དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལས་ཞུགས་གཞན་སྒྱུར་གྱི་གདངས་ཆ་དྲག་པོ་སྟེ། བོད་ལྗོངས་ཀྱི་ཁེ་ལས་འདིའི་གཞན་དང་མི་མཚུངས་པའི་རོགས་སྐྱོར་ལ་བལྟ་བ།

སྤེལ་དུས 2020-06-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ང་ཚོ་ཁྲིད་དེ་རང་ཁྱིམ་གྱི་ཁང་པ་གསར་པར་བལྟ་རུ་བཅུག་མྱོང་ཡོད། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྒྱ་ལོ་གྲོང་ཚོའི་གྲོང་མི་བསམ་འགྲུབ་ཀྱིས་གཡར་ཡོང་བའི་གློག་སྒུལ་འཕྲུལ་རྟ་མགྱོགས་མྱུར་ངང་བཏང་ནས་སོ་ཕག་བཟོ་གྲྭར་ལོག་པ་རེད། ཁོ་རང་ལ་ད་ལྟ་ལས་རྩོལ་འཕེལ་བོ་ཡོད་ལ། ལོ་མཇུག་ཏུ་ཁང་པ་གསར་པའི་ནང་མཛེས་བཟོ་བྱས་པའང་ཁྱིམ་མི་གང་པོས་སོ་ཕག་བཟོ་གྲྭ་འགན་གཙང་ལེན་གནང་པའི་ཡོང་འབབ་ལ་བརྟེན་ནས་བྱུང་བ་ཞིག་རེད། 
        ལས་ཡུལ་དུ་ལས་ཀ་ཙག་ཙིག་བྱས་ནས་ཁེ་བཟང་ཕྲན་བུ་རག་པ་ནས་སོ་ཕག་བཟོ་གྲྭ་ནས་སོ་ཕག་བཟོ་བའི་ཉིན་གྱི་ཡོང་འབབ་བརྒྱ་ལྷག་ཙམ་ཟིན་པ་དང་། དེ་ནས་སོ་ཕག་བཟོ་གྲྭའི་ཟླ་རེའི་ཡོང་འབབ་སྒོར་ཁྲི་ལྷག་ཙམ་ཟིན་པའི་བར་བསམ་འགྲུབ་ཀྱིས་ད་ལྟའི་ལས་ཀའི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད་ལ། “དེ་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་དར་རྒྱས་དབུལ་སྐྱོར་སྐྱེལ་འདྲེན་ཀུང་སིའི་རོགས་རམ་ལས་བྱུང་བ་ཞིག་ཡིན་ཏེ། གལ་ཏེ་ཁེ་ལས་ཀྱི་རོགས་སྐྱོར་མེད་ན་ང་ཚོའི་ཁྱིམ་ལ་སྡོད་ཁང་གསར་པ་འདི་མེད་པ་དང་། སོ་ཕག་བཟོ་གྲྭ་འགན་གཙང་ལེན་བྱེད་རྒྱུ་ཡང་མི་སྲིད་པ་དང་། ད་ལྟའི་ཡོང་འབབ་དེ་བས་ཀྱང་ཡོད་མི་སྲིད་དོ།” 
        བསམ་འགྲུབ་ཀྱིས་གླེང་བའི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་དར་རྒྱས་དབུལ་སྐྱོར་སྐྱེལ་འདྲེན་ཀུང་སི་ནི་ས་གནས་དེ་གའི་ས་སྐྱེས་རྡོ་སྐྱེས་ཀྱི་ཁེ་ལས་ཤིག་ཡིན་ལ། 2010ལོར་དེ་སྔའི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་གྲོང་ཚོའི་ཞིང་པའི་སྐྱེལ་འདྲེན་རུ་ཁག་དངོས་སུ་དབུ་བརྙེས་པའི་སྐབས། ཁེ་ལས་ཀྱི་འགན་འཁུར་བ་འཇམ་དབྱངས་ཆོས་གྲགས་ཀྱིས་དྲིན་གཟོ་ཚོར་ནས་ས་གནས་དེ་གའི་མང་ཚོགས་ལ་རོགས་སྐྱོར་བྱས་པ་རེད། 
