དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བདག་དམར་གཡང་ལའི་འདབས་ཀྱི་གྲོང་གསར།

སྤེལ་དུས 2020-08-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
སྨར་ཁམས་རྫོང་ཆུ་ཚན་ཁའི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་མཐོང་ཐོས།
འདི་ནི་མཛེས་སྡུག་ལྡན་པའི་ཆུ་ཚན་ཁའི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་ཡིན་པ།
         ལོ་ཤས་གོང་གཞུང་ལམ་དུ་འདམ་རྫབ་ཀྱིས་ཁེངས་པ་དང་། ཤང་ནང་གི་སྡོད་ཁང་མང་ཆེ་བ་ནི་ས་ཕག་ལས་གྲུབ་པའི་ཁང་པ་ཤ་སྟག་རེད། ཞིང་འབྲོག་པའི་ཡོང་འབབ་ཀྱི་ཡོང་ཁུངས་ཧ་ཅང་རྐྱང་པ་ཡིན། ད་ཆ་འདི་གར་ཁྱད་ཆོས་མངོན་གསལ་དོད་པའི་བོད་བཟོའི་ཐོག་བརྩེགས་ཁང་ཆེན་སྟར་པ་མང་པོ་རིམ་གྱིས་ཆགས་པ་དང་། ཁྲོམ་གཞུང་ཡངས་ཤིང་གྲལ་འགྲིག་པ་མ་ཟད། ལམ་ངོགས་སུ་ཆུ་ཚན་གསོལ་མགྲོན་ཁང་དང་། ཁྱད་ལྡན་ཟ་ཁང་། སྒོ་རྩིས་ཚོང་ཁང་། སྦྲག་སྲིད་ཁང་། དངུལ་ཁང་སོགས་གང་དགོས་ཚང་མ་ཡོད་པ་དང་དེ་བཞིན་རྒྱུན་ཆད་རྒྱུ་མེད་པའི་འགྲུལ་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་ཡང་མང་པོ་འདུག འདི་དག་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་གྱི་འདུག
         དུས་ཐུང་ལོ་ཤས་ནང་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་དེ་ས་མ་འབྲོག་གི་ཤང་ཞིག་ནས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་དུ་མགྱོགས་མྱུར་འཕེལ་རྒྱས་བྱུང་ཡོད། དེ་ལྟར་ཡོང་དོན་གང་ཞིག་ཡིན་མིན་གསལ་པོ་ཤེས་པ་བྱ་ཆེད་གསར་འགོད་པས་ཆུ་ཚན་ཁར་ཞག་སྡོད་བྱས་ནས་བཅར་འདྲི་བྱས་པ་ཡིན།
         འཆར་འགོད་གོ་རིམ་ལྡན་ལ་ཐོན་ལས་དར་ཞིང་རྒྱས།
         ཆུ་ཚན་ཁ་ཤང་གི་ས་བབ་མཐོ་ཚད་སྨི་2300ཟིན་པ་དང་། ཇ་རྟའི་གནའ་ལམ་གྱི་ལམ་རྒྱུད་དུ་ཆགས་ཡོད། སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་གྱི་ལམ་མདོར་གནས་པ་དང་། རྫ་ཆུ་གྲོང་རྡལ་དེའི་འགྲམ་ནས་བཞུར་གྱིན་ཡོད། 
