དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ལྷོ་ཁ་ནས“སྐབས་དྲུག་པའི་ལྷོ་ཁའི་མི་སེམས་འགུལ་བའི་མི་སྣ་ཆེ་གྲས་བཅུའི”གཟེངས་བསྟོད་བྱ་དགའ་གནང་བའི་དགོང་ཚོགས་འཚོགས།

སྤེལ་དུས 2020-10-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
བྱ་དགའ་གནང་བའི་མཛད་སྒོའི་ཡུལ་དངོས།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “རྒྱལ་སྒོ་ཚུན་ཆད་རྒྱལ་ཁབ་ཡིན། །  གྱོ་ཐོག་གཅིག་གིས་ཁྱིམ་གཞི་ཆགས། ། ཞེས་པ་ལྟར། རྒྱལ་ཁབ་དང་ཁྱིམ་ཚང་དབར་གྱི་ཁྲག་རྒྱུད་གཅིག་ཏུ་འབྲེལ་ཞིང་ཁྱིམ་ཚང་དང་རྒྱལ་ཁབ་དབར་གཅིག་སེམས་གཅིག་ཏུ་སྦྲེལ་ཡོད”ཅེས《ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ཕུགས་འདུན》ཞེས་པའི་སྙན་ངག་གྱེར་འདོན་གྱིས་དགོང་ཚོགས་ཀྱི་རིམ་པར་མཐོ་རླབས་ཤིག་འཕྱུར་བར་བྱས། 
       ཟླ10པའི་ཚེས28ཉིན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ལོ་ངོ་གསུམ་རིང་གི་སྐབས་དྲུག་པའི་ལྷོ་ཁའི་མི་སེམས་འགུལ་བའི་མི་སྣ་ཆེ་གྲས་བཅུའི་གཟེངས་བསྟོད་བྱ་དགའ་གནང་བའི་དགོང་ཚོགས་འཚོགས། མཛད་རྗེས་དེ་དག་ནི་འོད་མདངས་ལམ་མེར་འཕྲོ་ཞིང་། མི་སྣ་དེ་དག་ནི་སེམས་ཀྱི་གཏིང་ལ་ཕྱིན་ཡོད།  
བྱ་དགའ་གནང་བའི་མཛད་སྒོའི་ཡུལ་དངོས།
       1996ལོར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོའི་ཡུལ་མི་བཀྲ་ཤིས་གཡང་འཛོམས་དང་སི་ཁྲོན་ནས་ཡོང་བའི་ཝང་ཡུང་གཉིས་བཟའ་ཚང་བསྒྲིགས་ཤིང་། 2014ལོར་ཁྱོ་ག་ཝང་ཡུང་དུས་ཡུན་རིང་བོར་ངལ་དུབ་ཀྱིས་མནར་བས་རྣ་བ་གཉིས་འོན་པར་གྱུར་ཞིང་ལོ་གཉིས་ཀྱི་རྗེས་སུ་མིག་གཉིས་ལོང་བར་གྱུར་ནས་ཁྱིམ་གྱི་ཁུར་ཆེན་ཚང་མ་བཀྲ་ཤིས་གཡང་འཛོམས་ཀྱི་ཕྲག་ཏུ་བབས་བྱུང་། མོས་རང་ཉིད་ཀྱི་ནུས་པ་འབའ་ཞིག་ལ་བརྟེན་ནས་ཁྱོ་ག་དང་བྱིས་པ་གཉིས་ལ་དྲོད་ཁོལ་དང་ཆར་རླུང་འགོག་པའི་ཁྱིམ་ཚང་ཞིག་བཟུང་། ཁོང་མོས་ནམ་ཡང་ཁ་མི་འབྲལ་བར་སྲུང་སྐྱོང་བྱས་ནས་རྒྱ་བོད་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་བརྩམས་ཡོད། 
       “མཚོ་དཀར་མཚོ་མོ་སྲུང་མཁན་མེད་མི་རུང་། དེ་ནི་ང་ཚོའི་མེས་རྒྱལ་གྱི་མངའ་ཁོངས་ཡིན་པས་ཚུན་གང་ཡང་འདོར་མི་རུང་། ང་རང་ཇི་སྲིད་འགྲོ་ཐུབ་པའི་བར་དུ་ད་དུང་གནས་འདི་སྲུང་རྒྱུ་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ཟམ་པ་མདོང་གྲོང་ཚོའི་ཡུལ་མི་ངག་དབང་ཤེས་རབ་ཀྱིས་དེ་ལྟར་བཤད། ལོ་མང་རིང་ངག་དབང་ཤེས་རབ་ཚང་གིས་ལྷུན་རྩེ་རྫོང་དུ་ཕྱུགས་འཚོ་ཞོར་སྐོར་གཡེང་བྱས་པས། གངས་རི་དང་འབྲོག་ར་རེ་རེ་བཞིན་དང་། ཐ་ན་སྡོང་རྒན་དང་རྡོ་རྡོག་རེ་རེ་བཞིན་སེམས་ལ་བརྟན་པོར་བཟུང་ནས་སྐལ་བཟང་མེ་ཏོག་ལྟར་རྩ་བ་ཚུགས་ཡོད། 
