དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཇོ་མོ་གླང་མའི་འདབས་ཀྱི་སྨན་བཅོས་བོད་སྐྱོར་ལམ་བུ།

སྤེལ་དུས 2020-07-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་སྟེ། ཇོ་མོ་གླང་མའི་འདབས་སུ་གནས་པའི་གྲོང་ཁྱེར་འདིར། ལོ་གཅིག་གི་རིང་ལ་ཧྲང་ཧའེ་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་རེབ་ལྔ་པའི་(གཤམ་དུ“ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རུ་ཁག”ཅེས་བསྡུ་བར་བྱ)ཁ་གཏད་སྨན་བཅོས་རོགས་སྐྱོར་འོག  གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་སྤུས་ཚད་མཐོ་བའི་མགྱོགས་མྱུར་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་ལས་དོན་ཁག་སོ་སོར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད།     
སྐབས་ལྔ་པའི་ཇོ་མོ་གླང་མའི་གསོ་རིག་གླེང་སྟེགས་ཏེ་འཇུ་བྱེད་ནང་ཤེལ་ཡན་ལག་གླེང་སྟེགས།
         ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་བ་ལ“རང་སའི་ཤེས་ལྡན་པ་གསོ་སྐྱོང་བྱ་བ”གཙིགས་སུ་འཛིན་དགོས་ཏེ། ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཤིང་། “དགེ་རྒན་གྱིས་དགེ་ཕྲུག་སྐྱོང་བའི”ལས་དོན་ཞིབ་ཕྲ་ལྡན་པའི་ངང་ཏན་ཏན་ཏིག་ཏིག་སྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུས་གཞིས་ཀ་རྩེར“འཁྱེར་མི་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་གསོ་སྐྱོང་བྱས་པ་རེད། ལོ་གཅིག་གི་རིང་ལ་ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཆེད་མཁས་པས་ས་གནས་དེ་གའི་སྨན་བཅོས་ལས་དོན་མི་སྣ་51ལ་ཚོ་སྐོར་སྒྲིག་ནས་ཁྲིད་སྟོན་བྱས་པ་དང་། གཤགས་བཅོས་སློབ་ཁྲིད་ཐེངས་73དང་། དྲ་རྒྱའི་རྒྱང་བསྟེན་རྒྱུན་མཐུད་སློབ་གསོ་ཐེངས་46སྤེལ་བ་རེད། རྒྱབ་རྟེན་ཐོན་ཁུངས་ལ་བརྟེན་ནས། རྒྱུན་ལྡན་ཅན་གྱི་རིག་གཞུང་བརྗེ་རེས་དང་། རྒྱང་བསྟེན་སློབ་ཁྲིད། རོགས་སྐྱོར་དང་ལེན་ཚན་ཁག་གི་སློབ་ཁྲིད་བཅས་ཀྱི་ལས་དོན་སྒྲུབ་པ་དང་། རྨང་གཞི་ཞན་པའི་སྨན་བཅོས་མི་སྣར“རྨང་གཞི་གསུམ”གྱི་གསབ་སྦྱོང་དམ་འཛིན་ཤུགས་ཆེན་བྱས་ཏེ། གཞིས་ཀ་རྩེའི་གཞི་རིམ་སྨན་བཅོས་མི་སྣའི་ནད་ཐོག་སྨན་བཅོས་ཀྱི་ལས་སྒོའི་ནུས་པ་དང་ཆུ་ཚད་མཐོ་རུ་ཤུགས་ཆེར་བཏང་བ་རེད། རིགས་སོ་སོའི་གསབ་སྦྱོང་འཆད་ཁྲིད་ཐེངས་220དང་། གཞི་རིམ་གྱི་སྨན་བཅོས་ལས་དོན་མི་སྣ་མི་ཐེངས་3000ལྷག་ཙམ་ལ་གསབ་སྦྱོང་བྱས་ཤིང་། ཕྱིར་ཧྲང་ཧའེ་ལ་ལོག་ཕྱིན་པའི་རེབ་སོ་སོའི་བོད་སྐྱོར་ཆེད་མཁས་པ་67དང་། ལྗོངས་ནང་ཁུལ་གྱི་ཆེད་མཁས་པ10  ལྗོངས་ཕྱིའི་ཆེད་མཁས་པ2བཅས་གདན་དྲངས་ནས“ཆེད་མཁས་པ་གཉིས་ཐོབ་ཅན”གྱི་འགན་ཁུར་ཏེ། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྒྱུན་ལྡན་སྨན་ཁང་ཕྱིའི་ཆུ་ཚད་མཐོ་བའི་ཆེད་མཁས་པ་བརྩོན་ལེན་བྱེད་པའི་ལས་དོན་ཁག་ལ་རྒྱབ་སྐྱོར་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།     
ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཆེད་མཁས་པས་སྨན་བཅོས་བྱེད་བཞིན་པ། 
         ཁ་གཏད་རོགས་སྐྱོར་སྨན་ཁང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་བ་ལ་དམིགས་ཏེ། གཙོ་གནད་ཚན་ཁག་འཛུགས་བསྐྲུན་དང་། “སྨན་ཁང་གིས་ཚན་ཁག་འགན་ལེན་བྱ་བ”གཏིང་ཟབ་ཏུ་གཏོང་བ།  ཆེད་ལས་ཚན་ཁག་19ཡི་འཕེལ་རྒྱས་འཆར་གཞི་བཟོ་རྒྱུར་མཛུབ་སྟོན། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་140ལྷག་ཙམ་གསར་སྤེལ་སོགས་བྱས་པ་རེད། ནུ་རྨེན་ཨོལ་རྨེན་ཕྱི་ནད་ཚན་ཁག་དང་། རླུགས་པ་གསུས་ལྡེབས་ཕྱི་ནད་ཚན་ཁག་གི་རྨ་ཕྲན། ཁྲག་རྩའི་ཕྱི་ནད་ཚན་ཁག བྲང་ཁོག་ཕྱི་ནད་ཚན་ཁག གཅིན་ཟགས་ཕྱི་ནད་ཚན་ཁག  ཕོ་བའི་རྒྱུ་མ་ཆེད་ལས་ཚན་ཁག མཆིན་མཁྲིས་ཆེད་ལས་ཚན་ཁག ནང་ཤེལ་ཆེད་ལས་ཚན་ཁག་(ERCP)སོགས་ཁྱད་ཆོས་ལྡན་པའི་གཤགས་བཅོས་གཙོ་བའི་ཁེ་ཡ་ཆེད་ལས་ཚན་ཁག་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས། གློ་བའི་འབྲས་སྐྲན་དང་ཨོལ་རྨེན་འབྲས་སྐྲན། ནུ་མའི་འབྲས་སྐྲན་རྫས་འགྱུར་གསོ་བཅོས་སོགས་རྒྱུན་ལྡན་ཅན་དུ་སྤེལ་བ་མངོན་འགྱུར་བྱུང་ཡོད།     
རྒྱང་བསྟེན་དཀའ་གནད་ནད་དཔྱད་ཚོགས་འདུ།  
         གྲངས་གཞི་ཅན་གྱི་སྨན་ཁང་འཛུགས་སྐྲུན་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་བའི་ཆེད་དུ། ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བོད་ལྗོངས་ཀྱི་མཉམ་འདྲེས་ཆེན་པོའི་སྟེགས་བུ་ཐོག་མ་འདོན་སྤེལ་བྱས་པ་དང་། དུས་ལྟར་རིག་ནུས་ཡིག་ཚགས་ཁང་ལ་ལྟ་སྐུལ་ཚོད་འཛིན་བྱེད་པ། ཁྲག་གཤེར་གྱི་ཕྲ་ཕུང་རྐྱང་པ་AIཡི་བརྟག་དཔྱད་མ་ལག ཕྲ་ཕུང་དམར་པོའི་ཚེ་ཚད་ཚད་ལེན་ཡོ་ཆས་སོགས་གཉེར་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། “ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་དང་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གསོ་རིག་བཅས་པའི་རིག་ནུས་དྲ་མིག་ཅན་གྱི་ཆ་འཕྲིན་རོགས་སྒྲུབ་(MAGIC)མཉམ་ལས་བརྗེད་ཐོ”ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་བཏང་ལ། གསོ་རིག་AIམ་ལག་གསུམ་ནང་འདྲེན་བྱས་ཏེ་M3རིགས་ཀྱི་མྱུར་གཤིས་ཁྲག་རིལ་དཀར་པོའི་འབྲས་སྐྲན་ཕོག་པའི་ནད་པ་མྱུར་སྐྱོབ་བྱེད་པའི་བརྒྱུད་རིམ་ནང་ནུས་པ་གལ་ཆེན་བཏོན་པ་རེད།     
ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཆེད་མཁས་པས་བྱིས་པ་ནད་པ་ལ་ལེགས་སྐྱེས་སྩོལ་བཞིན་པ། 
