དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁོང་རྣམ་གཉིས་ཀྱིས་ཀུའོ་མིང་དབྱི་བཅས་པ་དང་བཞུགས་མོལ་གནང་འདུག

སྤེལ་དུས 2020-06-30 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           ཚེས་28ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའོ་མིང་དབྱི་ཡིས་སྣེ་ཁྲིད་གནང་བའི་ཀུའོ་མིང་དབྱིའི་གཅེས་སེམས་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་བ་རེད།  

           ཝུའུ་དབྱིང་ཅེས་ཀུའོ་མིང་དབྱི་བཅས་པ་བོད་དུ་ཕེབས་ནས་གཅེས་སེམས་རོགས་སྐྱོར་བྱེད་སྒོ་སྤེལ་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཁྱེད་ནི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་ཞིག་དང་དུས་རབས་གསར་པའི་ལེ་ཧྥུང་གི་སྙིང་སྟོབས་བརྒྱུད་སྤྲོད་གནང་མཁན་ཞིག་རེད། ཁྱེད་ཀྱི་སྔོན་ཐོན་བྱས་རྗེས་ལས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་གཅེས་སེམས་ལེགས་སྐྱེས་དང་། མི་དམངས་ལ་ཞབས་འདེགས། སྤྱི་ཚོགས་ལ་དྲིན་ལན་བཅས་འཇལ་བར་སློབ་གསོ་དང་། སྐུལ་ལྕག སྣེ་ཁྲིད་བཅས་གནང་ཡོད་ལ། ད་ཐེངས་བོད་དུ་ཆེད་མངགས་ཕེབས་ནས་གཅེས་སེམས་རོགས་སྐྱོར་བྱེད་སྒོ་སྤེལ་བ་དེས། ལྗོངས་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་ཐོན་ངེས་རེད་ཅེས་གསུངས་ཤིང་། ཝུའུ་དབྱིང་ཅེས་མིག་སྔར་ང་ཚོ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་གནས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་དང་ལས་འགན་ལེགས་གྲུབ་བྱ་རྒྱུ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་འགན་ལེན་བྱ་ཆེད།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ།  སྔོན་ཐོན་དཔེ་བཟང་མི་སྣ་མིག་དཔེར་འཛིན་པ།  མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པ། ཀུའོ་མིང་དབྱིའི་ཚོགས་པའི་གཅེས་སེམས་ཆེན་པོ་དང་ལེགས་སྐྱེས་སྙིང་སྟོབས་བརྒྱུད་སྤྲོད་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་བསམ་པའི་སྒུལ་ཤུགས་དང་ཀུན་སྤྱོད་ཀྱི་ཉིང་བཅུད་ཟམ་མི་ཆད་པར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  

           ཀུའོ་མིང་དབྱིས་ད་ཐེངས་བོད་དུ་སྐྱོད་སྐབས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོས་ང་ལ་བག་ཆགས་ཆེན་པོ་བཞག་བྱུང་ཞེས་གསུངས་ཤིང་། ཁོང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་ཞུས་ཏེ་གཅེས་སེམས་ཚོགས་པའི་སྙིང་སྟོབས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་གཅེས་སེམས་བྱ་གཞག་གི་གཏིང་ཚད་དང་ཁྱབ་རྒྱ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས། བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་བྱ་གཞག་ལ་ནུས་པ་འདོན་རྒྱུ་མ་ཟད། སྟོབས་ཤུགས་དང་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།  
རྩོམ་སྒྲིག་པ། སྣང་རྡོར།