དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རི་གྲོང་ཆུང་ཆུང་གིས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་བྲིས།

སྤེལ་དུས 2021-04-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མདོ་ཡུལ་གྲོང་ཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་གནས་ཤིང་ས་ཐག་ཅུང་རིང་བ་ཡིན། དེ་ནི་ལྷོ་པ་མི་རིགས་འདུས་སྡོད་བྱེད་གནས་དང་། རང་རྒྱལ་གྱི་མཐའ་མཚམས་ཀྱི་སོ་ལྟ་མདུན་མའི་གྲོང་ཚོ་ཞིག་ཡིན། གནས་འདིར་སྔོན་ཆད་ཐོན་ལས་སྣ་རྐྱང་ཡིན་པ་དང་འཕེལ་རྒྱས་ཀྱི་ཆུ་ཚད་ཅུང་རྗེས་ལུས་ཡིན་པས། མང་ཚོགས་ཀྱི་འཚོ་བའི་རྣམ་པར་ཡང་བསྒྱུར་བཅོས་བྱེད་དགོས་པར་ཐུགཡོད།
        ཀུན་བཟང་ནི་བསམ་བློ་ཡོད་ཅིང་སྤོབས་པ་ཆེ་བའི་བུ་མོ་ཞིག་ཡིན་ཞིང་། ཁོ་མོ་ནི2013ལོར་ལས་ཀར་ཞུགས་ཏེ་ལྷུན་རྩེ་རྫོང་མདོ་ཡུལ་ཤང་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཞིག་ཏུ་གྱུར་པ་དང་། 2019ལོར་ལོ་ན28ལ་སོན་པའི་ཀུན་བཟང་གིས་རང་འགུལ་ངང་མདོ་ཡུལ་གྲོང་ཚོར་སོང་ནས་ཧྲུའུ་ཅི་དང་པོའི་འགན་བཞེས་རྒྱུའི་རེ་འདུན་ཞུས་ཤིང་། ལོ་ངོ་འགའི་དུས་ཚོད་ཐུང་ངུའི་ནང་རི་གྲོང་ཆུང་ཆུང་འདིར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།
        ཀུན་བཟང་གིས་ལས་འགན་བཞེས་པ་ནས་བཟུང་། རྒྱུན་དུ་ཁྱིམ་ཚང་སོ་སོར་སོང་ནས་མང་ཚོགས་དང་ཁ་བརྡ་བྱས་ཏེ། ཁོ་མོས་དུད་ཁྱིམ་སོ་སོའི་གནས་ཚུལ་རྒྱུས་ལོན་ཁ་གསལ་ཡང་དག་བྱས་ནས་གྲོང་ཚོའི་ནང་གི་“མ་ལུས་ཀུན་ཤེས”སུ་གྱུར་པ་དང་། སུ་ཚང་ལ་དཀའ་ངལ་ཡོད་ཚེ་ཁོ་མོས་དུས་ཐོག་ཏུ་ ཡོང་ནས་ཐག་གཅོད་བྱེད། མང་ཚོགས་ཀྱིས་ཀྱང་ཁོ་མོ་ཕྱི་མི་ཞིག་ལ་མི་བརྩི་བར་ཟ་མ་ཞིམ་པོ་ཞིག་ལས་ཚེ་གྲོང་ཚོའི་ཨུ་ལྷན་དུ་འཁྱེར་ཡོང་ནས་ཀུན་བཟང་ལ་བྲོ་བ་མྱངས་སུ་འཇུག་པ་ཡིན། 
        ཀུན་བཟང་ནི་མང་ཚོགས་དང་འབྲེལ་འདྲིས་ཆེ་ཞིང་རྒྱུས་ཡོད་པའི་སྐད་ཆ་དང་གོ་བདེ་བའི་རྣམ་པས་ཏང་གི་ལམ་ཕྱོགས་དང་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་བྱེད་པར་མཁས་པས། མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་འཐོབ་སྟེ་ལས་ཀ་བསྒྲུབ་ནའང་རང་བཞིན་གྱིས་བསམ་དོན་ལྷུན་གྲུབ་ཡིན།
མང་ཚོགས་ལ་རྩྭ་འབྲེག་རོགས་བྱེད་པའི་ཀུན་བཟང་།
