ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲུང་གོའི་མི་རིགས་ཞིབ་འཇུག་ཚོགས་པའི2021ལོའི་སྐབས་གཉིས་པའི་མཉམ་འབྲེལ་རིག་གཞུང་ཚོགས་ཆེན་ལན་ཀྲོའུ་སློབ་ཆེན་དུ་འཚོགས་པ།

སྤེལ་དུས 2021-07-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་ལོ་ཡིན་ཏེ།  ལོ་ངོ་བརྒྱ་ཡི་རིང་ལ་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་ཐོག་ཧང་སང་དགོས་པའི་ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན་གསར་སྐྲུན་བྱས་པ་དང་། ཡར་ལངས་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་དུ་མཆོང་བསྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་བ་རེད།  འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་དུ་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་བསྐྱོད་བཞིན་མཆིས།  ཉེ་ཆར་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་ཆེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཏུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།  “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་སྐྱོད་བགྲོད་ལམ་གསར་པ་དང་ཀྲུང་གོའི་མི་རིགས་རིག་པའི་མིའི་རིགས་རིག་པའི་ལས་འགན་གསར་པ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་མི་རིགས་ཞིབ་འཇུག་ཚོགས་པའི2021ལོའི་སྐབས་གཉིས་པའི་མཉམ་འབྲེལ་རིག་གཞུང་ཚོགས་ཆེན་ལན་ཀྲོའུ་སློབ་ཆེན་དུ་རྒྱལ་ཁའི་ངང་འཚོགས་པ་རེད།  
ཚོགས་ཞུགས་མི་སྣའི་མཉམ་པར།
          ཐེངས་འདིའི་ཚོགས་ཆེན་དེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་སུའོ་དང་ལན་ཀྲོའུ་སློབ་ཆེན། ཀྲུང་གོའི་མི་རིགས་ཞིབ་འཇུག་ཚོགས་པ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་དང་ལན་ཀྲོའུ་སློབ་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་ཞིབ་འཇུག་སྐྱེད་སྲིང་རྟེན་གཞིས་སྒྲུབ་འགན་འཁུར་བ། ཀྲུང་གོའི་མི་རིགས་རིག་པའི་སློབ་ཚོགས་སོགས་སྡེ་ཚན་གྱིས་རོགས་སྒྲུབ་གནང་བ་རེད།  ལན་ཀྲོའུ་སློབ་ཆེན་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་སུའོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་མཐུན་སྦྱོར་སྐུལ་འདེད་སིའི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་འབྲེལ་ཡོད་རིག་གཞུང་ཚོགས་པ་དང་མཐོ་སློབ་ཀྱི་ཆེད་མཁས120ཚོགས་འདུར་ཞུགས་ཡོད་པ་རེད།  
          ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་སྟེང་དུ།  ལན་ཀྲོའུ་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་ཤིས་ཚིག་གསུང་སྐབས། ཐེངས་འདིའི་ཚོགས་འདུ་དེ་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ཏེ། ཕུགས་རྒྱང་རིང་ལ་དམིགས་ཚད་ཁ་གསལ་ཡིན་པས་མི་རིགས་རིག་པའི་ལས་རིགས་ཀྱི་མཁས་དབང་ཚོའི་གོ་རྟོགས་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཡོད་ཅིང་།  ཚོགས་ཞུགས་ཆེད་མཁས་དག་གིས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་གཞི་ཚུགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ས་གསར་པའི་ཐོག་བརྗོད་དོན་གཙོ་བོར་དམིགས་པ་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་ཐབས་ཇུས་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།  
          རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་མཐུན་སྦྱོར་སྐུལ་འདེད་སིའི་འབྲེལ་ཡོད་འགན་འཁུར་བས་ཤིས་ཚིག་གསུང་སྐབས།  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འཐབ་ཇུས་བྱ་ཐབས་གལ་ཆེན་ཞིག་དང་། མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཐད་ཀྱི་ཐོག་མའི་གསར་གཏོད་རང་བཞིན་གྱི་ཆོད་གཏམ་གལ་ཆེན། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན། མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསར་གཏོད་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་བཅས་རེད།  ལྷན་རྒྱས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཏིང་ཟབ་པའི་ནང་དོན་གནད་ལ་འཁེལ་པོས་སྟངས་འཛིན་བྱས་ཏེ་མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཆེད་ཐབས་ཇུས་འདོན་གང་ཐུབ་འདོན་དགོས་ཞེས་བསྟན་པ་རེད།
