དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་བོད་ལྗོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2021-05-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཟླ་5ཚེས་19ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་ཕེབས་ནས་རང་ལྗོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། འདི་ནི་ཝུའུ་དབྱིང་ཅེས་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སྐྱིད་གཤོངས་སྡེ་ཁུལ་དུ་སྐབས་བརྗེའི་ལས་དོན་སྐོར་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།
         ཚེས་19ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་ཕེབས་ནས་རང་ལྗོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།
         ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།
         ཉིན་ཤས་གོང་། གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སྐྱིད་གཤོངས་སྡེ་ཁུལ་གྱིས“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། རྩ་འཛུགས་ཀྱི་ཁས་ལེན་ཐོབ་པ་དང་མང་ཚོགས་བློ་ཡིད་ཚིམ་པའི་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་ཁག་གཅིག་ཚན་ཁག་ནང་ཞུགས་ནས“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་100%ནི་ཏང་ཡོན་ཡིན་པའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། སྡེ་ཁུལ་གྱི་སྐབས་བརྗེའི་ལས་དོན་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།
         “སྡེ་ཁུལ་ལ་འདེམས་དམངས་ག་ཚོད་ཡོད་དམ། སྐབས་བརྗེའི་འདེམས་ཤོག་འཕེན་ཚུལ་ཇི་འདྲ་བྱུང་ཡོད”ཅེས་ཝུའུ་དབྱིང་ཅེས་བཀའ་འདྲི་གནང་།
         ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གིས་སྡེ་ཁུལ་དུ་གྲོང་མི་1324ཡོད། ད་ཐེངས་སྐབས་བརྗེའི་ལས་དོན་ནང་ལོ་18ཡན་ཟིན་པའི་འདེམས་དམངས་866ཚང་མ་འདེམས་ཤོག་འཕེན་པའི་ནང་ཞུགས་པ་དང་། འོས་མི་དེ་དག་ལ་འདེམས་ཤོག་མང་པོ་ཐོབ་ནས་བདམས་ཐོན་བྱུང་ཡོད་ཅེས་ཝུའུ་དབྱིང་ཅེར་ཞུས།
         ཝུའུ་དབྱིང་ཅེས་སྐབས་བརྗེའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་ལེན་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་མཁར་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ཏང་ཡོན་གྱིས་ཆོས་ལ་དད་པ་བྱེད་མི་ཆོག་པ་དང་དེ་བས་ཆོས་ལུགས་བརྒྱུད་སྤེལ་དང་འཕེལ་རྒྱས་གཏོང་མི་ཆོག་པའི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་འབྲེལ་ནང་མི་དང་མཐའ་འཁོར་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ཆོས་ལུགས་ཀྱི་འཛད་སྤྱོད་ཉུང་དུ་གཏོང་བ་བཅས་བྱས་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་ཞེས་གསུངས་པ་རེད།
         གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཝུའུ་དབྱིང་ཅེ་སྐྱིད་གཤོངས་གྲོང་རྡལ་དུ་ཕེབས་ནས་སྐབས་གསར་པའི་ཏང་ཨུད་ཚན་ཁག་གི་འཁོར་སྐྱོད་དང་མི་དམངས་འཐུས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཝུའུ་དབྱིང་ཅེས། སྐབས་གསར་པའི་ཏང་ཨུད་ཚན་ཁག་ལ་རྣམ་པ་གསར་པ་ཡོད་དགོས་པ་དང་། དང་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བཅས་བྱས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར་ཕན་ཚུན་གཞོགས་འདེགས་གང་ལེགས་བྱས་ནས། བརྟན་ལྷིང་སྲུང་སྐྱོང་ལས་དོན་དེ་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་དམངས་འཚོའི་ལས་དོན་ལ་སྐུལ་འདེད་གཏོང་པ་དེ་དབུལ་སྒྲོལ་འགག་སྒྲོལ་དང་། མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་གྱི་ཆ་རྐྱེན་ལེགས་སུ་གཏོང་བ། “ཡོད་མེད”ཀྱི་གནད་དོན་ཐག་གཅོད་བྱེད་པ་བཅས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “ཡག་པོ་ཡོད་མེད”མངོན་འགྱུར་བྱེད་པ་བཅས་ཀྱི་ཕྱོགས་སུ་སྐྱོད་དགོས། ཐོག་མཐའ་བར་གསུམ་དུ“རྒྱལ་སྲིད་ནི་མི་དམངས་དང་། མི་དམངས་ནི་རྒྱལ་སྲིད་ཡིན་པ”བློ་ལ་བརྟན་པོར་འཆང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རང་རྟོགས་ངང་ལག་ལེན་བསྟར་བ། ཐབས་བརྒྱ་ཇུས་སྟོང་ངང་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྩ་འཛུགས་ཀྱི་ཡིད་ཆེས་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་དགོས་ཞེས་གསུངས་པ་རེད།
         དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་ལྷོ་ཁ་གྲོང་ཁྱེར་དང་གོང་དཀར་རྫོང་གི་རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་གནས་ཚུལ་སྙན་སེང་གསན་པ་དང་རིམ་ཁག་སྡེ་ཚན་ཁག་གིས་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་ཆེད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྐབས་བརྗེའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
         ཝུའུ་དབྱིང་ཅེས་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བླང་བྱ་ཁོང་དུ་ཡང་དག་ཆུད་པའི་ཐད་ཤུགས་རྒྱག་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་དེ་བཞིན་སྐབས་བརྗེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྐབས་བརྗེའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་།
         གཉིས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་གིས་སྐབས་བརྗེའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཤུགས་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་སྐབས་བརྗེའི་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས། ཏང་ཨུད་ཀྱི་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཡག་པོ་ཁུར་ནས་སྐབས་བརྗེའི་ལས་དོན་སེམས་ནང་འཇོག་པ་དང་། དམ་འཛིན། ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་བཅས་བྱས་ཏེ། རང་ངོ་མས་དམ་འཛིན་དང་དམ་འཛིན་ཞིབ་ཕྲ་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ཚན་ཁག་གི་ཁོངས་མིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་ལས་བགོས་ཁ་གསལ་བརྒྱབ་སྟེ་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་དགོས་པ།
         གསུམ་ནས་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལས་འགན་འཁུར་བའི་ཆ་རྐྱེན་ནན་དུ་གཏོང་བའི་ཐད་ཤུགས་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང“དམིགས་བསལ་གསུམ”གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་རྫོང་ཨུད་ཧྲུའུ་ཅིར་བཏོན་གནང་བའི“ཡོད་པ་བཞི”སོགས་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་གཙོ་བོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཡུལ་ས་གཙོ་བོ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་འཐབ་ས་དང་པོ་བཅས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཛ་དྲག་པ་དང་། དཀའ་ངལ་ཆེ་བ། ཉེན་ཁ་ཆེ་བ་བཅས་ཀྱི་ལས་འགན་ཁྲོད་ལས་བྱེད་པ་ཤེས་རྟོགས་དང་སྤྱོད་རྒྱུར་མཐོང་ཆེན་བྱེད་པ་དང་། ལྷག་པར་དུ་ཏང་ལ་བློ་དཀར་སེམས་དཀར་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལངས་ཕྱོགས་བརྟན་པ། མི་རིགས་ཆོས་ལུགས་སྲིད་ཇུས་ལ་རྒྱུས་མངའ་ཆེ་བ། “ལྟ་བ་ལྔ”དང“སྨྲ་བ་གཉིས”ཡང་དག་འཛུགས་པ། རྙོག་འཛིང་ཆེ་བའི་གནས་ཚུལ་ཐག་གཅོད་བྱེད་པར་མཁས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་པ་སོགས་ཀྱི་ཚད་གཞི་ནན་པོར་གཞིགས་ཏེ། དམ་འཛིན་བྱེད་ཕོད་པ་དང་དོ་དམ་བྱེད་མཁས་པ་དང་འཐབ་རྩོད་བྱེད་ཕོད་པའི་ལས་བྱེད་པ་དང་། འཇོན་ཐང་ལྡན་པའི་ལས་བྱེད་པ། སྤྱོད་ཚུལ་ལེགས་ལ་དཀའ་སྤྱད་སྙིང་རུས་ཆེ་བ་དང་། དབང་ཆ་དྲང་གཞག་སྤྱོད་པ། རང་གཅུན་ནན་པ་བཅས་ཀྱི་ལས་བྱེད་པ་འདེམས་དགོས། ཕུལ་བྱུང་གཞོན་ནུ་ལས་བྱེད་པ་གདམ་གསེས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པའི་དཔུང་ཁག་གི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་དགོས། ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་ས་བབ་མཐོ་དམའ་དང་། མཐའ་མཚམས་ཀྱི་ལྟེ་བ། བྱ་གཞག་དང་ཁེ་ལས་སོགས་ས་ཁོངས་དང་ལས་རིགས་མི་འདྲ་བའི་ལས་བྱེད་པ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས་པ།