         འདི་གར་ཆེ་ཆུང་མི་འདྲ་བའི་ཆུ་ཚན་108ཙམ་ཡོད། ཤང་ཤང་གི་རྒྱུག་ཆུ་བདག་དམར་གཡང་ལའི་འདབས་ནས་དལ་བུར་བཞུར་བཞིན་མཆིས།
         2016ལོར་ཆུ་ཚན་ཁའི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་སྐྲུན་འགོ་ཚུགས་པ་ནས་བཟུང་། སྨར་ཁམས་རྫོང་གིས“འཆར་འགོད་ཆེན་པོ་དང་། གསར་སྤེལ་ཆེན་པོ། འཛུགས་སྐྲུན་ཆེན་པོ། རིག་གནས་ཆེན་པོ”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཆུ་ཚན་ཁ“གངས་ལྗོངས་ཀྱི་ལྷ་ཆུ། ལུས་གསོའི་གནས་མཆོག”གི་དམིགས་ཚད་དུ་བྱས་ནས་མ་དངུལ་བསྡོམས་སྒོར་དུང་ཕྱུར་9.3བཏང་སྟེ་འཆར་གཞི་དང་གོ་རིམ་ལྡན་པའི་ངང་ལས་དོན་ཁག་དོན་འཁྱོལ་ཡོང་བར་དམ་འཛིན་བྱས་པ་རེད། ད་ཆ་དམངས་ཀྱི་སྡོད་ཁང་དང་། ལུས་གསོ་ལྟེ་གནས། གསོལ་མགྲོན་ཁང་། ཚོང་ལས་བཅས་ལེ་ལག་ཚང་བའི་ཆུ་ཚན་ལུས་གསོའི་སྤྲོ་གསེང་ཁུལ་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད་པས་ཚོང་པ་མང་པོའི་ཡིད་དབང་འཕྲོག་ནས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད།
         ཆུ་ཚན་ཁ་ཤང་དུ་ཚོང་རྒྱག་བཞིན་པའི་ཧུའུ་ནན་བ་མིན་ཀྲི་ཅུན་ཐུག་སྐབས་ཁོང་ཁྲོམ་བཀྱག་སྒྲིག་བཞིན་འདུག ཁོང་གིས“ན་ནིང་སྒོ་རྩིས་ཚོང་ཁང་གི་ཚོང་གཉེར་དངུལ་འབོར་སྒོར་ཁྲི་2000ལྷག་ཙམ་ཟིན་བྱུང་། འདི་ལོའི་ལོ་སྟོད་དུ་ངས་མགྲོན་ཁང་ཞིག་འཛུགས་རྩིས་ཡོད། འདི་གའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ཞིང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པས་མ་དངུལ་བཏང་ན་འཚམ་པོ་འདུག”ཅེས་གསར་འགོད་པར་བཤད་བྱུང་།
         མིན་ཀྲི་ཅུན་གྱི་སྒོ་རྩིས་ཚོང་ཁང་གི་ཉེ་འགྲམ་དུ་ཡོད་པའི་གསོལ་མགྲོན་ཁང་དེ་ནི་ས་གནས་དེ་གར་སྐད་གྲགས་ཡོད་པའི་ཡོན་ཆུས་གཞིས་ཀའི་ཆུ་ཚན་གསོལ་མགྲོན་ཁང་རེད། “གསོལ་མགྲོན་ཁང་དེ་ནི་འདི་ལོའི་ལོ་སྟོད་དུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཁྱོན་ལས་མི་45ཡོད་ཅིང་། དེའི་ནང་ས་གནས་དེ་རང་གི་ལས་མི་38ཡོད”ཅེས་ཡོན་ཆུས་གཞིས་ཀ་ཆུ་ཚན་གསོལ་མགྲོན་ཁང་གི་འགན་འཁུར་བ་མིན་དབྱི་ཆང་གིས་ངོ་སྤྲོད་བྱས་བྱུང་།