འདི་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་དར་རྒྱས་དབུལ་སྐྱོར་སྐྱེལ་འདྲེན་ཀུང་སིའི་ཚོགས་ཁང་ནང་གོས་དར་བཀལ་ཡོད་པ་རེད། 
        “ང་ནི་དཀའ་སྡུག་མྱངས་མྱོང་བའི་མི་ཞིག་ཡིན། རང་ཉིད་ཀྱི་ཆ་རྐྱེན་ཡག་ཙམ་བྱུང་ན་རོགས་རམ་ཏོག་ཙམ་བྱེད་ཐུབ་ངེས་ཤིང་དེ་ལྟར་བྱེད་ཀྱི་ཡོད”ཅེས་འཇམ་དབྱངས་ཆོས་གྲགས་ཀྱིས་དེ་ལྟར་བསམ་གྱི་ཡོད་ལ་དེའི་གཤམ་འོག་གི་ཁེ་ལས་ཀྱིས་ཀྱང་དེ་ལྟར་བྱེད་དགོས་པའི་བླང་བྱའང་འདོན་གྱི་ཡོད། 
        2018ལོའི་ཉིན་ཞིག་ལ་བསམ་འགྲུབ་ཀུང་སིར་ཡོང་ནས་འཇམ་དབྱངས་ཆོས་གྲགས་བཙལ་ནས་རོགས་རམ་བྱ་རྒྱུའི་རེ་བ་ཞུས། མ་གཞི་ནས་ཆ་རྐྱེན་ལེགས་པའི་ཁྱིམ་ཚང་ཞིག་མིན་པའི་ཁར་བཟའ་ཟླ་དང་བུའི་གཟུགས་པོ་བདེ་པོ་མེད་པས་བསམ་གྲུབ་ཀྱིས་སྨན་རིན་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། 
        བསམ་འགྲུབ་ཚང་གི་གནས་ཚུལ་ཐོས་རྗེས། ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སིས་སྒོར་ཁྲི1བཏོན་ནས་ཁོ་ཉིད་ཁྱིམ་མིར་ནད་ལྟ་བར་བཏང་། དེའི་རྗེས་སུ། བུ་མོ་གཉེན་སྒྲིག་བྱེད་དུས་ཁྱིམ་གྱི་སྡོད་ཁང་གུ་དོག་པ་དེར་སྡོད་ས་མི་འདང་བས་ཁོ་རང་སླར་ཡང་ཀུང་སིར་རོགས་རམ་བྱ་རྒྱུའི་རེ་བ་ཞུ་བར་བསྐྱོད། 
        “ཀུང་སིས་སྒོར་ཁྲི5གནང་པ་དང་ང་ཚོས་ཀྱང་རང་གི་གསོག་དངུལ་བཏོན་ནས་ན་ནིང་ཁང་གསར་འཛུགས་སྐྲུན་བྱས་ཚར་སོང”ཁང་པ་གསར་པ་བརྒྱབ་ཚར་པ་དང་བསམ་འགྲུབ་ཀྱི་ལས་ཀ་ཡང་བཀོད་སྒྲིག་བྱེད་ཐུབ་ཡོད་ཅིང་། ཁོ་དང་བུ་མོ། མག་པ་བཅས་མི་གསུམ་གྱིས་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་སྣ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་གཤམ་འོག་གི་སོ་ཕག་བཟོ་གྲྭ་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། 
        ད་ལོར་ཁོ་ཚོས་སོ་ཕག་བཟོ་གྲྭ་འགན་གཙང་ལེན་བྱས་ནས་སོ་ཕག་བཟོ་བཞིན་ཡོད་ཅིང་། སོ་ཕག་ཕྱིར་ཚོང་དང་སྐྱེལ་འདྲེན་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་དར་རྒྱས་དབུལ་སྐྱོར་སྐྱེལ་འདྲེན་ཀུང་སིས་འགན་འཁུར་གྱི་ཡོད། “ད་ལོའི་ཟླ4པར་ལས་འགོ་བསྐྱར་ཚུགས་བྱས་པ་ནས་བཟུང་ནང་མི་ཚང་མར་ཡོང་འབབ་སྒོར་ཁྲི7ཙམ་བྱུང་ཡོད” ཁང་པ་གསར་པའི་ནང་སྟོང་སང་སང་ཡིན་ཡང་བསམ་གྲུབ་ནི་རེ་སྨོན་གྱིས་ཁེངས་ཡོད་པ་རེད། 
