དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་ཆེས་གཅེས་པར་འོས་པའི་མི་འདི་དག་ལ་བྱ་དགའ་སྤྲད་འདུག

སྤེལ་དུས 2021-01-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
        ཟླ་1ཚེས་5ཉིན་གྱི་དགོང་མོར། བོད་དམག་ཁུལ་ཁང་གིས“མཐའ་བརྟན་བོད་བརྟན་གྱི་དཔེ་དམག་བཅུར”བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀྲང་ཞུའེ་ཅེ། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་དབང་ཧའེ་ཅང་བཅས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་ཏེ། གཟེངས་བསྟོད་ཐོབ་མཁན་དཔེ་དམག་ཚོར་བྱ་དགའ་སྤྲད་པ་དང་འབྲེལ་ཁོང་ཚོ་དང་ལྷན་ཞུགས་སྐུ་པར་བསྐྱོན་པ་རེད།

        ཆུ་ཚོད་20ཙམ་ལ་ངར་ཤུགས་ལྡན་པའི་རོལ་དབྱངས་ཁྲོད་བྱ་དགའ་སྤྲོད་པའི་མཛད་སྒོ་འགོ་ཚུགས་པ་དང་། དཔོན་དམག་ཚོས《ངས་མེས་རྒྱལ་ཆེད་མཐའ་མཚམས་བརྟན་སྲུང་བྱེད》ཅེས་པའི་གླུ་གཞས་མཉམ་དུ་བཏང་སྟེ། གངས་ལྗོངས་ཀྱི་དཔོན་དམག་ཚོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གོམ་ཞེང་ཆེན་པོས་བསྐྱོད་པ་དང་དམག་དཔུང་སྟོབས་ཆེར་བཏང་སྟེ་གདོང་ལེན་པ་བྱེད་པའི་དཔའ་ཉམས་མངོན་པར་བྱས་ཡོད། མཛད་སྒོ་ནི་དམག་དཔུང་སྟོབས་ཆེའི་དམ་བཅའ་འཇོག་པ་དང་། འགན་འཁྲིའི་ཆེད་ལེགས་སྐྱེས་འབུལ་བ། དྲག་རྩལ་མཁས་ལ་འཇོན་ཐང་ཆེ་བ་བཅས་ལེའུ་3ལ་དབྱེ་བ་དང་ཚོགས་ཆུང་དབྱེ་ནས་དཔེ་དམག་བཅུ་སྡིངས་ཆའི་ཐོག་བྱ་དགའ་ལེན་པའི་གཟི་བརྗིད་ཀྱི་དུས་སྐབས་མཉམ་སྤྱོད་བྱས་ཡོད། ཚོགས་ཆུང་ཁག་ལ་དཔེ་དམག་ཚོའི་བརྙན་ལམ་ཐུང་གྲས་དང་། དཔྱད་འདེམས་ཨུ་ལྷན་གྱིས་དཔེ་དམག་ཚོར་བྱ་དགའ་སྤྲོད་པའི་ཤིས་ཚིག་སྒྲོག་སྦྱངས་བྱེད་པ།  དཔེ་དམག་ལ་བཅར་འདྲི་བྱེད་པ།  རིག་རྩལ་འཁྲབ་སྟོན་སོགས་ལྷུ་ཚིགས་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་། སྐབས་དེའི་རྣམ་པ་སླར་ཡང་མངོན་པ་དང་བརྩེ་སེམས་ཟབ་མོས་བྱས་རྗེས་བརྗོད་པ་སོགས་ཀྱི་རྣམ་པ་བརྒྱུད། དཔེ་དམག་བཅུའི་སྔོན་ཐོན་གྱི་བྱས་རྗེས་དང་བསམ་བློའི་རང་གཤིས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་དང་བོད་དམག་ཁུལ་ཁང་གི་དཔུང་སྡེ་འཛུགས་སྐྲུན་གྱི་གྲུབ་འབྲས་དང་རྒྱ་ཆེའི་དཔོན་དམག་ཚོའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།

        བྱ་དགའ་སྤྲོད་པའི་མཛད་སྒོ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་དཔུང་སྡེའི་དཔོན་དམག་ཡོངས་ལ་ཐད་གཏོང་བྱས་ཏེ། དཔོན་དམག་ཁྲི་ཕྲག་མང་པོས་ཐུན་མོང་ཐོག་སློབ་ཚན་ཉན་པ་དང་ཐུན་མོང་ཐོག་དཔེ་དམག་གི་ཉམས་འགྱུར་བདེན་དཔང་བྱས་ནས་དཔེ་མཚོན་གྱི་གཟི་བརྗིད་མཉམ་དུ་མྱོང་རོལ་བྱས་ཡོད། ཚང་མས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་སྟེ་དམག་དཔུང་སྟོབས་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་པ་དང་མངའ་ཁོངས་ཀྱི་བདག་དབང་ཆ་ཚང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། དམག་ཁུལ་ཁང་གི་དམག་གྲབས་དང་དམག་རྒྱག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།