2020ལོའི་ཟླ་5པའི་ཚེས་1ཉིན་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འཚོ་བའི་གད་སྙིགས་བཙན་ཐབས་ཀྱིས་རིགས་དབྱེ་བའི་སྒྲིག་སྲོལ་གསར་པ་ཞིག་ལག་བསྟར་བྱེད་འགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཆུང་བ་ཞེས་འབོད་པའི་པེ་ཅིང་སྐད་རིགས་སློབ་ཆེན་དུ་ཕྱི་འགྲིམ་སློབ་མ་མང་པོ་ཡོད་ལ། རྒྱལ་ཁབ་སོ་སོའི་གད་སྙིགས་རིགས་དབྱེའི་ཚད་གཞི་མི་འདྲ་བ་ཅི་རིགས་ལ་དམིགས་ཏེ། སློབ་གྲྭའི་འཚོ་བའི་གད་སྙིགས་རིགས་དབྱེའི་བྱ་བར་སྐུལ་སྤེལ་དང་། ཕྱི་འགྲིམ་སློབ་མ་རྣམས་ཀྱིས་པེ་ཅིང་གི་གད་སྙིགས་རིགས་དབྱེའི་ཚད་གཞི་གསར་པར་རྒྱུས་ལོན་ཡག་པོ་བྱེད་པའི་ཆེད་དུ། སྐད་རིགས་ཀྱི་ཐོན་ཁུངས་ལེགས་རབ་གསར་གཏོད་ལྟེ་གནས་ཀྱིས་པེ་ཅིང་སྐད་རིགས་སློབ་ཆེན་གྱི་གཞུག་གྲབས་ཞབས་ཞུ་མཐུན་ཚོགས་ཀྱི་མངག་བཅོལ་དང་དུ་བླངས་ནས། གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡིག་ཆ་ཨ་རབ་སྐད་དང་། འཇར་མན་སྐད། ཨུ་རུ་སུའི་སྐད། ཧྥ་རན་སིའི་སྐད། ལྷོ་ཁོ་རེ་ཡའི་སྐད། འཇར་པན་སྐད། ཐུར་ཁེའི་སྐད། སི་ཕེན་སྐད། དབྱི་ཐ་ལིའི་སྐད། དབྱིན་སྐད་སོགས་ཕྱི་སྐད་བཅུ་ལ་ཡིག་བསྒྱུར་བྱས་པ་རེད།
རྒྱ་ཡིག་གི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
གད་སྙིགས་རིགས་དབྱེ་བྱེད་པ་ལ། ང་ཚོས་མཉམ་དུ་འབད་བརྩོན་བྱ།
----རྒྱལ་སའི་གྲོང་དམངས་ལྷན་རྒྱས་ལ་སྤྲིངས་པའི་འཕྲིན་ཡིག་ཅིག
སྙིང་ཉེ་བའི་གྲོང་དམངས་སྤུན་གྲོགས་རྣམ་པ།
དེ་རིང་ཟླ་5པའི་ཚེས་1ཉིན་ལ། གསར་དུ་བཟོ་བཅོས་བྱས་པའི《པེ་ཅིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་ཁྲིམས་སྲོལ》ལག་བསྟར་བྱས་པ་ཡིན་ལ། དེས་པེ་ཅིང་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེ་ཁྲིམས་ལྟར་ལྟ་སྐྱོང་བྱ་བའི་རིམ་པར་སླེབས་པ་དང་། གད་སྙིགས་རིགས་དབྱེ་བྱེད་པ་དེ་སྐུལ་ཁྲིད་བྱ་བ་ནས་ཁྲིམས་གཏན་འོས་འགན་ལ་གྱུར་པ་མཚོན་ཡོད། འདིར་ཆེད་དུ་གསལ་འདེབས་བྱ་རྒྱུ་འདི་དག་ཡོད་དེ།
གད་སྙིགས་རིགས་དབྱེའི་བདེ་ཐང་གི་འདུ་ཤེས་ཡོད་དགོས། གད་སྙིགས་རིགས་དབྱེ་དང་། གྲོན་ཆུང་བྱེད་པ། བཀོལ་སྤྱོད་ཐུབ་རག་བར་སྤྱོད་པ་བཅས་བདེ་ཐང་དཔལ་ཡོན་གྱི་འདུ་ཤེས་ཉིན་རྒྱུན་འཚོ་བ་དང་བྱ་བའི་ཁྲོད་འདྲེས་སུ་བཅུག་ནས། ཐོག་མར་རང་ཉིད་ནས། ད་ལྟ་ནས་བསྒྲུབ་རྒྱུ་རྒྱུན་བསྐྱངས་ཏེ། མི་ཚང་མས་གད་སྙིགས་རིགས་དབྱེ་བྱེད་དགོས།