         འདི་ལོ་ལོ་19ལ་སླེབས་པའི་ཀུན་བཟང་སྒྲོལ་མ་ནི་ལས་མི་དེ་དག་གི་གྲས་ཤིག་ཡིན་པ་དང་། གཙོ་བོ་གསོལ་མགྲོན་ཁང་གི་མདུན་ཕྱོགས་སྟེགས་བུར་ལས་ཀ་བྱེད་ཀྱི་ཡོད། “ང་འདི་ལོའི་ལོ་འགོར་ལས་ཀར་ཡོང་བ་ཡིན། དེ་སྔོན་སྨར་ཁམས་རྫོང་གྲོང་དུ་ལས་ཀར་འགྲོ་གི་ཡོད། ཡོང་འབབ་བརྟན་པོ་མེད་པའི་ཁར་ཁང་གླ་སྤྲོད་དགོས་ཀྱི་ཡོད། ད་ཆ་ཡག་པོ་འདུག ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་པ་མ་ཟད། ད་དུང་ཟླ་རེར་གླ་ཆ་སྒོར་4000ཙམ་འདུག”ཅེས་ཀུན་བཟང་སྒྲོལ་མས་དགའ་ཚོར་ཆེན་པོས་བཤད།
         ཉེ་བའི་ལོ་ཤས་རིང་། ཆུ་ཚན་ཁའི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་སྦྲགས། མ་འཇོག་ཁོར་ཡུག་ཉིན་བཞིན་ལེགས་སུ་ཕྱིན་པ་དང་ཚོང་ཁང་ཡང་སྟོབས་ཆེར་ཕྱིན་པས་ས་གནས་དེ་གའི་ལས་ཞུགས་ཐབས་ལམ་ཡངས་སུ་ཕྱིན་ཏེ་མང་ཚོགས་ཀྱི་འབབ་འཕར་ཡོང་ཁུངས་ཀྱང་ཧ་ཅང་ལེགས་སུ་ཕྱིན་ཡོད། “ད་ཆ་ཆུ་ཚན་གསོལ་མགྲོན་ཁང་10དང་བོད་ཁྱིམ་སྤྲོ་ཁང་3ཡོད་ཅིང་། མི་115ལ་ལས་ཀ་རག་སྟེ་མི་རེར་ཟླ་རེར་ཆ་སྙོམས་གླ་ཆ་སྒོར་4000ལྷག་ཙམ་ཡོད”ཅེས་ཆུ་ཚན་ཁ་ཤང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཤན་རུང་གིས་གསར་འགོད་པར་བཤད་བྱུང་།
         རིག་གནས་རྒྱུན་འཛིན་ལས་གསོན་ཤུགས་མངོན།
         རྒྱུད་གསུམ་ཞབས་བྲོ་ནི་པི་ཝང་ཞབས་བྲོའི་རིགས་ཤིག་ཡིན་པ་དང་། ཐོག་མར་ཆུ་ཚན་ཁ་ཤང་ཟླ་ཤོད་གྲོང་ཚོ་ནས་དར། 2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་པ་རེད།
         “ཆུ་ཚན་ཁའི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་སྦྲགས། སྲིད་གཞུང་གིས་ཆེད་མངགས་རྒྱུད་གསུམ་ཞབས་བྲོ་འཁྲབ་སྟོན་བྱ་ཆེད་པི་ཝང་ཞབས་བྲོའི་ཐང་ཆེན་བསྐྲུན་ནས་ང་ཚོར་རོལ་རྩེད་དང་སེམས་པ་ལྷོད་ལྷོད་བྱེད་ས་བསྐྲུན་བྱུང”ཞེས་ཞབས་བྲོ་འཁྲབ་མ་ཐག་པའི་སྒྲོལ་མ་ཚེ་རིང་གིས་བཤད།
