་གྲོང་གསར་དུ་འགྲོ་དགོས་པ་ཐོས་ན་འགྲོ་འདོད་བྱེད་ཀྱི་མེད”ཅེས་སྔོན་ཆད་བདེ་སྐྱིད་གྲོང་གསར་སྐོར་གླེང་སྐབས་ཉེ་འཁོར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགོ་བོ་གཡུག་གཡུག་བྱེད་བཞིན་བཤད་དེ། “སྔོན་ཆད་འདི་གར་རྡུང་རེས་རྒྱག་པ་དང་ཆང་འཐུང་ནས་ཟིང་ཆ་སློང་བའི་བྱ་བ་ཧ་ཅང་མང་པོ་ཡོད། རྫོང་དང་ཤང་གིས་དེ་གའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་བཀོད་སྒྲིག་བྱེད་སྐབས་ཕྱོགས་མང་པོ་ནས་བསམ་བློ་གཏོང་བ་དང་བཀོད་སྒྲིག་ཤུགས་ཆེན་བྱེད་ཀྱི་ཡོད”ཅེས་ལས་རིགས་གཅིག་པའི་གྲ་ནང་རྫོང་གི་ལས་བྱེད་པ་ཞིག་གིས་དེ་སྐད་ཟེར།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྱི་ཟུར་ཞིག་རེད།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྱི་ནུས་མང་ལུས་སྦྱོང་ཁང་རེད།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྱིས་སྣམ་བུ་འཐག་པའི་ཟབ་སྦྱོང་སྤེལ་བཞིན་པ་རེད།
2014ལོར་འགྱུར་ལྡོག་མངོན་གསལ་བྱུང་བ་སྟེ། བདེ་སྐྱིད་གྲོང་གསར་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྤྱོད་འགོ་ཚུགས་པ་དང་གྲོང་མི་ཚོ་སླར་ཡང་གནས་སྤོར་བྱས་པ། ཚང་མས་ལག་རྩལ་སྦྱོང་བ་དང་ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་བསྐྱོད་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་འདོད་ཡོད་པ་རེད།
སྐབས་དེ་དུས་དབྱངས་ཅན་སྒྲོལ་མར་ཡང་ཁྱིམ་ཚང་ཆུང་ཆུང་ཞིག་ཡོད་དེ། ཁྱོ་ག་ཀྲང་ལུའུ་གོ་ནི་སི་ཁྲོན་གྱི་ཡིན་ཏེ་ཁོ་གཉིས་ལས་ཡུལ་དུ་ངོ་ཤེས་པ་ཡིན་ལ། 2005ལོར་ཁོ་གཉིས་གཉེན་སྒྲིག་བྱས་ནས་དབྱངས་ཅན་སྒྲོལ་མའི་ར་སྐོར་ནང་ཁང་པ་གསར་པ་ཞིག་བརྒྱབ་ཡོད།
ནང་སར་ལོ་ངོ6བསྡད་རྗེས་ནང་མི་བཞི་ཕ་ཡུལ་དུ་ལོག་པ་དང་། གནས་སྤོར་བྱེད་སྐབས། དབྱངས་ཅན་སྒྲོལ་མར་སྨི་ངོས་གྲུ་བཞི་མ160ལྷག་ཙམ་ཡོད་པའི་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་ཐོག་ཁང་ཞིག་བགོས་ཤིང་། ཁོ་གཉིས་ཀྱིས་ཕྲུ་གུ་གཉིས་ཁྲིད་ནས་ཨ་མའི་ཁྱིམ་ནས་ཕྱི་ལ་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་བརྩམས་པ་ཡིན་ལ། ཁྱོ་ག་ཕྱིར་གླ་པར་འགྲོ་བ་དང་བཟའ་ཟླས་ཁྱིམ་ཚང་ལ་ལྟ་རྟོག་བྱེད་པ། ཕྲུ་གུ་ཐག་ཉེ་སར་སློབ་གྲྭར་འགྲོ་བཞིན་ཡོད་པས། མི་རིགས་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་དེས“ལས་བགོས་ཁ་གསལ་པོ”བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཆེད་འབད་འཐབ་བྱེད་བཞིན་ཡོད།