        ཕན་ཚུན་ལ་བརྩི་བཀུར་བྱེད་པ་ནི་ལས་ཀའི་འགལ་ཟླ་མེད་པར་བཟོ་བའི་འཇམ་འདྲེད་བྱེད་རྫས་ཡིན་ཞིང་། ཀུན་བཟང་གྲོང་ཚོའི་ “ཨུ་ལྷན་གཉིས་”ཀྱི་འགོ་ཁྲིད་ཚོ་ཆུང་དང་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ཏེ་ཕྱོགས་ཡོངས་ནས་གནད་དོན་ལ་ལྟ་བ་དང་། མི་སོ་སོའི་བསམ་ཚུལ་ལ་ཉན་པ་དང་འདོད་ཚུལ་ལ་བརྩི་བཀུར་བྱས་ཏེ། རང་ཉིད་ཀྱི་ལྟ་བ་དང་བསམ་ཚུལ་འདོན་པ་ཡིན། མིག་སྔར། མདོ་ཡུལ་གྲོང་ཚོས་མཐོ་སྒང་དུ་འདེབས་པའི་མ་རྨོས་ལོ་ཏོག་གི་འདེབས་འཛུགས་ཁྱབ་སྤེལ་བཏང་སྟེ། གྲོང་ཚོའི་ཕྱུགས་ཟོག380ལྷག་གི་དགུན་ཁའི་གཟན་རྩྭའི་གནད་དོན་ཐག་གཅོད་བྱས་པ་དང་།  ཁྲིམས་མཐུན་གྱིས་བྱེ་རྡོ་བསྔོག་འདོན་བྱས་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཐད་སྒོར་ཁྲི110ལྷག་གི་ཡོང་འབབ་བླངས་པ། རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་རྒྱུད་འཛིན་པ་གསོ་སྐྱོང་བྱས་པ་སོགས་ཀྱི་གོམ་སྟབས་རེ་རེའི་འཕེལ་རྒྱས་ཀྱི་རྒྱབ་ཕྱོགས་ཚང་མར་ཁོ་མོའི་འབད་བརྩོན་དང་བློས་གཏོང་ཡོད་པ་རེད།
མང་ཚོགས་ལ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་དྲིལ་སྒྲོག་བྱེད་པའི་རྣམ་པ།
        སེམས་པ་མང་ཚོགས་སུ་གཏད་པ་ནི་ཀུན་བཟང་གི་ལས་ཀའི་སྒུལ་ཤུགས་ཀྱི་ཁུངས་ཡིན་ཞིང་། ཞིང་ཁ་དང་མུ་ཁ། གྲོང་ཚོའི་རྒྱབ་མདུན་ཚང་མར་ཁོ་མོའི་གཟུགས་བརྙན་དང་། ཁོ་མོས་བཞག་པའི་རྐང་རྗེས་མཐོང་ཐུབ་ཀྱི་ཡོད། གྲོང་ཚོའི་རྒན་རྒོན་གྱི་ཁ་པར་ལ་གྲོན་དངུལ་སྤྲོད་པ་དང་། ངལ་རྩོལ་ནུས་ཤུགས་མེད་པའི་ཁྱིམ་ཚང་ལ་ལོ་ཏོག་བསྡུ་རོགས་བྱེད་པ། གུང་གསེང་བཏང་ཟིན་པའི་སློབ་མར་སློབ་སྦྱོང་གི་རྒྱུ་ཆ་བསྐྱར་དཔར་བྱེད་པ་སོགས་“བྱ་བར་ཆེ་ཆུང་མེད་རུང་། དོན་ཀུན་འགྲུབ་པ་ཁོ་ཐག་ཡིན”ཅེས་ཁོ་མོའི་རོགས་མ་བྱས་པ་གཅིག་ཀྱང་མེད།
        བློ་སེམས་དཀར་པོའི་བདེན་གཏམ་དང་།  ཟོལ་མེད་ཀྱི་བརྩེ་བའི་དངོས་ཚོར། དངོས་ཐོག་གི་བྱ་སྤྱོད་ནི་ཀུན་བཟང་གི་བརྩེ་དུང་ངོ་མ་ཡིན་ཞིང་། ཁོ་མོས་བློ་སེམས་དཀར་པོ་གཏད་ནས་མང་ཚོགས་ཀྱི་ཟོལ་མེད་ཀྱི་བརྩེ་བ་འཐོབ་པ་རེད། ད་སྐབས་ཀྱི་མདོ་ཡུལ་གྲོང་ཚོའི་གྲོང་མིའི་དངུལ་ཁུག་ཇེ་མཐུག་ཏུ་གྱུར་པ་དང་། འཚོ་བའང་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་སོང་སྟེ། རི་གྲོང་ཆུང་ཆུང་གིས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་འབྲི་བཞིན་ཡོད།