གད་སྙིགས་རིགས་དབྱེའི་དབྱེ་ཐབས་བཞི་རྒྱུས་ལོན་བྱེད་དགོས། གྲོང་དམངས་རྣམས་ཀྱིས་གད་སྙིགས་རིགས་དབྱེའི་སྐོར་རྒྱུས་ལོན་བྱེད་སླ་བའི་ཆེད་དུ། ང་ཚོས་གྲོང་ཁྱེར་དོ་དམ་ཨུའི་དྲ་ཚིགས་དང་། རྒྱལ་སའི་སྒེའུ་ཁུང་དྲ་ཚིགས་གཉིས་སུ་གད་སྙིགས་རིགས་དབྱེའི་ཆེད་དོན་བཀོད་སྒྲིག་བྱས་ཡོད་པ་དང་། གྲོང་དམངས་རྣམས་ཀྱིས“གྲོང་ཁྱེར་དོ་དམ”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་སུ་“གད་སྙིགས་རིགས་དབྱེའི་གཏེར་མཛོད”ཅེས་པའི་བྱ་རིམ་ཆུང་བ་བེད་སྤྱད་དེ། སྐད་ཆ་དང་། པར་རིས། ཡི་གེ་གང་རུང་གི་ལམ་ནས་མྱུར་དུ་བཤེར་འཚོལ་བྱེད་ཐུབ།
“གྲོང་ཁྱེར་དོ་དམ”ཞེས་པའི་སྐད་འཕྲིན་སྤྱི་སྟེགས།
གད་སྙིགས་རིགས་དབྱེའི་གོམས་གཤིས་ཡག་པོ་ཆགས་དགོས། ཁྱིམ་དུ་གཡོས་ཁང་གི་གད་སྙིགས་བླུགས་སྣོད་དང་། རིགས་གཞན་པའི་གད་སྙིགས་བླུགས་སྣོད། ཕྱིར་སྡུད་ཐུབ་པའི་ཁུག་མ་བཅས་སྒམ་གཉིས་དང་ཁུག་མ་གཅིག་བཞག་ནས། ཉི་མ་རེ་རེར་ལྷག་པའི་འཚོ་བའི་གད་སྙིགས་རྣམས་སྔོན་ལ་ཁྱིམ་ནས་རིགས་ལེགས་པར་དགར་ཏེ། དེ་ནས་གད་སྙིགས་འདོར་བའི་བླང་བྱ་ལྟར་གཞིས་ཁུལ་གྱི་གད་སྙིགས་བླུགས་སྣོད་དུ་འདོར་དགོས།
སྔོ་ལྗང་ཐན་ཉུང་གི་འཚོ་བ་རོལ་ཐབས་ལ་གོམས་དགོས། དངོས་རྫས་རྙིང་པ་ཡང་བསྐྱར་བེད་སྤྱོད་པ་དང་། ཡང་བསྐྱར་སྤྱོད་ཐུབ་པའི་ཐོན་རྫས་བེད་སྤྱོད་པ། ཐེངས་གཅིག་ཅན་གྱི་དངོས་རྫས་བཀོལ་སྤྱོད་ཉུང་དུ་གཏོང་བ་བཅས་སྐུལ་ཁྲིད་བྱེད་པ་དང་། ཟ་མ་འོས་འཚམ་ལེན་པ། བླངས་པའི་ཟ་མ་ཟས་ཚར་བར་བྱེད་པ་བཅས་ལ་སྣེ་ཁྲིད་དེ། ཚོད་མ་གཙང་མ་ཉོ་བ་དང་། ཐུམ་བཟོ་ཚད་བརྒལ་ཅན་གྱི་ཐོན་རྫས་ཉོ་བ་ཇེ་ཉུང་དུ་གཏོང་བར་སྐུལ་ཁྲིད་བྱེད་དགོས།
ང་ཚོ་མི་རེ་རེ་ནི་གད་སྙིགས་བཟོ་མཁན་ཡིན་ལ། གད་སྙིགས་བཅོས་སྐྱོང་བྱེད་མཁན་ཡང་ཡིན། ང་ཚོས་མཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ནས། གད་སྙིགས་རིགས་དབྱེ་བྱེད་པར་ཧུར་བརྩོན་དང་། གད་སྙིགས་ཀྱི་འབྱུང་ཁུངས་ཉུང་དུ་གཏོང་བར་སྐུལ་འདེད་བྱས་ཏེ། ཐུན་མོང་ཐོག་མཛའ་མཐུན་བདེ་སྐྱིད་ལྡན་ཞིང་སྔོ་ལྗང་ལྟ་ན་སྡུག་པའི་པེ་ཅིང་ཞིག་བསྐྲུན་པར་བྱ།
ང་ཚོས་མཉམ་དུ་གད་སྙིགས་རིགས་དབྱེ་བར་འབད་བརྩོན་བྱ།
རྒྱལ་སའི་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་ཨུ་ཡོན་ལྷན་ཚོགས་གཞུང་ལས་ཁང་།