གྲོང་ཚོས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་དང་འབྲི་མོ་གསོ་སྤེལ་རྟེན་གཞི། སྡོང་ཕྲུག་རྟེན་གཞི། འཕྲུལ་ཆས་ཆེ་གྲས་བོགས་མར་གཏོང་ལེན་སོགས་ཐུན་མོང་དཔལ་འབྱོར་ཁག་ཅིག་རིམ་བཞིན་འཕེལ་རྒྱས་སྟོབས་ཆེར་བཏང་ཡོད་ཅིང་། ཁོམ་ལོང་ཕྲན་བུ་ཡོད་ཚེ་དབྱངས་ཅན་སྒྲོལ་མ་གྲོང་ཚོའི་ནང་གི་འདེབས་འཛུགས་གསོ་སྤེལ་རྟེན་གཞིར་ལས་ཀ་ཙག་ཙིག་བྱེད་པར་བསྐྱོད་དེ་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་གི་ཡོད།
2018ལོའི་ཟླ9པར། ཁྱོ་གས་ལྷ་ཉིང་ལྕགས་ལམ་ཐོག་ལས་ཀ་བྱེད་པ་དང་རང་ཉིད་ལ་ལས་ཀ་ཙག་ཙིག་བྱས་ཏེ་གྲོང་ཚོར་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་བྱས་པར། དམངས་གཙོའི་དཔྱད་མོལ་དང“ཡོངས་བསྒྲགས་གཉིས་དང་སྤྱི་བསྒྲགས་གཅིག”བརྒྱུད་དབྱངས་ཅན་སྒྲོལ་མ་ཚང་གིས“དབུལ་པོའི་ཞྭ་མོ”ཕུད་པ་རེད།
ན་ནིང་ཁྱོ་ག་ཀྲང་ལུའུ་གོས་ལྷ་ཉིང་ལྕགས་ལམ་དུ་གླ་བརྒྱབ་པར་ཡོང་འབབ་སྒོར་ཁྲི6ཙམ་བྱུང་ཡོད་པ་དང་། ཁྱིམ་གྱི་བྱིས་པ་གཉིས་ཀྱིས་སློབ་གྲྭར་འགྲོ་པར་ཁོ་མོས་སེམས་ཁུར་བྱེད་མི་དགོས་ལ། ཨ་མའི་གཟུགས་གཞིའང་བདེ་ཐང་ཡིན་པས་དབྱངས་ཅན་སྒྲོལ་མས་ད་ལྟའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག་སྙམ་གྱི་ཡོད།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྲོང་ཚོའི་གྲོང་མི་དབྱངས་ཅན་སྒྲོལ་མས་ཁྱིམ་དུ་བཞག་པའི་ཁྱིམ་ཚང་གི་མཉམ་པར་རེད།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྲོང་ཚོའི་གྲོང་མི་དབྱངས་ཅན་སྒྲོལ་མའི་ཁྱིམ་གྱི་དབུལ་སྒྲོལ་གཟི་བརྗིད་འཛིན་ཡིག་རེད།
ཕྱིར་གྲོང་ཚོར་ལོག་ནས་ལོ་ངོ12རིང་། ཚང་མའི་ཡིད་ཆེས་འོག་ཚེ་རིང་རྡོ་རྗེས་གྲོང་ཚོའི་སྡེ་ཚོགས་ཀྲི་པུའུ་ཡི་ཧྲུའུ་ཅི་ནས་གོམ་པ་རེ་རེ་བཞིན་གྲོང་ཚོའི་ཀྲུའུ་རེན་གྱི་ལས་གནས་ཐོག་བསྐྱོད། ན་ནིང་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.2ཟིན་པ་དང་ཁོས་བལྟས་ན་བདེ་སྐྱིད་གྲོང་ཚོའི་འཚོ་བ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད་འདུག