ཚོགས་ཞུགས་ཆེད་མཁས་དག་གིས་གཙོ་དོན་གྱི་གཏམ་བཤད་ལ་ཉན་བཞིན་པ།
གཙོ་དོན་གཏམ་བཤད་ཀྱི་སྐབས་སུ་ཆེད་མཁས་དང་དྲི་བ་འདོན་མཁན་དབར་བསམ་ཕྱོགས་བརྗེ་རེས་གནང་བཞིན་པ།
          ཚོགས་ཆེན་གྱི་གཙོ་དོན་གཏམ་བཤད་མཇུག་བསྒྲིལ་རྗེས།  ཡན་ལག་གླེང་སྟེགས་ཁག་གིས་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོར་དམིགས་ཏེ།  མི་རིགས་རིག་པ་དང་མིའི་རིགས་རིག་པ། ལོ་རྒྱུས་རིག་པ། སྐད་བརྡ་རིག་པ། སྤྱི་ཚོགས་རིག་པ། སྒྲོག་སྤེལ་རིག་པ། རྒྱལ་སྤྱིའི་འབྲེལ་བའི་རིག་པ་སོགས་ཕྱོགས་མང་པོའི་ཐད་ནས།  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་ཆགས་པར་བྱེད་པའི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ཐབས་ལམ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་བགྲོད་ལམ་གསར་པ་དང་མི་རིགས་རིག་པའི་མིའི་རིགས་རིག་པའི་འཕེལ་རྒྱས་གསར་པ།  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་མཐོང་སྣེ་འོག་གི་ཀྲུང་གོའི་གུང་ཁྲན་ཏང་གི་མི་རིགས་གཞུང་ལུགས་སྲིད་ཇུས་ཀྱི་ལོ་བརྒྱའི་ལོ་རྒྱུས།  ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་ལྷོ་ནུབ་མི་རིགས་ཞིབ་འཇུག མི་རིགས་ཀྱི་སྐད་ཡིག་ཞིབ་འཇུག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་པ།  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་ཁྱབ་ཁོངས་ནང་གི་ཀྲུང་གོའི་མི་རིགས་ཀྱི་གནའ་བོའི་ཡིག་རིགས་ལ་ཞིབ་འཇུག་བྱེད་པའི་ལས་འགན་གསར་པ།  མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་རྒྱབ་ལྗོངས་འོག་གི་ཀྲུང་གོའི་ཐུའུ་ཅུའེ་སྐད་ཀྱི་སྐད་ཡིག་ཞིབ་འཇུག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་ཀྲུང་གོའི་སོག་སྐད་རྩོམ་རིག་ཚོགས་པའི་ལས་འགན་གསར་པ། རིམས་ནད་རྗེས་ཀྱི་ཡོ་རོབ་དང་ཨ་རིའི་མི་རིགས་རིང་ལུགས་ཞིབ་འཇུག  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཁྱབ་ཁོངས་འོག་མི་རིགས་ལོ་རྒྱུས་ཞིབ་འཇུག་སོགས་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་ལ་གྲོས་བསྡུར་གང་ལེགས་གནང་པ་རེད།
ཀྲུང་གོའི་མི་རིགས་རིག་པའི་སློབ་ཚོགས་ཀྱི་གློག་བརྙན་དང་མིའི་རིགས་རིག་པའི་ཡན་ལག་མཐུན་ཚོགས་ཀྱི་ཡན་ལག་གླེང་སྟེགས་ཀྱི་ཡུལ་དངོས།
          ཚོགས་ཞུགས་མི་སྣས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་གནང་བ་དང་མི་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་གནང་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་པའི་གསར་གཏོད་རང་བཞིན་གྱི་ཆོད་གཏམ་གལ་ཆེན་དེ་བཏོན་གནང་བས་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ལག་ལེན་དང་མི་རིགས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།  ཐེངས་འདིའི་ཚོགས་འདུའི་ཐོག་མི་རིགས་ཞིབ་འཇུག་རིག་པའི་ལས་རིགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འདུས་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅིང་།  ཚང་མས་རིག་གཞུང་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ་བརྒྱུད་མི་རིགས་རིག་པའི་མིའི་རིགས་རིག་པའི་ཁྱབ་ཁོངས་ནང་གི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་ཁག་གཅིག་ལ་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་ཡོད།  ཀྲུང་གོའི་མི་རིགས་རིག་པའི་མིའི་རིགས་རིག་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་བྱས་རྗེས་དེ་ལས་ལྷག་པ་འབུལ་དགོས་ཞེས་བཏོན་པ་རེད།