        ཁོས“ཀུང་སིས་ང་ཚོའི་ནང་མིར་རོགས་རམ་མང་པོ་བྱས་ཡོད། “བཀའ་དྲིན་ཆེ”ཟེར་པ་ཙམ་ལས་གཞན་གང་ཡང་འཆད་རྒྱུ་མི་འདུག སྡོད་ཁང་གསར་པར་མཛེས་བཟོར་ཀུང་སིའི་སྤྱི་འགན་པ་བཙལ་ནས་རོགས་རམ་བྱེད་དུ་འཇུག་ག་ལ་རུང་།  ང་ཚོས་རང་ཉིད་ཀྱིས་འབད་བརྩོན་ཆེན་པོས་སོ་ཕག་བཟོ་གྲྭར་ལས་ཀ་ལས་ཚེ་ད་ལོའི་ལོ་མཇུག་ཏུ་སྡོད་ཁང་གསར་པར་འདུག་པར་གནད་དོན་ཅི་ཡང་མི་འདུག 
འདི་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྒྱ་ལོ་གྲོང་ཚོའི་གྲོང་མི་བསམ་འགྲུབ་རང་ཁྱིམ་གྱི་ཁང་པ་གསར་པའི་ནང་ཡོད་པ། 
འདི་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྒྱ་ལོ་གྲོང་ཚོའི་གྲོང་མི་བསམ་འགྲུབ་ཀྱི་མག་པ་ཕུན་ཚོགས་ཀྱིས་སོ་ཕག་བཟོ་གྲྭར་སོ་ཕག་དབོར་བཞིན་པ་རེད། 
འདི་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྒྱ་ལོ་གྲོང་ཚོའི་གྲོང་མི་བསམ་འགྲུབ་ཀྱིས་འགན་གཙང་ལེན་གནང་པའི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་བཟོ་སྐྲུན་ཚད་ཡོད་ཀུང་སིའི་གཤམ་འོག་གི་སོ་ཕག་བཟོ་གྲྭ་རེད། 
        འདི་ལྟ་བུའི་མང་ཚོགས་ལ་རོགས་སྐྱོར་ཏན་ཏིག་གནང་པ་དང་མང་ཚོགས་ལས་ཞུགས་སྤོ་སྒྱུར་བྱས་པའི་དཔེ་མཚོན་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་དར་རྒྱས་དབུལ་སྐྱོར་སྐྱེལ་འདྲེན་ཀུང་སིར་ད་དུང་མང་པོ་ཡོད་པ་རེད།
        ཟླ5པའི་ཚེས17ཉིན།ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ12དང་ལྷུན་རྩེ་རྫོང་གི་སྲིད་འཛིན་གྲོང་ཚོ1ལ་རིན་མེད་ངང་འདྲུད་འཐེན་འཕྲུལ་འཁོར་དང་ཞིང་ལས་འཕྲུལ་འཁོར། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་སོགས་ཞིང་འཕྲུལ་སྒྲིག་ཆས་རག་ཐུབ་ཡོད་ཅིང་། “ལྕགས་གླང”འདི་དག་ཡོད་པས་ན་ཞིང་ནང་གི་ཞིང་ལས་ལས་སླ་པོར་གྱུར་ཡོད་པ་དང་།  ཁོམ་ལོང་གི་དུས་སུ་ཐག་ཉེ་ས་ནས་ཞོར་ལས་བྱས་ཏེ་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་ཐུབ་པས་ས་གནས་དེ་གའི་མང་ཚོགས་ཧ་ཅང་དགའ་པོ་བྱུང་ཡོད་པ་རེད།