“གྲོང་ཚོར་ཞིང་ཞོར་ཉོ་ཚོང་ཁྲོམ་ར་འཛུགས་དགོས་ཤིང་། ཚོང་ཁང་ཆུང་གྲས་དང་ཇ་ཁང་། ཞིང་འཕྲུལ་ཞིག་གསོ་སོགས་ཚོང་ཁང་གཅིག་སྡུད་བྱས་ཏེ་ཚང་མའི་འཚོ་བར་སྟབས་བདེ་བསྐྲུན་དགོས་ལ། ད་དུང་སྡོང་ཕྲུག་ར་བ་འཛུགས་པ་དང་འབྲི་མོ་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་བཏང་ནས་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་དགོས། གྲོང་མི་ཁག་ཅིག་ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་འགྲོ་རྒྱུ་དང་གྲོང་མི་ཁག་ཅིག་ཐག་ཉེ་སར་ལས་ཀ་བྱས་ནས་ཐབས་ལམ་མང་པོར་བརྟེན་ནས་འབབ་འཕར་ཡོང་བ་བྱ་དགོས།”
ལུང་ཤུར་ནས་རྒྱལ་ལམ་གྱི་འགྲམ་དུ་སྤོས་ནས་ལོ་ངོ19སོང་ཡོད། དེ་གའི་མི་རྣམས་ཁོར་ཡུག་གསར་པར་གོམས་པ་དང་ཁོར་ཡུག་གིས་ཀྱང་མི་རྣམས་ལ་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྱི་གྲོང་མི་དབྱངས་ཅན་སྒྲོལ་མའི་ར་སྐོར་ནང་གི་རྒྱ་སེའི་མེ་ཏོག་རེད།
འདི་ནི་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྱི་གྲོང་མིས་སུ་ལུ་སྐེམ་བཞིན་པ་རེད།
དུད་ཚང185དང་མི་འབོར800ལྷག་ཙམ་ཡོད་པའི་བདེ་སྐྱིད་གྲོང་གསར་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁག་གི་རོགས་སྐྱོར་འོག ཅི་ཡང་མེད་པའི་དབུལ་ཕོངས་གྲོང་ཚོ་ནས་དཔེ་མཚོན་དཔེ་སྟོན་གྲོང་ཚོར་གྱུར་ཡོད། “2016ལོའི་ གྲ་ནང་རྫོང་གི་ཕུལ་བྱུང་གྲོང་ཚོ(གྲོང་ལྷན)ཨུ་ལྷན་གཉིས་ཀྱི་སྡེ་ཚན”དང“2017ལོའི་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང”སོགས་ཀྱི་གཟི་བརྗིད་གཟེངས་རྟགས་དང་གཟེངས་བསྟོད་དཔང་ཡིག་གྲོང་ཚོ་ཨུ་ལྷན་གྱི་ཚོགས་ཁང་ཞིག་གི་ནང་དུ་བཞག་ཡོད།
བུ་མོ་ཉི་མ་སྒྲོལ་མས་ཨ་ནེས་སི་ཁྲོན་ནས་བསྐུར་ཡོང་བའི་རྒྱ་སེ་མེ་ཏོག་གི་མྱུ་གུ་དག་ད་ཆ་དབྱངས་ཅན་སྒྲོལ་མའི་ར་སྐོར་ནས་དྲི་ཞིམ་འཐུལ་བཞིན་ཡོད་ལ། གསོ་སྤེལ་རྟེན་གཞིས་འདེབས་འཛུགས་བྱས་པའི་རྩྭ་ལྡུམ་བརྔ་བསྡུའི་དུས་ལ་སླེབས་པས་གྲོང་མི་ཚོས་ཉི་སྐམ་གཏོང་བཞིན་འདུག སྡེ་བའི་ནང་དུ་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ཏེ་རུ་མི16གིས་དགོང་མོ་རེར་ཆུ་ཚོད་གཉིས་ཀྱི་དུས་ཚོད་བེད་སྤྱད་ནས་སྦྱོང་བརྡར་བྱས་ ནས་གྲོང་མི་ཚོར་རིག་གནས་ཀྱི་དགའ་སྟོན་བཤམས་ཀྱི་ཡོད་པ་རེད།སྔོན་ཆད་ཀྱི་གྲམ་ཐང་དུ“བདེ་སྐྱིད་གྲོང་ཚོ”ཡི་གྲོང་མི་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རང་སོ་སོའི་ལས་དོན་ལ་བྲེལ་ཞིང་བརྩོན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་བཞིན་ཡོད།