ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གསར་བརྗེའི་ཐོན་ཁུངས་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ལེན་དགོས་པའི་ནན་བཤད་གནང་བ།

སྤེལ་དུས 2021-08-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
         ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དུ་ཕེབས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཞིང་། འདི་ནི་ཝུའུ་དབྱིང་ཅེས་སྐམ་ཐོག་གྲོང་རྡལ་གྱི་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
         ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དུ་ཕེབས་ནས་དམག་སྡེ་བཅོ་བརྒྱད་པས་གཙང་པོ་སྒྲོལ་བའི་རྗེས་ཤུལ་དང་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་ཤུལ་རྙིང་ལ་གཟིགས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། གསར་བརྗེའི་སྔོན་བྱོན་པ་ཚོར་རྗེས་དྲན་ཞུས་པ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ལ་སློབ་སྦྱོང་གནང་བ་རེད།
         ལོ་ངོ་70ཡི་གོང་དུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པའི་སྔོན་སྐྱོད་དཔུང་སྡེས་སྐར་ལྔའི་དར་དམར་དང་པོ་དེ་བོད་ཀྱི་ས་གཞིར་བཙུགས་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་འགོ་ཚུགས། ཝུའུ་དབྱིང་ཅེ་དང་བཅས་པ་འབྲི་ཆུའི་ངོགས་སུ་གནས་པའི་དམག་སྡེ་བཅོ་བརྒྱད་པས་གཙང་པོ་སྒྲོལ་བའི་རྗེས་ཤུལ་དང་མཁར་རྫོང་དང་། དེ་བཞིན་གཙང་པོ་སྒྲོལ་བའི་དྲན་གསོ་ཁང་དུ་ཕེབས། རིག་དངོས་རེ་རེ་ལས་ལོ་རྒྱུས་ཀྱི་སྔར་ཡོད་རྣམ་པ་མཚོན་ཞིང་། ཚང་མའི་དྲན་འཆར་དུའང་ཆབ་མདོའི་གཡུལ་འགྱེད་སྐབས་ཀྱི་ལོ་ཟླ་ཝ་ལེར་གསལ།
         ཝུའུ་དབྱིང་ཅེས་ཆབ་མདོ་ནི་གསར་བརྗེའི་ཞིང་ས་གཤིན་པོ་ཞིག་ཡིན་པ་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས། ཏང་ཡོན་ལས་བྱེད་པར་ཏང་གི་ལོ་ངོ་བརྒྱའི་རླབས་ཆེན་གྱི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་ལོ་རྒྱུས་ཁྲོད་ནས་བློ་གྲོས་ཉམས་ལེན་དང་སྟོབས་ཤུགས་འཕེལ་བའི་ཁྲིད་སྟོན་བྱས་ཏེ། དད་སེམས་དང་། ཡིད་ཆེས། སེམས་ཤུགས་བཅས་སྔར་བས་ཆེ་རུ་བཏང་ནས་གསར་བརྗེའི་ས་བོན་དང་། སྙིང་སྟོབས། ཁྲག་རྒྱུན་བཅས་རྒྱུན་འཛིན་བྱས་ཏེ་ཀྲུང་གོའི་གུང་ཁྲན་ཏང་འཇོན་དོན་དང་། མར་ཁེ་སི་རིང་ལུགས་འགྲིག་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། རང་ལྗོངས་ཀྱི་གསར་བརྗེའི་ཐོན་ཁུངས་ལ་དོ་དམ་དང་བེད་སྤྱོད་ཡག་པོ་བཏང་ནས་རང་རེའི་ཏང་གིས་བོད་ལ་བཅིངས་འགྲོལ་བཏང་བ་དང་། བོད་འཕེལ་རྒྱས་གཏོང་བ། བོད་འཛུགས་སྐྲུན་བྱེད་པའི་གཏམ་རྒྱུད་ཡག་པོ་བརྗོད་དགོས་པའི་ནན་བཤད་གནང་བ་རེད།
         སྐམ་ཐོག་གྲོང་རྡལ་དར་དམར་ཐང་ཆེན་དུ་ཝུའུ་དབྱིང་ཅེས་འཇོ་མདའ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་སར་རང་ས་རང་ཡུལ་ནས་མི་བྲལ་བར་ལས་ཞུགས་ཐུབ་པ་དང་ལས་ཀ་འཇོན་པ་དང་། ལས་ཀ་བྱེད་ཐུབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་དང་འཁོས་དཔག་ལས་སྒྲུབ་བྱེད་པ་དང་། ས་གནས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཞིང་འབྲོག་དང་གསར་བརྗེའི་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དད་མོས་ལ་བརྩི་འཇོག་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། དད་ལྡན་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་བ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཁྲིད་སྟོན་བྱེད་དགོས། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ལས་དོན་གཏིང་ཟབ་སྤེལ་ནས། ཏང་གིས་སྲིད་ཁྲིམས་དཔུང་ཁག་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ཚང་མ་ཏང་ཡོན་ཡིན་པ་མུ་མཐུད་མཐའ་འཁྱོངས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་གི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཡིན་པའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་དེ་རྗེས་ཐང་ཕུ་ཤང་ཝ་རྭ་དགོན་དུ་ཕེབས་ཏེ་དགོན་སྡེའི་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པར་འཚམས་འདྲི་གནང་བ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་བརྒྱུད་བསྒྲགས་གནང་བ་མ་ཟད། དགོན་སྡེ་དོ་དམ་དང་རིག་དངོས་སྲུང་སྐྱོང་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
         ཝུའུ་དབྱིང་ཅེས་ལོ་ངོ་70ཡི་གོང་ཝ་རྭ་དགོན་གྱིས་དམག་སྡེ་བཅོ་བརྒྱད་པར་དམག་དཔུང་གི་ཡོ་ཆས་དང་གཟན་རྩྭ་དང་འབྲུ་རིགས་དབོར་རོགས་ཧུར་ཐག་བྱས་ཏེ། བོད་ཞི་བས་བཅིངས་འགྲོལ་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། ཝ་རྭ་དགོན་གྱི་རྒྱ་ཆེའི་དགེ་འདུན་པས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། “ཚད་གཞི་བཞི”མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་། འགྲོ་བ་བདེ་ལ་འགོད་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་ཁ་ཕྱོགས་གཅིག་མཐུན་ཡོང་བར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་གོང་བཀུར་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གོང་བཀུར། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱས་ནས། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་བྱེད་ཕོད་པ་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བར་ནུས་པ་དེ་བས་ལེགས་པ་འདོན་དགོས་ཞེས་གསུངས་པ་རེད།