        ལོ་བཅུ་བདུན་སྟེང་ཕྱི་རུ་ཞོར་ལས་ལ་ཕྱིན་པ་དང་། ལས་གཏོད་ཁྲོད་ཐེངས་གསུམ་ལ་ཕམ་ཉེས་བྱུང་ནས་མཐར་ལེགས་གྲུབ་བྱུང་བའི་འཇམ་དབྱངས་ཆོས་གྲགས་ཀྱིས་རང་ཉིད་ལ་གྲུབ་འབྲས་ཐོབ་ཐུབ་པ་ནི་དཀའ་སྡུག་ཚད་མེད་མྱོང་བ་ཕུད་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། “ད་ལྟ་འཇོན་ཐང་ཡོད་པས་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད”ཟེར།
འདི་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སིས་འཛུགས་སྐྲུན་བྱེད་བཞིན་པའི་མགར་སྟོང་བཙན་མགྲོན་ཁང་ཆེན་མོ་རེད། 
འདི་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སིས་འཛུགས་སྐྲུན་བྱེད་བཞིན་པའི་མགར་སྟོང་བཙན་མགྲོན་ཁང་ཆེན་མོ་རེད།
 འདི་ནི་ལྷུན་རྩེ་རྫོང་ལྷུན་རྩེ་རྫོང་བྲག་མགོ་གྲོང་ཚོའི་གྲོང་མི་དབང་འདུས་ཀྱིས་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སིར་སྐྲུན་བཞིན་པའི་མགར་སྟོང་བཙན་མགྲོན་ཁང་ཆེན་མོར་ལས་ཀ་ལས་བཞིན་པ་རེད།
        ལྷུན་རྩེ་རྫོང་གི་མགར་སྟོང་བཙན་མགྲོན་ཁང་ཆེན་མོ་འཛུགས་སྐྲུན་ཡུལ་དངོས་སུ་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་བྲག་མགོ་གྲོང་ཚོའི་གྲོང་མི་དབང་འདུས་ནི་ལས་ཡུལ་དུ་ལས་ལ་བྲེལ་བཞིན་ཡོད་དེ། 2019ལོའི་ལོ་འགོར། ཁོ་རང་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སིར་ཡོང་ནས་འཇམ་དབྱངས་ཆོས་གྲགས་བཙལ་ཏེ་ཁོ་ལ་ལས་ཀ་ཞིག་སྤྲོད་པའི་རེ་བ་བརྒྱབ། དེའི་རྗེས་སུ་དབང་འདུས་ཨར་ཁང་འཛུགས་སྐྲུན་བྱ་ཡུལ་དུ་ཡོང་ནས་ཡུལ་དངོས་ཀྱི་དངོས་ཟོག་རྒྱུ་ཆའི་བདེ་འཇགས་དོ་དམ་ལས་དོན་གྱི་འགན་འཁུར་བ་རེད། “འདི་གར་ཟླ་རེར་གླ་ཆ་སྒོར5000ཡོད་པས་དེ་ནི་སྔོན་མ་བདེ་སྲུང་བ་བྱས་པ་ལས་མང་བ་ཡོད་ཅིང་། ཟ་འདུག་གཉིས་ཀ་ཧ་ཅང་བཟང་ལ་ལས་ཀ་ཡང་ཧ་ཅང་ཡག་པོ་འདུག་པ་མ་ཟད།  སྦྱིན་བདག་ཀྱང་མི་བཟང་ཞིག་ཡིན་པས། ང་རང་ལས་ཀ་འདིར་བློ་ཡིད་ཚིམས་ཡོད”ཅེས་ཟེར། 
        འཇམ་དབྱངས་ཆོས་གྲགས་ཀྱིས་ཀུང་སི་དེ་གཉིས་ཀྱིས་ལྷུན་རྩེ་རྫོང་དང་མཚོ་སྣ་རྫོང་སོགས་སུ་རྣམ་གྲངས་10ལྷག་ཙམ་སྐྲུན་བཞིན་ཡོད། རྣམ་གྲངས་དེ་དག་གི་ནང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཆིག་སྟོང་ལྷག་ཙམ་བསྡུ་ལེན་བྱས་ཡོད་ལ། དེ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ཀྱི་འཕྲུལ་ཆས་སྒྲིག་ཆས་སྤྱད་དེ་ཁོང་ཚོར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་དང་། 2020ལོ་ནས་ད་བར་ཀུང་སིས་ལས་མིའི་གླ་ཆ་དང་འཕྲུལ་ཆས་སྒྲིག་ཆས་སྤྲོད་རིན་སྒོར་ཁྲི2796ཟིན་ཡོད་ཟེར། 
