དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁོ་ཚོས་ལོ་གསར་གྱི་སྐབས་སུ་ལས་གནས་གཏན་སྲུང་བྱས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་ལ་སྲུང་སྐྱོབ་བྱས།

སྤེལ་དུས 2021-02-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ད་ལོའི་ལོ་གསར་གྱི་སྐབས་སུ་བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གི་རུ་མི་ཚོས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ཡོད། ཁྱིམ་མི་ལྷན་འཛོམས་ཀྱི་བདེ་སྐྱིད་ལྡན་པའི་དུས་སྐབས་འདིར་ནགས་ཚལ་མེ་གསོད་རུ་མི་ཚོས་ལྗང་མདོག་གི་སྐྱེ་ཁམས་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་དང་མེའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།
 
གནམ་གང་དགོང་མོར་མེ་འགོག་སྐོར་གཡེང་བྱེད་པ། 
 
མེ་འགོག་རུ་མིས་གནམ་གང་དགོང་མོར་ས་ལ་ཆུ་གཏོར་བཞིན་པ།
          ལོ་ངོ་མང་པོའི་རིང་ལ་རུ་འབྲིང་གི་མེ་གསོད་རུ་མིའི་སེམས་སུ་ཉིང་ཁྲི་ནི་ཁོ་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན་པ་དང་། ལྗང་མདོག་གི་མཚོ་མོ་ནི་ཁོང་ཚོའི་ཁྱིམ་ཚང་ལྟ་བུ་ཡིན་པར་འདོད་ཡོད། གང་དུ་དགོས་མཁོ་ཡོད་ན་དེ་གར་མེ་གསོད་པའི་གཟུགས་བརྙན་མཐོང་ཐུབ་ལ།  གང་དུ་ཉེན་ཁ་ཡོད་ན་ཁོ་ཚོ་དེ་རུ་ཐོན་ཡོད། 
ནམ་རྒྱུན་དང་འདྲ་བར། གནམ་གང་སླེབས་སྐབས་ཡང་ཁོ་ཚོ་ཞོགས་པའི་མལ་ལས་ལངས་པའི་ཅོང་བརྡ་དང་འགྲོགས་ནས་གཉིད་ལས་སད་ཅིང་། གྱོན་པ་གོན་པ་དང་། གྲལ་སྒྲིག་པ། མཉམ་དུ་ཚོགས་པ། མི་གྲངས་རྩི་བ་སོགས་བརྒྱུད་རྗེས།  གདོང་པ་འཁྲུད་པ་དང་།  ཁང་པའི་ཕྱི་ནང་ལ་གཙང་སྦྲ་བྱས་ཤིང་། འདི་ལྟར་ཁོ་ཚོས་རང་ཉིད་ཀྱི་ཁྱད་ཆོས་ལྟར་སོ་སོར་དབང་བའི་གནམ་གང་གི་ཉིན་མོ་བསུས་པ་རེད། 
  
མེ་གསོད་སྦྱོང་བརྡར་བྱེད་པ། 
 
མེ་འགོག་ཞིབ་བཤེར་བྱེད་པ། 
          “ཏིར། ཏིར། ཏིར། ”  བྲེལ་འཚུབ་འདུ་ཚོགས་ཀྱི་དུང་བརྡའི་སྒྲ་གསལ་ལ་ཐུང་བ་དེ་གྲགས་རྗེས། རུ་མི་ཡོངས་ཀྱིས་སོ་སོའི་ལག་ནང་གི་ལས་ཀ་མཚམས་བཞག་ཏེ། དྲག་ཆས་སྤྲས་ནས་ལྷན་དུ་འདུས་ཤིང་། འཕྲལ་དུ་མེ་སྐྱོན་འགོག་པའི་སྦྱོང་བརྡར་བྱས་པ་རེད།  
          སྦྱོང་བརྡར་བརྡ་ཁྱབ་བཏང་བའི་གནས་ཚུལ་ལ་གཞིགས་ཏེ། ཁོ་ཚོས་ལས་འགན་སྒྲུབ་པའི་ཁྱབ་ཁོངས་དང་། ས་དབྱིབས། ས་ངོས་ཀྱི་ཁྱད་ཆོས་སོགས་དང་ཟུང་འབྲེལ་བྱས་ཏེ། སྒྲིག་ཆས་དང་ལག་ཆ་སོགས་ལུགས་དང་མཐུན་པར་རླངས་འཁོར་དུ་བཞག་ནས། གོ་རིམ་ལྡན་ཞིང་གྲ་དག་པའི་སྒོ་ནས་རླངས་འཁོར་དུ་འཛེག་རྗེས་གཏན་ཁེལ་བྱས་པའི་ལས་འགན་ས་ཁོངས་ཀྱི་ཕྱོགས་སུ་སོང་།  སྦྱོང་བརྡར་མཇུག་རྫོགས་རྗེས་རུ་མི་རྣམས་ཀྱིས་ཁོ་ཚོའི་ལོ་གསར་གྱི་དུས་ཆེན་ལ་གྲ་སྒྲིག་བྱས་པ་རེད།  
 
གནས་སྐབས་མེ་འགོག་ཞིབ་བཤེར་ས་ཚིགས་བཙུགས་པ།
 
ལོ་གསར་གྱི་ཟ་མ།
           མུན་རུབ་ལ་ཉེ་བའི་སྐབས་སུ་ལྒང་ཞུ་མཁའ་ལ་བཏེགས་ཤིང་། བཅུད་ལྡན་ཟས་རིགས་སྣ་ཚོགས་ཀྱི་གནམ་གང་གི་ཟ་མ་བསྒྲིགས་པ་དང་། ཚང་མས་མཐའ་ནས་བསྐོར་ཏེ་བཟའ་བཅའི་བྲོ་བ་ལོངས་སུ་སྤྱོད་བཞིན་ནགས་ཚལ་མེ་གསོད་དཔུང་ཁག་གི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཉམས་སུ་མྱངས་པ་རེད། 
           ལོ་གསར་གནམ་གང་དགོང་མོའི་ཟ་མ་ཟས་ཚར་རྗེས། རུ་འབྲིང་གིས་སྐོར་ཞིབ་ཡན་ལག་རུ་ཁག་བཏང་སྟེ་གནད་འགག་གི་ལམ་མདོ་སོ་སོར་གནས་སྐབས་མེ་འགོག་ཞིབ་བཤེར་ས་ཚིགས་བཙུགས་ཤིང་། སྣུམ་སྣོན་ས་ཚིགས་ཀྱི་ཉེ་འཁོར་དུ་སྐོར་གཡེང་ཚོ་ཆུང་མངགས་པ་དང་། མེ་གསོད་ཆུ་འཁོར་སྤྱད་དེ་ཉེ་འཁོར་གྱི་གཙོ་གནད་ནགས་ཁུལ་དུ་ཆུ་གཏོར་ནས་བརླན་པར་བྱས་པ་དང་། མེ་སྐྱོན་འབྱུང་བའི་རྐྱེན་ངན་ཆུང་ས་ནས་མེད་པར་བཏང་ལ། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་དགའ་འཛོམས་ཀྱི་ལོ་གསར་གནམ་གང་དགོང་མོ་ཞིག་རོལ་ཐུབ་པར་འགན་ལེན་བྱས་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།