         ཉེ་བའི་ལོ་ཤས་རིང་། འདི་གར་རྒྱུད་གསུམ་ཞབས་བྲོར་ལྟ་མཁན་ཡུལ་སྐོར་བའི་གྲངས་འབོར་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད། 2003ལོར་ཆུ་ཚན་ཁ་ཤང་ཟླ་ཤོད་གྲོང་ཚོས་རང་འགུལ་ངང་ཆུ་ཚན་ཁ་རྒྱུད་གསུམ་ཞབས་བྲོའི་ཞིང་འབྲོག་པའི་འཁྲབ་སྟོན་རུ་ཁག་བཙུགས་པ་དང་། 2013ལོར་འཁྲབ་སྟོན་རུ་ཁག་གི་རྨང་གཞིའི་ཐོག་ཆུ་ཚན་ཁ་དམངས་ཁྲོད་རྒྱུད་གསུམ་ཞབས་བྲོའི་སྒྱུ་རྩལ་ཚོགས་པ་བཙུགས། མིག་སྔར་སྒྱུ་རྩལ་ཚོགས་པར་མི་20ཡོད་པ་དང་། སྣེ་འཁྲིད་མཁན་ནི་རྒྱུད་གསུམ་ཞབས་བྲོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་བ་སྒྲོལ་མ་ཚེ་རིང་རེད།
         ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་དང་སྐུལ་ལྕག་འོག་སྒྲོལ་མ་ཚེ་རིང་གིས་སྒྱུ་རྩལ་ཚོགས་པའི་སྣེ་ཁྲིད་དེ་གར་སྟེགས་ཆེན་པོར་ཡང་སེ་འཁྲབ་སྟོན་བྱས་པས་རྒྱུད་གསུམ་ཞབས་བྲོར་རྒྱུས་མངའ་ལོན་མཁན་ཡང་ཧ་ཅང་མང་དུ་ཕྱིན་ཡོད། “ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཟླ་རྗེས་མར་ང་ཚོ་ཆབ་མདོ་གྲོང་ཁྱེར་དུ་འཁྲབ་སྟོན་བྱེད་པར་འགྲོ་གི་ཡིན”ཞེས་སྒྲོལ་མ་ཚེ་རིང་གིས་བཤད།
        གྲོང་མིས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བཏོད་པ།
         2016ལོར་ཆུ་ཚན་ཁ་ཁྱད་ལྡན་ཚོང་འདུས་གྲོང་རྡལ་སྐྲུན་འགོ་ཚུགས་རྗེས། ཡུལ་གཞན་ནས་སྤོས་པའི་མང་ཚོགས་སྡོད་ཁང་གསར་པར་སྤོས་པ་དང་། འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་པ། ལས་ཀ་དང་སློབ་གྲྭར་འགྲོ་བདེ་རུ་ཕྱིན་པ། ནད་གཞི་སྒོ་རྩ་ནས་སྨན་བཅོས་ཐུབ་པ་བཅས་བྱུང་ཡོད། མང་ཚོགས་ཚོས་ཆུ་ཚན་ཁ་ཁྱད་ལྡན་ཚོང་འདུས་གྲོང་ཁྱེར་འཛུགས་སྐྲུན་གྱི་གོ་སྐབས་ལ་དམ་འཛིན་བྱས་ནས་རང་ཉིད་ཕྱུག་པོའི་ལམ་དུ་སྐྱོད་པའི་ཐབས་ལམ་འཚོལ་བཞིན་ཡོད།
         ཡོན་ཏན་གྱི་ཁང་པ་ཆུ་ཚན་ཁ་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་ཧྲེང་ཡ་སྡེ་ཁུལ་དུ་ཆགས་ཡོད། 2015ལོར་ཁང་པ་མེད་པ་དང་ཡོང་འབབ་བརྟན་པོ་མེད་པས་ནང་མི་ལྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་རེད། “ངས་ཆུང་དུས་ནས་རི་མོ་སྦྱངས་པ་ཡིན། དེ་སྔ་འཚོ་བར་དཀའ་ངལ་ཆེ་བས་ལས་ཀ་བྱེད་ས་མེད་སྟབས། སྐབས་རེ་ཉིན་གླ་རྒྱུག་པར་འགྲོ་བ་ལས་ཐབས་གཞན་མེད”ཅེས་ཡོན་ཏན་གྱིས་བཤད།