པེ་ཅིང་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཚོགས།
2020ལོའི་ཟླ་5པའི་ཚེས་1ཉིན།
གད་སྙིགས་རིགས་དབྱེའི་ལམ་སྟོན།
1.བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་རིགས་གཙོ་བོ། བེད་མེད་ཀྱི་གློག་ཀླད་དང་། པར་འདེབས་འཕྲུལ་ཆས། བསྐྱར་དཔར་འཕྲུལ་ཆས། གཟུགས་སྐྱེལ་འཕྲུལ་ཆས། བཤེར་འབེབས་འཕྲུལ་ཆས། བརྙན་འདེབས་འཕྲུལ་ཆས། བརྙན་འཕྲིན། དྲོད་སྙོམས་འཕྲུལ་ཆས་སོགས།
2.ཕྱིར་སྡུད་ཐུབ་པའི་ཤོག་བུ་རིགས་གཙོ་བོ། ཡོངས་བསྒྲགས་ཁྱབ་སྤེལ་བྱས་པའི་ཚགས་པར་དུས་དེབ་དང་དཔེ་ཆ་རྙིང་པ། ཤོག་སྒམ་སྲ་མོ། ལི་ཐོ། འཕྲིན་ཡིག་སོགས་ཡོད།
3.ཕྱིར་སྡུད་ཐུབ་པའི་དངོས་རྫས་གཞན་པའི་རིགས་གཙོ་བོ། བེད་མེད་འགྱིག་ཐུམ་དང་། བེད་མེད་ཐུམ་སྒྲིལ་དངོས་རྫས། བེད་མེད་འཁལ་འཐག་དངོས་རྫས། བེད་མེད་ལྕགས་རིགས། བེད་མེད་ཤེལ་སྒོ་སོགས་ཡོད།
རིགས་སྣ་གཙོ་བོ། བེད་མེད་གློག་སྨན་(ཀལ་ཉེལ་གློག་སྨན་དང་། དབྱང་འགྱུར་དངུལ་ཆུའི་གློག་སྨན། ཞ་ཉེ་ཉར་གསོག་གློག་སྨན་སོགས།)དང་། བེད་མེད་གློག་ཞུ།(ཉི་འོད་གློག་ཞུ་དང་། ནུས་གྲོན་གློག་ཞུ་སོགས།)བེད་མེད་དྲོད་འཇལ་ཆས། བེད་མེད་ཁྲག་གནོན་འཇལ་ཆས། བེད་མེད་སྨན་རྫས་དང་དེའི་ཐུམ་སྒྲིལ་དངོས་རྫས། བེད་མེད་འབྱུག་རྩི། ཞུ་སྨན་དང་དེའི་ཐུམ་སྒྲིལ་དངོས་རྫས་སོགས་འདུས།
རིགས་སྣ་གཙོ་བོ། ཟས་རིགས་གཡོ་སྐོལ་བྱེད་པའི་བརྒྱུད་རིམ་ཁྲོད་ལྷག་པའི་བེད་མེད་ཟས་རིགས་ཏེ། དཔེར་ན། འབྲས་དང་། ཕྱེ། ཤ་རིགས། རུས་པ། སྔོ་ཚོད། སིལ་ཏོག་གི་ཕྱི་ཤུན་སོགས་འདུས། དེ་དག་འདོར་སྐབས་ནང་གི་ཆུ་ཅི་ནུས་ཀྱིས་སྐམ་དུ་འཇུག་པ་དང་། ཐུམ་ཡོད་པའི་དུས་འགྱངས་ཟས་རིགས་ཀྱི་ཕྱི་ཐུམ་བླངས་ནས། ཤེལ་སྒོ་རྫ་ཆས་མེད་པ་དང་། ལྕགས་རིགས་མེད་པ། འགྱིག་རྫས་མེད་པ་སོགས་སྙིགས་རྫས་གཞན་དག་མེད་པར་བཟོ་དགོས།
རིགས་སྣ་གཙོ་བོ། སྦག་བཙོག་ཐེབས་པ་དང་བསྐྱར་སྤྱོད་མི་ཐུབ་པའི་ཤོག་བུ་དང་། འགྱིག་སྣོད། རྫ་བཟོས་དངོས་རྫས། བཀོལ་སྤྱོད་ཐེངས་གཅིག་ཅན་གྱི་གློག་སྨན། རང་ཤུགས་ཀྱིས་རུལ་དཀའ་བའི་ཤ་དང་རུས་པ། བཀོལ་སྤྱོད་ཐེངས་གཅིག་ཅན་གྱི་ཟས་སྣོད། དུ་རྐང་གི་ཡུ་བ། ས་འདམ། གཙང་སྤྱོད་ཁང་གི་གད་སྙིགས་སོགས་འདུས།
སྔོན་པོ། ཕྱིར་སྡུད་ཆོག་པའི་དངོས་རྫས། ཤེལ་སྒོ། འོ་མའི་ཕྱི་ཐུམ། ལྕགས་རིགས། སྤོས་འགྱིག ཤོག་བུ། སྐོམ་ཆུའི་དམ་བེ།
