དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་སའི་གཙང་བྲན་གྲོང་ཚོའི “རྒྱ་རིགས”ཀྱི་བང་སར་བལྟ་རུ་ཕྱིན་པ།

སྤེལ་དུས 2020-11-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ས་ཁྲའི་སྟེང་ནས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ལྗང་མདོག་ཁུལ་ཞིག་ཡོད་པ་མཐོང་ལ། ལྗང་མདོག་ཁུལ་འདིའི་མཐའ་འཁོར་དུ་ཐོག་ཁང་དང་། གཞུང་ལམ། བཟོ་གྲྭ་བཅས་བསྐྲུན་ཡོད་པ་དང་། དེང་རབས་ཅན་གྱི་འཛུགས་སྐྲུན་འདི་དག་གིས་ལྗང་མདོག་ཁུལ་དང་གྲོང་ཁྱེར་གྱི་བར་བཅད་ཡོད། གཞུང་ལམ་གྱི་གཞོགས་གཅིག་ནི་འུར་ཟིང་གི་ཁྲོད་དུ་ཡོད་ལ། གཞོགས་གཞན་ཞིག་ནི་ཁུ་སིམ་པོར་གནས་ཡོད།
ལྕགས་རིས་བསྐོར་བའི་ལྗང་མདོག་ཁུལ་འདིའི་འཛུལ་སྒོའི་འགྲམ་གཉིས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི“གཙང་བྲན་གྲོང་ཚོའི་རྒྱ་རིགས་ཀྱི་གནའ་བོའི་བང་ས”ཞེས་པའི་བྱང་བུ་ཞིག་བཀལ་ཡོད།

ལྷ་སའི་གཙང་བྲན་གྲོང་ཚོའི“རྒྱ་རིགས”ཀྱི་བང་ས། 

ལྷ་སའི་གཙང་བྲན་གྲོང་ཚོའི“རྒྱ་རིགས”ཀྱི་བང་སའི་ཟུར་ཞིག
          《ལྷ་སའི་རིག་དངོས་ལོ་རྒྱུས》ཀྱི་ནང་དུ་བཀོད་པ་ལྟར་ན། བང་སོའི་རྡོ་རིང་དུ་ཉར་ཚགས་ཆ་ཚང་ཤོས་ཀྱི“ཆིང་རྒྱལ་རབས་ཀྱི་ནུབ་ཕྱོགས་རྒྱ་གར་བང་སའི་རྡོ་རིང”ལས་ཤེས་ཐུབ་པ་ནི། བང་ས་དེ་ནི“གནམ་སྐྱོང་སྲིད་ལོ་དྲུག་ཅུ”(1795ལོ)ནས་བཟུང་། སྐབས་དེའི་བོད་སྡོད་ཨམ་བན་སུང་ཅུན་དང་ཧོ་ཉིང་། དེ་བཞིན་བོད་སྡོད་ཞི་དྲག་དཔོན་རིགས་སོགས་ཀྱི་ཞལ་འདེབས་ཕུལ་ནས་ས་རྒོད་དེ་ཉོས་པ་དང་། “དམག་དམངས་ནད་ཀྱིས་མནར་ནས་ཚེ་ལས་འདས་པ་རྣམས་པུར་འཇུག་བྱ་ཡུལ་དུ་བཀོད་སྒྲིག་བྱས་པ་རེད།”
          མིག་སྔར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པའི་སྣེ་ཁྲིད་འོག གསར་འགོད་པ་ལྷ་ས་གྲོང་ཁྱེར་གྱི་བྱང་འདབས་སུ་ཡོད་པའི་ད་བར་ལོ་ངོ་ཉིས་བརྒྱ་ལྷག་འགོར་བའི“རྒྱ་རིགས”ཀྱི་བང་སར་བལྟ་རུ་ཕྱིན་པ་རེད།

