དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བདེ་ཐང་བགྲོད་སྐྱོད་ལ་བརྟེན་ནས་ལྗིད་ཚད་ཇེ་ཡང་དུ་འགྲོ་འདོད་དམ། སྔོན་ལ་དོ་སྣང་བྱེད་དགོས་པའི་དོན་དག་འདི་དག་ལ་གཟིགས་རོགས།

སྤེལ་དུས 2020-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           ཚང་མས་ཤེས་གསལ་ལྟར། ལུས་རྩལ་སྦྱངས་ན་ལུས་པོའི་འགུལ་སྐྱོད་ལ་སྐུལ་འདེད་དང་ནད་རིགས་ཚོད་འཛིན་བྱེད་པར་ཕན་པ་ཡོད། བདེ་ཐང་བགྲོད་སྐྱོད་བྱ་རྒྱུ་དེ་ཁྱབ་རྒྱ་ཆེ་ཞིང་སྟབས་བདེ་ལ་སྤྱོད་སླ་བའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་པའི་ཆ་ནས་མི་དེ་བས་མང་བས་དགའ་པོ་བྱེད་ཀྱིན་ཡོད། འོན་ཀྱང་ཚན་རིག་དང་མཐུན་པའི་སྒོ་ནས་བདེ་ཐང་བགྲོད་སྐྱོད་མ་བྱས་ཚེ། ངལ་བ་འབྲས་མེད་དང་ཐ་ན་དེ་ལས་ལྡོག་པའི་གནས་ཚུལ་འབྱུང་སྲིད། འོ་ན་ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་བདེ་ཐང་བགྲོད་སྐྱོད་ཇི་ལྟར་བྱེད་དགོས་སམ། བདེ་ཐང་བགྲོད་སྐྱོད་བྱེད་པའི་སྐོར་ལ་རྒྱུན་མཐོང་གི་ནོར་འཁྲུལ་གང་དག་ཡོད་དམ།
           བདེ་ཐང་བགྲོད་སྐྱོད་བྱ་རྒྱུ་དེ་སྤྱིར་བཏང་གི་འགྲོ་སྟངས་དང་མི་འདྲ་ས་ཅི་ཞིག་ཡོད་དམ། 
           ཡང་དག་པའི་བདེ་ཐང་གི་འགྲོ་སྟངས་ནི་གོམ་པ་སྤོ་བ་དང་། གོམ་ཞེང་ཆེན་པོ་སྤོ་བ། རྐང་བའི་ཕྱི་རྟིང་སྔོན་ལ་སྤོ་བ། དཔུང་བ་གཡུག་ནས་འགུལ་སྐྱོད་བྱེད་པ་བཅས་ཡིན།

           ཚན་རིག་དང་མཐུན་པའི་སྒོ་ནས་བགྲོད་སྐྱོད་བྱེད་པར་དུས་ཚོད་དང་མྱུར་ཚད་གང་གི་ཐད་ནས་ཀྱང་བླང་བྱ་བཏོན་ཡོད། རྒྱུན་ལྡན་གྱི་མི་ནི་ཉིན་རེར་གོམ་པ་ཆིག་ཁྲི་ཡས་མས་འགྲོ་བཞིན་ཡོད་ལ་གོམ་གྲངས་བགོ་ཚུལ་ནི་ཕལ་ཆེར་ཞོགས་གསུམ་དགོང་བཞི་(ཞོགས་པར་གོམ་པ3000དང་། སྔ་དྲོ་ནས་ཕྱི་དྲོར་གོམ་པ3000དང་། དགོང་མོར་གོམ་པ་4000སྤོ་བ།)ཡིན། འོན་ཀྱང་བྱེ་བྲག་གི་བགོ་བཤའ་དེ་མི་སྒེར་གྱི་གོམས་གཤིས་དང་ལུས་ཕུང་གི་གནས་ཚུལ་ཚད་གཞིར་འཛིན་དགོས་པ་དང་། དེའི་ནང་གི་གོམ་པ་3000ཅུང་མགྱོགས་པོ་བྱས་ནས་རྔུལ་ཆུ་ཕྲན་བུ་ཐོན་ན་ཆོག
           བདེ་ཐང་བགྲོད་སྐྱོད་བྱེད་པའི་སྐབས་སུ་ཚོད་འཛིན་བྱེད་དགོས་པའི་སྙིང་ཕྱོད་ལོ་ཚོད་མི་འདྲ་བར་གཞིགས་ནས་འོས་འཚམ་གྱི་རེ་བ་ཡོད། དར་མ་དང་རྒན་པ་ཕལ་ཆེར150-ལོ་ཚོད་=སྙིང་གི་འཕར་ཚད་(སྐར་མ་རེར་ཐེངས100ཙམ)ཡིན་པ་དང་། ལོ40ཡས་མས་ཀྱི་དར་མ་ཕལ་ཆེར་170-ལོ་ཚོད=སྙིང་གི་འཕར་ཚད(ཕལ་ཆེར་སྐར་རེར་ཐེངས120~130)ཡིན། 
           བདེ་ཐང་འགྲོད་སྐྱོད་བྱས་རྗེས་མི་ཚོགས་ཀྱི་ལུས་པོའི་ལྗིད་ཚད་དང་ལུས་པོའི་ཚིལ་སོགས་ཀྱི་ཐད་ནས་ལེགས་བཅོས་འབྱུང་སྲིད་པ་མ་ཟད། ཉིན100ཡས་མས་སུ་ཕན་འབྲས་ཅུང་མངོན་གསལ་རེད།