དམར་པོ། གནོད་འཚེ་ཅན་གྱི་གད་སྙིགས། བེད་མེད་གློག་སྨན། གློག་རྡུལ་ཐོན་རྫས། བེད་མེད་རྩི་སྣོད། དུས་འགྱངས་སྨན་རྫས། བེད་མེད་གློག་ཞུ། འབུ་གསོད་སྨན་རྫས།
ལྗང་གུ། གཡོས་ཁང་གི་གད་སྙིགས། རུས་པ་དང་ནང་ཁྲོལ། ཚོད་མའི་རྩད་པ་དང་ལོ་མ། སིལ་ཏོག་གི་ཕྱི་ཤུན་དང་ཤུན་སྒྲོམ། སར་ལྷུང་བའི་ལོ་མ་དང་ཡལ་ག ཟས་ལྷག་འཐུང་ལྷག
ནག་པོ། གད་སྙིགས་གཞན་དག འཁེལ་འཐག་དངོས་རྫས། དུ་རྐང་གི་ཡུ་བ། སྦགས་བཙོག་ཤོག་བུ། རྫ་ཆས་རྙིང་ཆག ས་རྡུལ། ཐེངས་གཅིག་ཅན་གྱི་གསོལ་ཆས།
རྩ་གཉིས་བཤེར་རིས་ལས་རྒྱ་ཡིག་གི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
ཨ་རབ་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་ཨ་རབ་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
འཇར་མན་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་འཇར་མན་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
ཨུ་རུ་སུའི་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་ཨུ་རུ་སུའི་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
ཧྥ་རན་སིའི་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་ཧྥ་རན་སིའི་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
ལྷོ་ཁོ་རེ་ཡའི་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་ལྷོ་ཁོ་རེ་ཡའི་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
འཇར་པན་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་འཇར་པན་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
ཐུར་ཁེའི་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་ཐུར་ཁེ་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
སི་ཕེན་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་སི་ཕེན་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
དབྱི་ཐ་ལིའི་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་དབྱི་ཐ་ལི་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།
དབྱིན་སྐད་ཀྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་ཡི་གེ
རྩ་གཉིས་བཤེར་རིས་ལས་དབྱིན་སྐད་ཀྱི་ནང་དོན་ཧྲིལ་པོར་གཟིགས་ཐུབ།