ལྷ་སའི་གཙང་བྲན་གྲོང་ཚོའི“རྒྱ་རིགས”ཀྱི་བང་སའི་འདས་མཆོད་ཁང་ནང་གི་བང་སའི་རྡོ་རིང་།

ལྷ་སའི་གཙང་བྲན་གྲོང་ཚོའི“རྒྱ་རིགས”ཀྱི་བང་སའི་ཟུར་ཞིག

ལྷ་སའི་གཙང་བྲན་གྲོང་ཚོའི“རྒྱ་རིགས”ཀྱི་བང་སའི་ཟུར་ཞིག
          ལྟ་སྲུང་བས་ཕྱི་རོལ་གྱི་སྒོ་ཆེན་ཕྱེས་རྗེས། ལྡུམ་རའི་ནང་གི་རྡོ་ལམ་དེད་ནས་ང་ཚོ་བོད་ལུགས་ཀྱི་སྒོ་ར་ཅན་གྱི་འདས་མཆོད་ཁང་ཞིག་གི་སྒོ་འགྲམ་དུ་སླེབས། གས་ཆག་ཤོར་བའི་གྱང་ར་འདི་ལས་ང་ཚོས་བཟོ་སྐྲུན་འདིའི་ལོ་ཚོད་རྟོགས་ཐུབ་ལ། སྒོ་རའི་དཀྱིལ་དབུས་གྱི་ཁང་པའི་ནང་དུ་ཡི་གེ་གསལ་པོར་མཐོང་དཀའ་བའི་བང་སའི་རྡོ་རིང་ཞིག་ཡོད་ལ། བང་སའི་རྡོ་རིང་གི་འགྲམ་དུ་འདས་མཆོད་ཀྱི་མེ་ཏོག་ཕྲེང་བ་བཞག་ཡོད་པས། འདིར་ད་དུང་མི་རབས་རྗེས་མར་མཆོད་འབུལ་བྱེད་བཞིན་པ་རྟོགས་ཐུབ།
          《ལྷ་སའི་རིག་དངོས་ལོ་རྒྱུས》དང་རྡོ་རིང་གི་ཡི་གེ ཁྲམ་བྱང་སོགས་སུ་བཀོད་པའི་ཡི་གེའི་ནང་དོན་གཞིར་བཟུང་ན། བང་ས་འདིར་སྔོན་ཆད་སྨི་གྲུ་བཞི་མ་ཁྲི60ཡོད་པ་དང་། ཆེས་ཤར་མཐའ་རི་འདབས་སུ་ཁེལ་ཡོད། ས་ཞིང་བཟོ་བ་དང་། ཆུ་ཡུར་བཟོ་བ། ཁང་པ་རྒྱག་པ་བཅས་ཀྱི་དབང་གིས། བང་སོ་མང་པོ་ཞིག་སྔ་མོ་ནས་ཤུལ་མེད་དུ་གྱུར་ཟིན། ད་ལྟའི་བང་ས་ནི་སྔོན་ཆད་ཀྱི་ཆ་ཤས་ཆུང་ངུ་ཙམ་རེད།
          བང་ས་འདིར་དུར་དུ་སྦས་ཡོད་པ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་དུས་སྐབས་སུ། ཆིང་དམག་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་གོར་ཁའི་དམག་དཔུང་གིས་བོད་ལྗོངས་ལ་བཙན་འཛུལ་བྱེད་པར་འཐབ་འཁྲུག་བྱས་ནས། གཡུལ་སར་ཤི་བའི་དཔོན་དམག་ཡིན་ལ། དེ་བཞིན་ཕྱིས་སུ་བོད་ལྗོངས་སུ་བརྟན་སྲུང་བྱས་པའི་རྒྱ་རིགས་དང་མི་རིགས་གཞན་དག་གི་མི་སྣ་བཅས་རེད་ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པས་དེ་ལྟར་བཤད། དུར་དུ་སྦས་པ་མང་ཆེ་བ་རྒྱ་རིགས་ཡིན་པས། བང་སོ་འདིར“རྒྱ་རིགས”བང་ས་ཞེས་འབོད་པ་རེད།
          ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་བདག་སྐྱོང་དང་དེ་བཞིན་བོད་རྒྱ་མི་རིགས་གཉིས་ཀྱིས་ཐུན་མོང་ཐོག་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་དང་། མེས་རྒྱལ་དང་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཞིག་ཡིན་པའི་ངོས་ནས། ད་བར་དུ་འབྲེལ་ཡོད་སྡེ་ཁག་ཚང་མས་བང་ས་འདི་ཉམས་གསོ་དང་སྲུང་སྐྱོང་བྱེད་བཞིན་ཡོད་ལ། གླིང་ཁུལ་དུ་ཡུར་མ་ཡུར་བ་དང་ལྗང་བསྒྱུར་བྱས་ཏེ། མཐའ་འཁོར་གྱི་ལྕགས་རི་དང་རྐང་ལམ་ཞིག་གསོ་བྱེད་ཅིང་། འདས་མཆོད་ཁང་ཉམས་བཟོ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་རེད།
