དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གསར་བརྗེའི་འཕྲིན་ཡིག་ཀློག་འདོན་བྱེད། ཏང་གི་ལོ་རྒྱུས་སློབ་སྦྱོང་ཞིང་པའི་ཁྱིམ་དུ་བསྐྱོད།

སྤེལ་དུས 2021-04-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
——བོད་ལྗོངས་གོང་དཀར་རྫོང་ཁྱིམ་བཞི་ཞང་གིས“གསར་བརྗེའི་འཕྲིན་ཡིག་མཉམ་གཅིག་ཏུ་ཀློག་འདོན་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཁྱིམ་བཞི་ཞང་དུས་རབས་གསར་པའི་ཤེས་དཔལ་ལག་བསྟར་སུའོ(ས་ཚིགས)ཡིས་དང་བླངས་པའི་སྒྲོག་འགྲེལ་རུ་དཔུང་གི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། “གསར་བརྗེའི་འཕྲིན་ཡིག་མཉམ་གཅིག་ཏུ་ཀློག་འདོན་བྱེད”པའི་མུ་འབྲེལ་བྱེད་སྒོ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དང་། ཏང་གི་གསར་གཏོད་ཀྱི་གཞུང་ལུགས་མང་ཚོགས་ཀྱི་ཁྱིམ་དུ་ཟབ་ཞུགས་བྱེད་དུ་བཅུག་པ་རེད།
དང་བླངས་པས་མང་ཚོགས་ཀྱི་ཁྱིམ་དུ《གསར་བརྗེའི་འཕྲིན་ཡིག》སྒྲོག་འགྲེལ་བྱེད་བཞིན་པ།
        “གསར་བརྗེའི་འཕྲིན་ཡིག”གི་གཙོ་གནད་འབུར་ཐོན་ཡིན་ཞིང་། བརྗོད་དོན་ཁ་གསལ་ཞིང་གོ་བདེ་བ་དང་མདོར་བསྡུས་ཡིན་པ་གཞི་རྩ་བྱས་ཏེ། རྒྱ་བོད་སྐད་རིགས་གཉིས་ཀྱི་རྣམ་པས་ཞང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཞིང་པའི་དུད་ཁྱིམ་ལ་བྲིས་པའི་ཡི་གེ་ཞིག་ཡིན་ཞིང་། དེ་ནི་དུས་རབས་གསར་པའི་ཤེས་དཔལ་ལག་བསྟར་སུའོ(ས་ཚིགས)ཡི་དང་བླངས་པས་བརྒྱུད་སྤྲོད་བྱེད་པར་མ་ཟད། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དངོས་ཡོད་དང་ཉེ་བར་བཅར་ནས་གདོང་གཏད་ཀྱིས་འགྲེལ་བརྗོད་བྱེད་པ་ཞིག་ཡིན།
        “གསར་བརྗེའི་འཕྲིན་ཡིག”ཨང་དང་པོ་ཡིས་གཙོ་བོ་ཚང་མར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱེད་དགོས་པའི་གལ་ཆེའི་དོན་སྙིང་དང་། དམིགས་འབེན་གྱི་བླང་བྱ། སློབ་སྦྱོང་གི་ནང་དོན་དང་།  “ཡར་ལོངས་ལྔའི”བྱེད་སྒོའི་འབྲེལ་ཡོད་ནང་དོན་ལ་རྒྱུས་ལོན་བྱེད་དུ་འཇུག་པ་ཡིན། “གསར་བརྗེའི་འཕྲིན་ཡིག”ཨང་གཉིས་པས“‘གྲུ་གཟིངས་དམར་པོའི་སྙིང་སྟོབས’དང་། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན”བྱེད་པ་བརྗོད་གཞི་བྱས་ཏེ། “ཏང་ཆེན་པོ་གཅིག་དང་གྲུ་གཟིངས་ཤིག་གི”གཏམ་རྒྱུད་བརྗོད་ནས་ཚང་མར་འཇིག་རྟེན་གསར་སྐྲུན་དང་། སྒྲུབ་ཕོད་པའི་གསར་གཏོད་ཀྱི་སྙིང་སྟོབས་ལ་གོ་བ་གཏིང་ཟབ་ལོན་པར་བྱས་ཏེ། ཕུགས་བསམ་བརྟན་པོ་དང་འབད་བརྩོན་གྱི་སྙིང་སྟོབས་བརྗོད་ནས་སྤྱི་དོན་དུ་ཏང་འཛུགས་པ་དང་། མི་དམངས་ཀྱི་ཆེད་དུ་བློ་སེམས་དཀར་པོའི་སྙིང་སྟོབས་བརྗོད་པ་རེད།
དང་བླངས་པས་ཞིང་ཁའི་བར་དུ་མང་ཚོགས་ལ《གསར་བརྗེའི་འཕྲིན་ཡིག》སྒྲོག་འགྲེལ་བྱེད་བཞིན་པ།
        མཚམས་སྦྱོར་བྱས་པ་ལྟར་ན།  “གསར་བརྗེའི་འཕྲིན་ཡིག་མཉམ་གཅིག་ཏུ་ཀློག་འདོན་བྱེད་པའི”མུ་འབྲེལ་བྱེད་སྒོ་བསྟུད་མར་སྤེལ་བ་ནི། གཙོ་བོ་འཕྲིན་ཡིག་རེ་རེ་བརྒྱུད་ནས་ཏང་ཡོན་ལས་བྱེད་མང་ཚོགས་དང་། གྲྭ་བཙུན། ལོ་ཆུང་གཞོན་ནུ་དང་སློབ་མར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་ཤེས་རྟོགས་བྱ་བར་སློབ་གསོའི་སྣེ་སྟོན་བྱས་ཏེ། ཏང་གི་འབད་བརྩོན་གྱི་བརྒྱུད་རིམ་ཡིད་ལ་དམ་པོར་བཟུང་ནས་ལས་དོན་སྒྲུབ་པའི་སྤྲོ་སེམས་དང་ངར་ཤུགས་སྐུལ་སློང་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བཙུགས་ནས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་བློ་སེམས་སྔར་བས་བརྟན་པོར་བཏང་བ་རེད།
        མིག་སྔའི་བར།  “གསར་བརྗེའི་འཕྲིན་ཡིག”གཉིས་བསྐུར་ཞིང་། བསྡོམས་པས་འཕྲིན་ཡིག1328ཡོད་པ་དང་། ཕན་ཐོབ་པའི་མི་གྲངས་2392ལྷག་ཡོད་པ་རེད།