དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གནོད་སེལ་རྒུད་སྐྱོབ་ཀྱི་དངོས་ཟོག་ཁག་དང་པོ་གནོད་ཐེབས་ཁུལ་དུ་འབྱོར་བ།

སྤེལ་དུས 2021-05-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སངས་སྐྱབས།

          ཟླ5པའི་ཚེས22ཉིན་གྱི་པེ་ཅིང་ཆུ་ཚོད2དང་སྐར་མ4ཡི་སྟེང་དུ་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་རིམ་པ7.4ཅན་གྱི་ས་ཡོམ་བྱུང་བ་རེད།    ཚེས22ཉིན་གྱི་ཆུ་ཚོད2དང་སྐར་མ30ཡི་སྟེང་མཚོ་སྔོན་ཞིང་ཆེན་གྱིས་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་གྱི་རིམ་པ་གཉིས་པའི་འཕྲལ་སྡོམ་བྱ་ཐབས་ལག་བསྟར་བྱེད་འགོ་ཚུགས། ས་ཡོམ་བྱུང་རྗེས་སུ་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གཅིག་ནས་འཕྲལ་མར་ས་ཡོམ་གྱི་གནས་ཚུལ་ཀྲུང་གོའི་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ཚོགས་པར་སྙན་སེང་ཞུས་ནས་དངོས་ཟོག་གི་རྒྱབ་སྐྱོར་ཐོབ་ཐབས་བྱས་པ་དང་། གཉིས་ནས་དུས་ཐོག་ཏུ་ཟོང་འདྲེན་རླངས་འཁོར་བཞི་གྲ་སྒྲིག་བྱས་ནས་སྲིང་བལ་གྱི་ཉལ་ཐུལ1000དང་། སྲིང་བལ་གྱི་རས་གུར200དང་། དམག་སྤྱོད་ཉལ་ཁྲི500དང་། སྲིང་བལ་གྱི་ཉལ་ཆས800དང་།  སྲིང་བལ་གྱི་སྟོད་གོས500དང་།  ཁ་རས40000བཅས་ཚེས22ཉིན་གྱི་ཆུ་ཚོད8གྱི་སྟེང་དུ་གནོད་ཐེབས་ཁུལ་དུ་བསྐྱལ་བ་དང་སྤྱིའི་རིན་ཐང་སྒོར1070500ཟིན་ཡོད། གསུམ་ནས་རྒྱ་གྲམ་དམར་པོ་འཚོལ་སྐྱོབ་རོགས་སྐྱོབ་རུ་ཁག་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་མུག་སྐྱོབ་རོགས་སྐྱོབ་རུ་ཁག(མཚོ་སྔོན)གི་མི50ལྷག་ཙམ་རྩ་འཛུགས་བྱས་ནས་བཀའ་ལ་སྒུག  བཞི་ནས་རྨ་སྟོད་རྫོང་དམངས་སྲིད་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་ཚོགས་ཆུང་དང་མུ་མཐུད་འབྲེལ་གཏུག་བྱས་ནས་དུས་ཐོག་ཏུ་གནོད་ཐེབས་གནས་ཚུལ་ལ་རྒྱུས་ལོན་བྱས། ལྔ་ནས་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་རིགས་རིམ་པIIའཕྲལ་སྡོམ་བྱ་ཐབས་ལག་བསྟར་བྱས།

          དེའི་རྗེས་ཀྱི་ལས་ཀ་གཙོ་བོ་ནི། གཅིག་ནས་ཀྲུང་གོའི་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ཚོགས་པ་དང་མུ་མཐུད་དུ་འབྲེལ་མཐུད་བྱས་ནས་མུ་མཐུད་དུ་རོགས་སྐྱོབ་དངོས་ཟོག་བརྩོན་ལེན་བྱ་རྒྱུ་དེ་ཡིན་པ་དང་། གཉིས་ནས་ལས་དོན་ཚོ་ཆུང་མངགས་ནས་ས་གནས་དངོས་སུ་གནོད་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྤེལ་བ་དང་། གསུམ་ནས་གནོད་འཚེའི་གནས་ཚུལ་དང་ཞིང་ཆེན་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་དུ་གནོད་སེལ་དངོས་ཟོག་གི་ཐད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཞི་ནས་ཞིང་ཆེན་གྱི་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར་དུ། ཡོམ་འགོག་གནོད་སེལ་སྐོར་གྱི་ལས་ཀའི་བླང་བྱ་ཁག་དོན་འཁྱོལ་ལེགས་པོ་བྱ་རྒྱུ་བཅས་སོ། །

          ཟླ5པའི་ཚེས22ཉིན་གྱི་ཆུ་ཚོད16པར།  མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《གནོད་སེལ་རས་གུར་བཀོད་གཏོང་རེ་ཞུ་བྱེད་པའི་སྐོར་གྱི་ཡི་གེ》ལ་གཞིགས་ནས།  ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་གནོད་སེལ་རྒུད་སྐྱོབ་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་ཞིབ་འཇུག་བྱས་པ་དང་འབྲེལ་ཧྲེང་ཀྲང་གཞོན་པ་ཁོང་ཡུང་གིས་ཆོག་མཆན་ཐོབ་རྗེས་སུ། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྲིང་བལ་གྱི་རས་གུར200ཡི་རྨང་གཞིའི་ཐོག་ཏུ་སླར་ཡང་སྒོར་ཁྲི132ཀྱི་རིན་གོང་ཡིན་པའི་སྲིང་བལ་གྱི་རས་གུར500བརྩོན་ལེན་ཐུབ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།