       ཧུའུ་ནན་ཞིང་ཆེན་ལིའུ་དབྱང་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་ཝུའུ་གོ་ཆང་སྟེ། ཧུའུ་ནན་ཞིང་ཆེན་གྱི་དུས་ཐུང་བོད་སྐྱོར་ཆེད་ལས་ཤེས་ལྡན་མི་སྣ་ཞིག་ཡིན་པའི་ངོས་ནས་བོད་སྐྱོར་ཐེངས་ལྔ་བྱས་ཏེ“ཕ་ཡུལ་གཉིས་པ”བསྐྲུན་ཞིང་། གོང་དཀར་རྫོང་གི་ལོ་མང་རིང་བོད་སྐྱོར་བྱེད་མཁན་ཞིང་འབྲོག་ལག་རྩལ་མི་སྣ་ཨང་དང་པོ་ཡིན་པའི་ངོས་ནས་ཁོང་གིས་ས་གནས་དེ་གའི་མང་ཚོགས་ལ་སྦྲང་མ་གསོ་བའི་ལས་རིགས་ཁྱབ་གདལ་བཏང་བ་དང་ཡིག་འབྲུ་ཁྲི20ལྷག་ཙམ་ཟིན་པའི《བོད་ལྗོངས་ས་མཐོའི་སྦྲང་མ་གསོ་བའི་ལག་རྩལ་མདོར་བསྡུས》ཞེས་པ་རྩ་འཛུགས་བྱས་ནས་བྲིས། ཁོང་གི་ལག་རྩལ་མཛུབ་ཁྲིད་འོག་གོང་དཀར་རྫོང་གིས་སྦྲང་མ་གསོ་བའི་དཔེ་སྟོན་རྟེན་གཞི8བཙུགས་པ་དང་ལོ་རེར་སྦྲང་རྩི་ཏུན15ཙམ་ཟིན་ནས་ས་གནས་དེ་གའི་མང་ཚོགས་ལ་སྒོར་ཁྲི་བརྒྱ་ཙམ་གྱི་ཁེ་བཟང་རག་གིན་ཡོད།
       དེ་ཡང་བྱ་དགའ་གནང་བའི་ཚིག་གི་ནང་དུ“དཀའ་བ་སྤྱད་པའི་ལོ་རྒན་དྲུག་ཅུར་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་། མཚོ་དཀར་མཚོ་མོའི་འགྲམ་དུ་ཁྱེད་ཀྱི་ལྷག་བསམ་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་འདྲེས་ཤིང་། ཁྱེད་ཀྱི་བརྩེ་བ་ཟབ་མོ་དེ་ཕ་ཡུལ་ལ་བཅངས་ཡོད”ཅེས་གསུངས་པ་ལྟར་རེད།
བྱ་དགའ་གནང་བའི་མཛད་སྒོའི་ཡུལ་དངོས།
       གར་སྟེགས་འོག་གི་མཐོ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཀརྨ་ཆོས་འཕེལ་གྱིས་མིག་མཐའ་མཆི་མས་བརླན་ཞོར། “རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་རྒྱལ་ཁབ་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་བ་ཡོང་མི་སྲིད་པས་ཁོང་ཚོས་སྐལ་བཟང་མེ་ཏོག་དང་འདྲ་བར་མངའ་ཁོངས་སྲུང་སྐྱོབ་བྱས་པར་ཐུགས་རྗེ་ཆེ”ཞེས་བཤད།
       དགོང་ཚོགས་འཚོག་ཡུལ་དུ་ད་དུང་རོགས་རེས་སྲུང་སྐྱོང་བྱས་ནས་བརྩེ་བ་རྣལ་མ་མངོན་པའི་འཇིགས་མེད་རྡོ་རྗེ་དང་། དབུལ་སྐྱོར་ལམ་བུའི་ཐོག་གི་དགེ་སྒྲུབ་པ་དཔའ་གྲུབ། ལྷག་བསམ་རྣམ་དག་གིས་བློ་དཀར་གྱི་བླ་སྲོག་གཏོད་མཁན་མུའུ་ཡུས་ཅུན། སེམས་ཤུགས་བཏོན་ནས་བྱིས་པའི་ཕུགས་འདུན་གཉེར་མཁན་སྒྲོལ་མ། བདེ་སྐྱིད་ལྡན་པའི་ལང་ཚོས་འབྱུང་འགྱུར་གཏོད་མཁན་ཟླ་བ་དོན་གྲུབ། ལང་ཚོས་མཐའ་མཚམས་སྲུང་བའི་ཁྲོད་ཇི་སྲིད་བར་དུ་མི་ནུབ་པའི་སུའུ་དབན་ཧྥེ། འཛམ་གླིང་གི་ཡང་རྩེའི“རྒྱལ་སྒོའི་སྲུང་དམག”བསོད་ནམས་དར་རྒྱས་བཅས་རེད། 
       ཁོང་ཚོ་ནི་སྤྱིར་བཏང་གི་ལས་གནས་ཐོག་ན་ཡོད་པའི་མི་དཀྱུས་མ་ཡིན་ཡང་བརྩེ་བ་ཆེན་པོས་དུས་རབས་ཀྱི་བསྟོད་གླུ་མང་པོ་བརྩམས། ཡུན་རིང་མཚམས་མི་ཆད་པའི་ཐལ་མོའི་རྡེབ་སྒྲ་དང་མིག་ཆུས་བརླན་པའི་མིག་མཐའ་དེ་དག་གིས་ཁོང་ཚོའི་མི་སེམས་འགུལ་བའི་བྱས་རྗེས་རྣམས་ལ་གུས་པ་ཆེན་པོས་བསྟོད་འབུལ་བྱས་པ་རེད།