ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལམ་ཕྱེད་མ་ལ་སུང་སླེབས་ལ་ཉེ་བར་ཁྱེད་ཀྱིས་གྲ་སྒྲིག་བྱས་ཡོད་དམ།

སྤེལ་དུས 2021-09-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
མ་མཇལ་ཡུན་རིང་འགོར་བའི།
2021ལོའི་ལྷ་སའི་ལམ་ཕྱེད་མ་ལ་སུང་སླེབས་ལ་ཉེ།
          ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་རིག་གནས་ཅུས། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་བཅས་ཀྱིས་སྒྲུབ་འགན་ཁུར་བའི2021ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་འགྲན་བསྡུར་དེ་ཟླ10པའི་ཚེས16ཉིན་གྱི་ཆུ་ཚོད9དང་སྐར་མ30ཡི་ཐོག་བོད་རང་སྐྱོང་ལྗོངས་འགྲེམ་ཚོགས་ལྟེ་གནས་ཐང་ཆེན་ནས་མགོ་བརྩམ་རྒྱུ་རེད།
          མིང་ཐོ་འགོད་པའི་དུས་ཚོད།
          ཟླ9པའི་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད10:00པ་ནས།
          ཟླ10པའི་ཚེས5ཉིན་གྱི་ཆུ་ཚོད17:00བར་ཡིན།
          འགྲན་བསྡུར་གྱི་གཞི་ཁྱོན།
          2021ལོའི་ལྷ་སའི་ལམ་ཕྱེད་མ་ལ་སུང་གི་འགྲན་ཞུགས་མི་གྲངས3000ཡོད་ལ། དེར་ལམ་ཕྱེད་མ་ལ་སུང་འགྲན་རྒྱུག་མཁན(སྤྱི་ལེ21.0975)600དང་། བཞི་ཆ་གཅིག་གི་མ་ལ་སུང་འགྲན་རྒྱུག་མཁན(སྤྱི་ལེ10.54875)600དང་། ལམ་ཐག་ཐུང་བའི་མ་ལ་སུང་འགྲན་རྒྱུག་མཁན(སྤྱི་ལེ5)1800བཅས་སུ་ཕྱེ།
          དོ་སྣང་བྱ་ཡུལ།
          ད་ལོའི་ལྷ་སའི་ལམ་ཕྱེད་མ་ལ་སུང་འགྲན་བསྡུར་དེ་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི《ཀྲུང་གོའི་མངའ་ཁོངས་ནང་གི་མ་ལ་སུང་དང་དེའི་འབྲེལ་ཡོད་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་སྒྲིག་ཁྲིམས་ལ་ཤུགས་སྣོན་བྱའི་དོ་དམ་གཏན་འབེབས》དང་། སྒྲིག་འཛུགས་ཨུ་ལྷན་གྱིས་བཟོས་པའི《2021ལོའི་ལྷ་སའི་ལམ་ཕྱེད་མ་ལ་སུང་འགྲན་བསྡུར་སྒྲིག་འཛུགས་ཀྱི་བདེ་འཇགས་ཉེན་སེལ་ཚོད་འཛིན་ཇུས་གཞི།》 《2021ལོའི་ལྷ་སའི་ལམ་ཕྱེད་མ་ལ་སུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཇུས་གཞི》བཅས་ལག་བསྟར་ནན་པོ་བྱ་རྒྱུརེད། འགྲན་བསྡུར་ལ་་མིང་ཐོ་འགོད་པར་རིམས་འགོག་སྨན་ཁབ་བརྒྱབ་ཡོད་པ་དང་ཆུ་ཚོད48རིང་གི་ཉིང་སྐྱུར་དཔྱད་འཇལ་ཚད་ལེན་སྲིབ་གཤིས་ཡིན་པའི་དཔང་ཡིག་སོགས་མཁོ་འདོན་བྱེད་དགོས། མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་པའི་རྒྱུག་མཁན་ཚང་མས་ཐོ་བཀོད་ནས་འགྲན་བསྡུར་ནང་ཞུགས་ཆོག

          མིང་ཐོ་འགོད་ལམ་གྱི་དྲ་སྒོ་ཕྱེ་ཉེ་ཡོད་ཅིང་། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས2021ལོའི་ལྷ་སའི་ལམ་ཕྱེད་མ་ལ་སུང་གི་གཞུང་ཕྱོགས་ཀྱི་མིང་ཐོ་འགོད་པའི་དྲ་ཚིགསwww.lasamarathon.comམམ་ཡང་ན་ཀྲུང་གོའི་ལུས་རྩལ་བདེ་ཐང་ཆེན་མོའི་སྐད་འཕྲིན་སྤྱི་རྟགསZTDJK306ལ་དོ་ཁུར་བྱས་ནས་འགྲན་བསྡུར་གྱི་སྐོར་ལ་རྒྱུས་ལོན་བྱ་ཆོག
          ལྷ་སའི་ལམ་ཕྱེད་མ་ལ་སུང་ནི་རྒྱལ་ནང་གི་མཚོ་འཕགས་མཐོ་ཤོས་ཡིན་པའི་གྲོང་ཁྱེར་གྱི་མ་ལ་སུང་འགྲན་བསྡུར་གྱི་གྲས་ཡིན་ལ། རྒྱལ་ནང་དུ་གཉེར་སྔ་ཤོས་ཀྱི་ལམ་ཕྱེད་མ་ལ་སུང་འགྲན་བསྡུར་དང་། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་ཁས་ལེན་བྱས་པའིA1རིགས་ཀྱི་འགྲན་བསྡུར། ཟངས་ཀྱི་རྟགས་མའི་རིགས་ཀྱི་འགྲན་བསྡུར་བཅས་ཡིན་པར་མ་ཟད། རྒྱུགས་གྲོགས་ཚོའི་སེམས་སུ“སྐྱེ་བ་འདི་ལ་ཅིས་ཀྱང་རྒྱུག་དགོས་པའི”མ་ལ་སུང་འགྲན་བསྡུར་ཞིག་ཀྱང་ཡིན་པས། ཡུན་རིང་རེ་སྒུག་བྱས་པའི་ཁྱེད་ཀྱིས་གྲ་སྒྲིག་ཡག་པོ་བྱས་ཡོད་དམ། 
          ཤ་ཚའི་དྲན་སྐུལ། 2021ལྷ་སའི་ལམ་ཕྱེད་མ་ལ་སུང་།
          གལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ངེས་གཏན་མིན་པའི་རྒྱུ་རྐྱེན་གྱིས་འགྲན་བསྡུར་རྒྱུན་གཏན་ལྟར་སྤེལ་ཐབས་མེད་ཚེ་ལོགས་སུ་སྤྱི་བསྒྲགས་བྱ་རྒྱུ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།