         བཞི་ནས་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཐད་ཤུགས་རྒྱག་དགོས། “བརྟན་པོ་འཛུགས་པ་གསུམ”མཐའ་འཁྱོངས་བྱེད་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པ། “གཏན་འགོག་བཅུ”ཡི་སྐབས་བརྗེའི་སྒྲིག་ཁྲིམས་དོན་འཁྱོལ་ནན་པོ་བྱེད་པ། སྐབས་བརྗེའི་དར་སྲོལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་ནན་དུ་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། མི་འདེམས་མི་སྤྱོད་ཀྱི་ཚུལ་མིན་སྤྱོད་ཚུལ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ལས་བྱེད་པར་རྟོག་ཞིབ་བྱེད་པའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ལས་བྱེད་པ“སྐྱོན་ཅན་གནས་སྤོར”གཏན་ནས་བྱེད་མི་རུང་། བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་ཏང་ཡོན་ལས་བྱེད་པར་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ་དང་། གནས་སྤོར་དང་། རྒན་ཡོལ། རང་སོར་འཇོག་པ། ལས་བསྒྱུར་བཅས་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱས་ཏེ། རྩ་འཛུགས་ཀྱི་བཀོད་སྒྲིག་རང་འགུལ་ངང་དང་ལེན་ཞུ་རྒྱུའི་སློབ་གསོ་གཏོང་དགོས། ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དྲང་ཕྱོགས་ཀྱི་དཔེ་མཚོན་ལ་བརྟེན་ནས་ལས་བྱེད་པར་སྐུལ་མ་གཏོང་བ། ལྡོག་ཕྱོགས་ཀྱི་དཔེ་མཚོན་དྲངས་ནས་ལས་བྱེད་པར་ཉེན་བརྡ་གཏོང་བ། གསར་དུ་སླེབས་པའི་ཚན་ཁག་གི་ཁོངས་མིར་དུས་དང་རྣམ་པ་ཀུན་ཏུ་རང་གཅེས་དང་། རང་ཟོན། རང་སྐུལ་བཅས་བྱ་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། རང་ཉིད་དང་། གཉེན་ཉེ། ཉེ་འགྲམ་གྱི་ལས་དོན་མི་སྣ་བཅས་ལ་དོ་དམ་ཡག་པོ་བྱེད་པ། ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱེད་དགོས། ཏང་ཡོན་ལས་བྱེད་པའི་བསམ་བློའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“དེ་བས་གསུམ”གྱི་ཆེད་དོན་སློབ་གསོར་སྐུལ་འདེད་བཏང་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ།
         ལྔ་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ་རྣམ་པ་གསར་པ་ཆགས་རྒྱུར་ཤུགས་རྒྱག་དགོས། སྐབས་བརྗེའི་རྗེས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་དང་ཚན་ཁག་གི་ཁོངས་མིས“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བྱེད་པ། གནས་བབ་ལ་མགྱོགས་མྱུར་འགྱུར་ལྡོག་གཏོང་བ། བརྟག་ཞིབ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ས་གནས་དེ་གའི་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། འཕེལ་རྒྱས་ཀྱི་ངེས་གནས་གནད་འཁེལ་འཚོལ་བ་བཅས་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལས་དོན་ཁག་འཆར་འགོད་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྔོན་གཏན་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ་བོད་སྐྱོར་གྱི་ལེགས་ཆ་ཡག་པོ་འདོན་པ་དང་། དམངས་འཚོ་སྔར་བས་ལེགས་སུ་གཏོང་བ། མི་སེམས་གཅིག་སྒྲིལ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅིའི“ཚད་གཞི་བཞི”དང“ཕན་པ་ལྔའི”བླང་བྱ་དོན་འཁྱོལ་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་དམིགས་ནས་མི་རིགས་ཁག་གི་མང་ཚོགས་ཐག་ཇེ་ཉེ་དང་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས་སེ་འབྲུའི་རྡོག་པོ་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་དར་སྤེལ་གཏོང་བ་དང་། ཚན་ཁག་གི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱེད་པ། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ་བཅས་བྱས་ནས་གོང་བུ་འགྲིལ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། སྐབས་བརྗེའི་ལས་དོན་གྱི་ལེགས་ཆ་དང་འགུལ་ནུས་ལ་བརྟེན་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།