           ཚན་རིག་དང་མཐུན་པའི་སྒོ་ནས་བདེ་ཐང་བགྲོད་སྐྱོད་ཇི་ལྟར་བྱ་དགོས་སམ། 
           ཐོག་མར་གཅོང་ནད་ཕོག་པའི་ནད་པ་དང་ཡང་ན་སྤྱིར་བཏང་གི་མི་གང་ཞིག་ཡིན་རུང་། ཚང་མས་རྐང་ལ་བདེ་བའི་མཐིལ་མཉེན་ལུས་རྩལ་ལྷམ་མམ་ཡང་ན་ཆེད་ལས་ཀྱི་གོམ་བགྲོད་ལྷམ་དང་། སྐམ་སླ་བའམ་རྔུལ་ཆུ་འབྱིན་པའི་གྱོན་ཆས་དང་། དེ་བཞིན་ལུས་དང་འབྲལ་མེད་དུ་འཁྱེར་བའི་དགོས་ངེས་ཀྱི་སྨན་རྫས་དང་འཐུང་ཆུ་སོགས་འདེམས་དགོས་ཤིང་། བདེ་ཐང་བགྲོད་སྐྱོད་བྱེད་ས་ལྗོན་ཤིང་གི་གྲིབ་བསིལ་འོག་དང་ལམ་ངོས་སྙོམས་པོ་འདེམས་དགོས། བདེ་ཐང་བགྲོད་སྐྱོད་མ་བྱས་པའི་སྔོན་ལ་ལུས་པོ་སྦྱོང་བརྡར་དང་ཤ་གནད་འཐེན་རྐྱོང་གི་འགུལ་སྐྱོད་བྱས་ནས་ལུས་པོར་དུས་ཐོག་ཏུ་འགུལ་སྐྱོད་ལ་གོམས་པར་བྱ་དགོས།
           དེའི་རྗེས་སུ་བདེ་ཐང་བགྲོད་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཤུགས་ཚད་དང་ཚད་གཞི་ལ་དོ་སྣང་བྱེད་དགོས་པ་དང་། “ནུས་ཚོད་ཐུབ་ཚོད”ལས་མི་འདའ་བ་བྱས་ནས་དེའི་རིང་ལ་ཐེངས་མང་པོར་ཆུ་ཉུང་ཙམ་ཁ་གསབ་བྱེད་དགོས། 
           མཇུག་མཐར་བདེ་ཐང་བགྲོད་སྐྱོད་མཇུག་འགྲིལ་རྗེས་ཀྱི་སྐར་མ20ཡས་མས་སུ་དུས་ལྟར་ལྷོད་གཡེང་གི་འགུལ་སྐྱོད་བྱས་ན། ཤ་གནད་དང་ལུས་ཕུང་སླར་གསོ་ཡོང་རྒྱུར་སྐུལ་འདེད་དང་ཤ་གནད་ཀྱི་ན་ཟུག་ཇེ་ཉུང་དུ་གཏོང་རྒྱུར་ཕན་པ་ཡོད། 
           རྒྱུན་མཐོང་གི་བདེ་ཐང་བགྲོད་སྐྱོད་བྱེད་པར་ངོས་འཛིན་ནོར་འཁྲུལ་ཅན་གང་དག་ཡོད་དམ། 
           མི་ལ་ལས་བདེ་ཐང་བགྲོད་སྐྱོད་བྱེད་སྐབས་གོམ་པ་རིམ་བགྲོད་བྱ་རྒྱུ་གལ་མི་ཆེ་བར་མཚམས་རེར་དྲག་པོར་བསྐྱོད་ན་ལུས་ཕུང་ལ་གནོད་པ་ཆེན་པོ་མེད་པར་འདོད། ཡང་མི་ཁ་ཤས་ཀྱིས་ཞོགས་པར་ལྟོ་སྟོང་ལ་བདེ་ཐང་བགྲོད་སྐྱོད་བྱེད་པའམ་ཡང་ན་ཟ་མ་ཟ་རྗེས་འཕྲལ་དུ་བདེ་ཐང་བགྲོད་སྐྱོད་བྱེད་པར་དགའ། ད་དུང་མི་ལ་ལས་སོང་བ་ཇི་ལྟར་མགྱོགས་ན་དེ་ལྟར་བཟང་བར་འདོད།
           བྱ་སྤྱོད་དེ་དག་གིས་བདེ་ཐང་བགྲོད་སྐྱོད་བྱེད་པར་སྔོན་དཔག་གི་ཕན་འབྲས་ཐོན་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་ལུས་ཕུང་ལ་གནོད་པ་ངེས་ཅན་བཟོ་སྲིད། ལྷག་པར་དུ་སྙིང་ཁམས་དང་ཁྲག་རྩ་ཉམས་ཞན་ཡིན་པ་དང་རུས་རྫས་སོབ་སོབ་ཡིན་པའི་རྒན་པ་ཚོས་ངེས་པར་དུ་ལུས་ཕུང་གི་ཆ་རྐྱེན་ལ་དཔྱད་འཇོག་ཡང་དག་བྱས་རྗེས། འོས་འཚམ་གྱི་འགུལ་སྐྱོད་བྱེད་པ་ལས་ཀུན་གྱི་རྗེས་སུ་འབྲངས་ནས་རྨོངས་ཚོད་ཀྱིས་བདེ་ཐང་བགྲོད་སྐྱོད་གཏན་ནས་བྱེད་མི་རུང་། 
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།