         2016ལོར་ཆུ་ཚན་ཁ་ཁྱད་ལྡན་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་བྱེད་སྐབས་ཡོན་ཏན་གྱིས་རི་མོ་འབྲི་ཤེས་ཀྱི་ཡོད་པས། ཤང་སྲིད་གཞུང་གིས་གཙང་འགྲམ་དམངས་སྲོལ་ཁྲོམ་གཞུང་འཛུགས་སྐྲུན་ལས་ཀར་བཅུག 2017ལོར་ཡོན་ཏན་ལ་ལོར་ཡོང་འབབ་སྒོར་ཁྲི་15ཙམ་བྱུང་བས་རང་འགུལ་ངང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ནས་དོན་རྒྱུའི་རེ་ཞུ་ཕུལ་ཏེ་དབུལ་ཞྭ་ཕུད།
         ལྷ་མཚོ་ནི་ཆུ་ཚན་ཁ་ཤང་ཟླ་ཤོད་གྲོང་ཚོའི་གྲོང་མི་ཡིན་པ་དང་། 2018ལོའི་ལོ་མཇུག་ཏུ་ལྷ་མཚོའི་ཁྱིམ་གྱིས་བོད་ཁྱིམ་སྤྲོ་ཁང་ཞིག་གཉེར་བ་རེད། སྐལ་བཟང་མེ་ཏོག་ལྡུམ་རའི་ཞིང་ཁྱིམ་སྤྲོ་ཁང་དུ་འགྲོ་སྐབས་སྟར་སྡོང་གི་བསིལ་གྲིབ་ཀྱིས་སྒོ་ར་ཕྱེད་ཀར་གཡོལ་ཁང་བཏང་བ་དང་འདྲ་ལ་སྒོ་རའི་ནང་སྤང་སྔོ་ཐིང་ངེར་བཏབ་འདུག
         “འདི་ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་ཉིན་དེར་ཡུལ་སྐོར་བ་200ལྷག་ཙམ་ངའི་ཁྱིམ་དུ་ཁ་ལག་ཟ་བར་སླེབས་བྱུང་། ཉིན་དེ་རང་ལ་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་། འདི་ནི་སྔོན་ཆད་ཤིང་ཏོག་འཚོང་བ་ལས་ཡོང་འབབ་ལྡབ་ཁ་ཤས་ཀྱིས་ལེགས་པ་འདུག”ཅེས་ལྷ་མཚོས་འཛུམ་དམུལ་དམུལ་ངང་བཤད། དེ་སྔ་ལྷ་མཚོའི་ནང་མི་གསུམ་པོའི་འཚོ་རྟེན་ནི་ཤིང་ཏོག་འཚོང་བར་རྟེན་དགོས་ཀྱི་ཡོད། ལོ་ལྟར་ཡོང་འབབ་སྒོར་ཁྲི་3ཙམ་ལས་ཡོང་གི་མེད།
         2019ལོར་ལྷ་མཚོའི་ཁྱིམ་གྱི་བོད་ཁྱིམ་སྤྲོ་ཁང་གི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་ཡོད། “ན་ནིང་གཟའ་འཁོར་རེར་ཡུལ་སྐོར་བ་ཉི་ཤུ་སུམ་ཅུ་སླེབས་བྱུང་། འདི་ལོ་ན་ནིང་ལས་ལེགས་པ་འདུག ཉིན་ལྟར་ཡུལ་སྐོར་བ་ཡོང་མཁན་འདུག སྐབས་རེ་ཡུལ་སྐོར་བ་མང་བའི་སྐབས་ང་ཚོ་ནང་མི་གསུམ་པོས་ལས་ཀ་མ་ཚར་བར་ཞབས་ཞུ་བ་གཅིག་གླས་པ་ཡིན”ཞེས་ལྷ་མཚོས་འཛུམ་དམུལ་དམུལ་ངང་བཤད།
རྩོམ་སྒྲིག་པ། སངས་སྐྱབས།