          “ད་ལྟ་ང་ཚོས་འདི་དྲན་གསོ་ཁང་དུ་བསྐྲུན་རྩིས་ཡོད། འགྲེམས་སྟོན་དང་སྒྲིག་གཤོམ་བྱས་པ་བརྒྱུད་མི་སྔར་ལས་མང་པོ་ཞིག་ལ་ལྷ་ས་གྲོང་ཁྱེར་དུ་མི་རིགས་མཐུན་སྒྲིལ་གྱི་དཔང་རྟགས་དང་། ལོ་རྒྱུས་ལ་ཕྱིར་དྲན་བྱེད་པའི་བང་ས་འདི་ལྟ་བུ་ཞིག་ཡོད་པ་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་ཡིན། མེས་པོར་དྲན་གསོ་བྱེད་པ་དང་ཆབས་ཅིག་མི་རབས་རྗེས་མར་སློབ་གསོ་གཏོང་དགོས”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པས་དེ་ལྟར་བཤད་ཅིང་། མིག་སྔར་དྲན་གསོ་ཁང་གི་ཇུས་འགོད་སྔར་ལས་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་བཞིན་ཡོད། 
འདས་མཆོད་ཁང་ནས་སྒོར་བུད་དེ་རྐང་ལམ་བརྒྱུད་ནས་བང་སའི་ཁུལ་དུ་འགྲོ་བཞིན། ཕྱོགས་བཞིར་བལྟས་ཚེ་བགྲང་གིས་མི་ལང་བའི་དུར་ས་མང་པོ་ཞིག་ཐར་ཐོར་དུ་ཡོད། བང་སའི་ཁུལ་དུ་སྐོར་བ་ཆུང་ཆུང་ཞིག་བརྒྱབ་ནས་བལྟས་པ་ན་དེ་དག་ཁྱད་པར་ཆེན་པོ་མེད་ལ། ཁ་ལྷོ་ཕྱོགས་སུ་འཁོར་བའི་དུར་ས་རེ་རེའི་རྒྱབ་ཕྱོགས་ནི་རི་          བོ་དང་མདུན་ཕྱོགས་ནི་ཆུ་བོ་ཡིན་པས་ས་ཧ་ཅང་ལེགས། དུར་ས་མང་པོ་ཞིག་ལ་མིང་བཀོད་མེད་པས། ཕལ་ཆེར་ད་དུང་ཡང་འདིར་སྔར་བཞིན་མཆོད་འབུལ་དུ་ཡོང་མཁན་གྱི་རྗེས་རབས་པ་ཁོ་ནས་ཁོ་ཚོའི་རུས་དང་མིང་ཤེས་ངེས་རེད། 
          ལོ་ངོ་ཉིས་བརྒྱའི་ཡར་སྔོན་དུ་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ནས་གནས་འདིར་སླེབས་པའི་སྔོན་བྱོན་པ་ཁོ་ཚོ་དེ་ལྟར་ཡུལ་འདིར་ལུས་པ་དང་། ས་དང་འདམ་ལ་འདྲེས་ནས་གངས་ལྗོངས་ས་མཐོའི་ས་རྒྱུ་མུ་མཐུད་གསོ་སྤེལ་བྱེད་བཞིན་ཡོད་ལ། ལེ་དབར་སྟོང་གིས་ཆོད་པའི་རྒྱང་རིང་གི་ཕ་ཡུལ་དེའང་སྔ་མོ་ནས་རྙེད་དཀའ་བའི་ཕ་ཡུལ་ཞིག་ཏུ་གྱུར་པ་རེད།
          བང་ས་ནས་སྒོར་བུད་དེ་གཞུང་ལམ་ཞིག་བརྒྱུད་རྗེས། ཟང་ཟིང་གི་གྲོང་ཁྱེར་དུ་སླེབས་བྱུང་། རྒྱ་ལམ་ཞིག་གི་བར་དུ་ཆོད་པའི་རྒྱབ་ཏུ་བང་ས་ནི་སྔར་བཞིན་དེ་ལྟར་ལྷིང་འཇགས་ཀྱི་ངང་དུ་ཡོད་ཅིང་། དེར་དུར་དུ་སྦས་པ་དག་ནི་ནམ་ཡང་བརྗེད་མི་རུང་ལ་བརྗེད་ཀྱང་མི་ཕོད་པའི“ལོ་རྒྱུས”ཞེས་འབོད་པའི་སྔོན་ཆད་དེ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།