ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེ་ཉིང་ཁྲིར་རྟོག་ཞིབ་གནང་བར་ཕེབས་པ།

སྤེལ་དུས 2021-09-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་དུ་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་གནང་སྐབས། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་གསར་གཏོད་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
 
       ཝུའུ་དབྱིང་ཅེ་དང་བཅས་པ་ཉང་ཆུ་བྱེ་རྡོ་ལས་སྣོན་བཟོ་གྲྭའི་འཁོར་ཁང་དུ་ཕེབས་ནས་རྒྱུ་ཆའི་ཡོང་ཁུངས་དང་ཐོན་སྐྱེད་བཟོ་རྩལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ།
       ཝུའུ་དབྱིང་ཅེ་དང་བཅས་པ་ཉང་ཆུ་བྱེ་རྡོ་ལས་སྣོན་བཟོ་གྲྭའི་འཁོར་ཁང་དུ་ཕེབས་ནས་རྒྱུ་ཆའི་ཡོང་ཁུངས་དང་ཐོན་སྐྱེད་བཟོ་རྩལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། བྱེ་རྡོའི་རྒྱུ་ཆ་ཐོན་སྐྱེད་ལག་རྩལ་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་དམིགས་ནས་ལས་གྲྭ་འཛུགས་སྐྲུན་ཁྲོད་ཚན་རྩལ་གསར་གཏོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྔོག་འདོན་བྱས་པའི་རྡོ་རྒྱུ་དག་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་སུ་བསྒྱུར་ནས་ལྗོངས་ནང་ཁུལ་གྱི་ལྗང་མདོག་སྐྱེ་ཁམས་ཀྱི་བྱེ་རྡོའི་རྒྱུ་ཆ་ཐོན་སྐྱེད་རྟེན་གཞི་གཏོད་དགོས། དགེ་མཚན་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་གང་ལེགས་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་བྱེ་རྡོའི་རྒྱུ་ཆ་ལས་སྣོན་འཕེལ་རྒྱས་གཏོང་དགོས་པ་མ་ཟད། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་བེད་སྤྱོད་བཏང་ནས་ལས་གྲྭ་འཛུགས་སྐྲུན་གྱི་མ་གནས་དམའ་རུ་ཏན་ཏིག་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། 

       ཉང་ཆུ་བྱེ་རྡོ་ལས་སྣོན་བཟོ་གྲྭའི་ཟུར་ཞིག

       ཝུའུ་དབྱིང་ཅེ་དང་བཅས་པས་བྲག་ཡིབ་ཆུས་ཀྱི་ཨར་ལས་ལྷུ་ལག་ཐོན་ལས་གླིང་གི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ། 
       ཝུའུ་དབྱིང་ཅེ་དང་བཅས་པས་བྲག་ཡིབ་ཆུས་ཀྱི་ཨར་ལས་ལྷུ་ལག་ཐོན་ལས་གླིང་གི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་ཞིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་བོད་ཕག་ཐོན་ལས་གཟན་ཆག་ལས་སྣོན་ཐོན་སྐྱེད་ཚད་ཡོད་འགན་འཁྲི་ཀུང་སིར་ཕེབས་ནས་ཐོན་སྐྱེད་ལས་སྣོན་ལ་གཟིགས་པ་དང་། གཟན་ཆག་གི་མ་གནས་བཀའ་འདྲི་གནང་བ། ཐོན་རྫས་ཀྱི་ཁེ་སྤོགས་རྩིས་བརྒྱབ་གནང་བ་རེད། ཁོང་གིས། དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལས་དོན་མཐའ་དག་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བར་ཁ་ཕྱོགས་ནས་ས་གནས་དེ་གའི་དོན་དངོས་དང་མཐུན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་ལས་ཐོན་ལས་ཅན་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་པ། བོད་ཕག་གསོ་ཚགས་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས། ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་དམིགས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གླིང་ཁུལ་དུ་ལས་ཞུགས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་མང་ཚོགས་དེ་བས་མང་བར་དེའི་ཁྲོད་ནས་ཕན་པ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

       ཝུའུ་དབྱིང་ཅེ་དང་བཅས་པ་རྡོ་ཕུར་ཆུ་ཤུགས་གློག་ཁང་དུ་ཕེབས་ནས་གློག་ཁང་གི་འཁོར་སྐྱོད་དང་ལས་བྱེད་ལས་བཟོའི་ལས་ཀ་དང་འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། 

       རྡོ་ཕུར་ཆུ་ཤུགས་གློག་ཁང་གི་ཟུར་ཞིག
       རྡོ་ཕུར་ཆུ་ཤུགས་གློག་ཁང་ནི་བོད་དབུས་གློག་དྲའི་རྐང་འཛིན་ཆུ་ཤུགས་གློག་ཁང་ཞིག་ཡིན་པ་དང་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་12ཟིན་པ་དང་ལོ་རེར་ཆུ་ཚོད་4217སྤྱོད་ཀྱི་ཡོད། ཐོན་སྐྱེད་བྱེད་འགོ་ཚུགས་པ་ནས་བཟུང་གློག་ཁང་དེས་རིམ་རྩིས་བྱས་ན་ཆུ་ཚོད་རེར་གློག་ཆན་ཝ་དུང་ཕྱུར་23.45བཏང་སྟེ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5ལྷག་ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བློས་འགེལ་ཆོག་པའི་ནུས་རྒྱུའི་འདེགས་སྐྱོར་བྱས་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ཏེ་གློག་ཁང་གི་འཁོར་སྐྱོད་དང་ལས་བྱེད་ལས་བཟོའི་ལས་ཀ་དང་འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཁོང་ཚོས་ལས་ཀའི་སྤྲོ་སེམས་ཆེན་པོ་དང་ལས་ཀའི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཀྱིས་འཛུགས་སྐྲུན་དང་། དོ་དམ། གཏོང་འདྲེན་བཅས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཁེ་ལས་ཀྱི་དོ་དམ་དང་བདེ་འཇགས་ཐོན་སྐྱེད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་བ། བདེ་འཇགས་དང་། སྤུས་ལེགས། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་གློག་གཏོང་ལས་འགན་ལེགས་སྒྲུབ་བཅས་བྱས་ཏེ་ཁེ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།