དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་ཧྲའན་ཤིས་ཀྱི་ཏང་སྲིད་འཐུས་མི་དང་བཞུགས་མོལ་གནང་ནས…

སྤེལ་དུས 2020-09-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་ཧྲེང་ཀྲང་གཞོན་པ་ལེའང་ཀུའེ་ཡིས་རུ་སྣེ་ཁྲིད་པའི་ཧྲའན་ཤིས་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་ནས། ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་སྤེལ་རེས་གཏིང་ཟབ་གནང་བ་རེད།

བཞུགས་མོལ་གནང་ཡུལ།
          ཝུའུ་དབྱིང་ཅེས། དང་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཧྲའན་ཤིས་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་ཧྲའན་ཤིས་ཞིང་ཆེན་གྱིས་བོད་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་རྒྱལ་ཁའི་ངང་འཚོགས་པ་མཚོན་བྱེད་དུ་བྱས་ནས། བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་པས། རྩ་ཆེའི་འཕེལ་རྒྱས་ཀྱི་གོ་སྐབས་བསུས་ཡོད་ལ། འགྲན་སློང་དང་ལས་འགན་གསར་པའང་འཕྲད་བཞིན་ཡོད། དེར་བརྟེན་ཧྲའན་ཤིས་ཞིང་ཆེན་གྱིས་སྔར་བཞིན་བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་དང་། མངའ་རིས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། ཐོན་ལས་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་དང་། ཤེས་ལྡན་མི་སྣ་ནང་འདྲེན། རྩྭ་ཕྱུགས་དོ་སྙོམས་ཡོང་བར་ཞིབ་འཇུག སྣོད་བཅུད་སྲུང་སྐྱོང་། ཐང་རྒོད་བཅོས་སྐྱོང་སོགས་ཐད་མཛུབ་ཁྲིད་ནུས་ལྡན་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གནས་བབ་ཆེན་པོའི་ནང་མཉམ་འདྲེས་བྱས་པའི་ཧྲའན་ཤིས་ཀྱི་ཉམས་མྱོང་དང་བྱ་ཐབས་ལ་བརྟེན་ནས། མངའ་རིས་ས་ཁུལ་ལ་མཐའ་མཚམས་ཚོང་དོན་གྱི་ལས་དོན་ཡག་པོ་བསྒྲུབ་པར་མཛུབ་ཁྲིད་བྱས་ཏེ་མཐའ་མཚམས་ཀྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད། སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཧྲའན་ཤིས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་བོད་ལྗོངས་མི་རིགས་སློབ་ཆེན་དང་ཧྲའན་ཤིས་མངའ་ཁོངས་ཀྱི་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གིས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱ་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
བཞུགས་མོལ་གནང་ཡུལ།
          ལེའང་ཀུའེ་ཡིས་ཧྲའན་ཤིས་ཞིང་ཆེན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། བོད་རང་སྐྱོང་ལྗོངས་དང་མངའ་རིས་ས་ཁུལ་གྱི་དགོས་མཁོ་དངོས་གཞིར་བཟུང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཁ་གཏད་བོད་སྐྱོར་ལས་དོན་འཆར་འགོད་ཡག་པོ་བྱས་ནས། ཁ་གཏད་བོད་སྐྱོར་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཐོག དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
          བོད་དུ་བརྟག་ཞིབ་གནང་རིང་། ཅང་ཅེ་ཡི་ཕེབས་རོགས་འོག་ལེའང་ཀུའེ་དང་བཅས་པ་སྒར་རྫོང་གི་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་དང་། མངའ་རིས་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭ མངའ་རིས་ས་ཁུལ་མི་དམངས་སྨན་ཁང་སོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣར་འཚམས་འདྲི་ཡང་གནང་བ་རེད།