         ལྷན་སྐྱེས་ཀྱི་གཟུགས་གཞི་ཡ་མ་ཅན་གྱི་རོགས་སྐྱོབ་རྣམ་གྲངས་ལ་དམིགས་ནས། “སྐལ་བཟང་མེ་ཏོག”བྱིས་པར་སྔོན་ལ་བཤེར་འདེམ་དང“སྤང་རྒྱན་མེ་ཏོག”རོགས་སྐྱོར་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ། ཁྱོན་སྡོམ་བཤེར་འདེམ་ཐེངས་10བྱས་པའི་ནང་ལོ་ན་ཅུང་ཆེ་བའི་DDHཅན་གྱི་(སྐྱེ་འཚར་རང་བཞིན་གྱི་དཔྱི་ཚིགས་སྐྱེ་འཚར་ཡག་པོ་མེད་པ)བྱིས་པ་ནད་པ་105ཧྲང་ཧའེ་རུ་གཤགས་བཅོས་སྨན་བཅོས་བྱེད་པར་བསྐྱོད་པ་དང་། སྨན་རིན་སྒོར་ཁྲི་500ལྷག་ཆག་ཡང་དུ་བཏང་ལ། བོད་སྐྱོར་ཆེད་མཁས་པའི་ཆེད་ལས་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གཞིས་ཀ་རྩེ་ས་གནས་དེ་གར་རིན་མེད་ངང་ལྷན་སྐྱེས་རང་བཞིན་གྱི་གཟུགས་གཞི་གཤགས་བཅོས་སྟེགས་བུ་21དང་། བྲང་ཁོག་ཡ་མ་ཅན་བཤེར་འདེམ་དང་གཤགས་བཅོས་སྨན་བཅོས་5བྱས་པ་རེད།     
སྐྱིད་གྲོང་འགག་སྒོའི་སྨན་ཁང་གི་སྒྲིག་བཀོད་དང་མི་སྣ་གསབ་སྦྱོང་ལ་ཞུགས་བཞིན་པ། 
         ཏོག་དབྱིབས་གློ་ཚད་རིམས་ནད་འགོག་སྲུང་བྱེད་པའི་བར་སྐབས་སུ། ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་དུས་དང་པོར་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སྨན་བཅོས་འགོག་སྲུང་དངོས་ཟོག་སྒོར་ཁྲི་120ལྷག་ཙམ་གྲབས་གསོག་བྱས་ཏེ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགན་སྲུང་སྲ་ཞིང་བརྟན་པ་མཁོ་འདོན་བྱས་པ་དང་། འགག་སྒོའི་རིམས་ནད་འགོག་སྲུང་ལ་ཧུར་ཐག་ཞུགས་ཏེ། སྐྱིད་གྲོང་འགག་སྒོའི་སྨན་ཁང་གིས་འགོས་ནད་ཅན་སྨན་བཅོས་བྱེད་པའི་ས་ཆ་བཀོད་སྒྲིག་བྱེད་ཚུལ་དང་། སྨན་བཅོས་ལས་རིམ་གཏན་འབེབས། འབྲེལ་ཡོད་ལས་དོན་མི་སྣ་གསབ་སྦྱོང་བཅས་འཆར་འགོད་བྱས་ཏེ་མཐའ་མཚམས་ཀྱི་རིམས་ནད་འགོག་སྲུང་དང་ནད་པ་སྨན་བཅོས་བྱ་བར་ལས་དོན་མང་པོ་ཞིག་བསྒྲུབས་པ་རེད།     
ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རུ་ཁག་འོས་འགན་སྨན་བཅོས་ལ་ཞུགས་པའི་མཉམ་པར།
         ལོ་གཅིག་གི་རིང་ལ། ཧྲང་ཧའེ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ས་བབ་མཐོ་ས་དང་། ལུང་ཁུག་འགོལ་པོ། མཐའ་མཚམས་རྫོང་ཁུལ་བཅས་ལ་འོས་འགན་སྨན་བཅོས་བྱས་ཤིང་། བདེ་ཐང་སློབ་གསོའི་སྨན་ཐོ་3000ལྷག་ཙམ་སྤྲད་པ་དང་། བདེ་ཐང་བློ་འདྲི་མི་ཐེངས་2000ལྷག་ཙམ་བྱས་ལ། བདེ་ཐང་བདེ་སྲུང་མི་ཐེངས་2700ལྷག་ཙམ་ལ་བྱས་ཏེ།  གཞིས་ཀ་རྩེའི་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་སྒོ་འགྲམ་ནས་སྨན་བཅོས་བྱེད་ཐུབ་པ་དང་། དམངས་བདེ་དང་དམངས་ཕན་དོན་དངོས་ཐོག་སྒྲུབ་ཐུབ་པ་བྱས་ཏེ་ཇོ་མོ་གླང་མའི་འདབས་ཀྱི་བདེ་ཐང་སྲུང་མཁན་དུ་གྱུར་ཡོད་དོ། །