འདི་ནི“བོད་ལྗོངས་ལྷུན་རྩེ་རྫོང་གི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞིས”ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་དར་རྒྱས་དབུལ་སྐྱོར་སྐྱེལ་འདྲེན་ཀུང་སིར་སྒོ་བྱང་འགེལ་བཞིན་པ་རེད། 
འདི་ནི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་དར་རྒྱས་དབུལ་སྐྱོར་སྐྱེལ་འདྲེན་ཀུང་སིའི་འགན་འཁུར་བ་འཇམ་དབྱངས་ཆོས་གྲགས་ཀྱིས་ས་གནས་དེ་གའི་མང་ཚོགས་ལ་འཚམས་འདྲི་གནང་བཞིན་པ་རེད། 
        ཁེ་ལས་ཀྱི“གཞན་དང་མི་འདྲ་བའི”རོགས་སྐྱོར་ལ་ས་གནས་དེ་གའི་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་དེ། ཐུགས་རྗེ་ཆེ་ཞུ་བའི་གོས་དར་རེ་རེས་ཀུང་སིའི་ཚོགས་འདུ་ཁང་བཀང་ཡོད་པ་དང་། “བོད་ལྗོངས་ལྷུན་རྩེ་རྫོང་གི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི”དེ་འཇམ་དབྱངས་ཆོས་གྲགས་ཀྱི་ཀུང་སིར་སྒོ་བྱང་བཀལ་ཡོད་པ་རེད། 
        ཁོས་ད་དུང་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་དེ་བས་ལེགས་པར་བསྒྲུབ་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་པོས་ལས་ཞུགས་གཞན་སྒྱུར་ལ་བརྟེན་ནས་ཁྱིམ་ཚང་གི་ཡོང་འབབ་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་འདོད་འདུག 
        “མགྲོན་ཁང་ལས་རིགས་ཕུད་ང་ཚོའི་ཀུང་སིས་ད་དུང་ལྷུན་རྩེ་རྫོང་གི་མཐའ་མཚམས་ཤང་ཁག་ཅིག་ཏུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྩིས་ཡོད་དེ། ཡུལ་ལྗོངས་ལྟ་ན་སྡུག་པ་དང་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་པའི་མཛེས་ལྗོངས་ཁུལ། ཁྱད་ལྡན་ཐོན་ལས་གསར་སྤེལ་དང་རོགས་སྐྱོར་བྱས་པ་བརྒྱུད་ས་གནས་དེ་གའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་མང་ཚོགས་སྒོ་འགྲམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་རྒྱུ་རེད།”