ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཟླ10པའི་ཟླ་ཕོགས་ཟླ9པར་སྟེར་ཆོག་གི་འདུག

སྤེལ་དུས 2021-09-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
 ད་དུང་ཉིན་བཞིར་ལས་ཚོགས་ལ་ཞུགས་རྗེས།
ཡང་གུང་གསེང་བཏང་ཆོག
ཚེས27ཉིན་དང་། ཚེས28ཉིན་དང་། ཚེས29ཉིན་དང་། ཚེས30ཉིན་བཅས་ཉིན་འདི་བཞིར་ལས་ཚོགས་ལ་ཞུགས་རྗེས།
རྒྱལ་སྟོན་དུས་ཆེན་གྱི་ཉིན་བདུན་གྱི་གུང་གསེང་གིས་ཁྱོད་ལ་རང་སྒུག་ནས་ཡོད།

དེ་ལས་གཞན།
ད་དུང་གཏམ་བཟང་གཞན་ཞིག་ཡོད་དེ།
དེ་ནི་ཟླ10པའི་གླ་ཕོགས་ཟླ9པར་སྟེར་ཆོག་པ་དེ་རེད།
ཟླ10པའི་གླ་ཕོགས་སྔ་ནུར་གྱིསྔོན་ལ་སྔོན་སྟེར་ཆོག
            《གླ་ཕོགས་སྟེར་ཐབས་སྐབས་སྤྱོད་གཏན་འཁེལ》གྱི་བླང་བྱ་ལྟར། མི་སྤྱོད་ལས་ཁུངས་ཀྱིས་དུས་ཆེན་དང་གུང་གསེང་གི་སྐབས་དང་འཁེལ་ནས་དུས་སུ་གླ་ཕོགས་སྟེར་མི་ཐུབ་ཚེམ་ཐུབ་ན། གུང་གསེང་མ་གཏང་གོང་གི་ཆེས་ཉེ་བའི་ལས་ཀའི་ཉིན་མོར་གླ་ཕོགས་སྟེར་དགོས།
            《གླ་ཕོགས་སྟེར་ཐབས་སྐབས་སྤྱོད་གཏན་འབེབས》ཀྱི་དོན་ཚན་བདུན་པར། གླ་ཕོགས་ནི་ངེས་པར་དུ་མི་སྤྱོད་ལས་ཁུངས་དང་ངལ་རྩོལ་པའི་བར་ཁ་ཆད་བཞག་པའི་དུས་ཚོད་ནང་སྟེར་དགོས། གལ་ཏེ་དུས་ཆེན་དང་གུང་གསེང་། ངལ་གསོའི་ཉིན་ལ་འཕྲད་ན། ཆེས་ཉེ་བའི་ལས་ཀའི་ཉིན་མོར་སྔོན་ལ་སྟེར་དགོས། གླ་ཕོགས་ཉུང་མཐར་ཡང་ཟླ་རེར་ཐེངས་རེ་སྟེར་དགོས་ཤིང་། གཟའ་འཁོར་དང་། ཉིན། ཆུ་ཚོད་ལྟར་གླ་ཕོགས་སྟེར་བའི་ལམ་ལུགས་ལག་ལེན་བསྟར་བཞིན་ཡོད་ན། གཟའ་འཁོར་དང་། ཉིན། ཆུ་ཚོད་ལྟར་གླ་ཕོགས་སྟེར་དགོས་ཞེས་བཀོད་ཡོད།
            ལས་ཁུངས་མི་ཉུང་བ་ཞིག་གིས་ཟླ་རེའི་ཚེས5ཉིན་གྱི་གོང་དུ་གླ་ཕོགས་སྟེར་བཞིན་ཡོད་ཅིང་། དེ་ལྟར་ན་རྒྱལ་སྟོན་གུང་གསེང་གི་རྐྱེན་གྱིས་ལས་ཁུངས་མི་ཉུང་བ་ཞིག་གིས་ཟླ9པའི་ཟླ་མཇུག་ཏུ་ཟླ10པའི་གླ་ཕོགས་སྟེར་རྒྱུ་རེད།
རྒྱལ་སྟོན་དུས་ཆེན་གུང་གསེང་སྐབས་ཀྱི་ལས་དུས་འཕར་མའི་གླ་ཕོགས་ཇི་ལྟར་རྩི་རྒྱུ་ཡིན་ནམ།
            ཟླ10པའི་ཚེས1ཉིན་དང་། ཚེས2ཉིན། ཉིན3བཅས་ནི་ཁྲིམས་སུ་བཀོད་པའི་གུང་གསེང་ཡིན་ལ། མི་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པར་ལས་ཀ་བཀོད་སྒྲིག་བྱས་ཚེ། ངལ་རྩོལ་པ་རང་ཉིད་ཀྱི་ཉིན་དང་ཡང་ན་ཆུ་ཚོད་རེའི་གླ་ཕོགས་ཀྱི300%ལས་མི་དམའ་བའི་ཚད་གཞི་ལྟར་གླ་ཕོགས་སྟེར་དགོས་པ་དང་། ཟླ10པའི་ཚེས4ཉིན་དང་། ཚེས5ཉིན། ཚེས6ཉིན། ཚེས7ཉིན་བཅས་ལ་མི་སྤྱོད་ལས་ཁུངས་ཀྱིས་ངལ་གསོ་ཁ་གསབ་བྱེད་པའམ་ཡང་ན་ངལ་རྩོལ་པ་རང་ཉིད་ཀྱི་ཉིན་དང་ཡང་ན་ཆུ་ཚོད་རེའི་གླ་ཕོགས་ཀྱི200%ལས་མི་དམའ་བའི་ཚད་གཞི་ལྟར་ལས་དུས་འཕར་སྣོན་གྱི་གླ་ཕོགས་སྟེར་དགོས།
            རྒྱལ་སྟོན་དུས་ཆེན་གུང་གསེང་སྐབས་ཀྱི་ལས་དུས་འཕར་སྣོན་གྱི་གླ་ཕོགས་འདི་བཞིན་སྟེར་དགོས།
            《གླ་ཕོགས་སྟེར་བའི་སྐབས་སྤྱོད་གཏན་འབེབས》ཀྱི་དོན་ཚན་ལྔ་པའི་ནང་དུ་གླ་ཕོགས་ནི་ཁྲིམས་བཀོད་ཀྱི་དངུལ་ལོར་ལྟར་སྤྲོད་དགོས། ་པ་ལས་དངོས་རྫས་དང་རིན་ཡོད་རྒྱུ་འཛིན་ཤོག་གིས་གྱིས་དངུལ་ལོར་གྱི་ཚབ་བྱས་ནས་སྟེར་མི་ཆོག་ཅེས་གསལ་བོར་བཀོད་ཡོད།
            ལས་དུས་འཕར་སྣོན་བྱས་པའི་གླ་ཕོགས་ནི་ངལ་རྩོལ་པའི་ངལ་གསོ་དང་གུང་གསེང་གི་གུན་གསབ་ལྟ་བུ་ཡིན་ལ། ཁྲིམས་བཀོད་གླ་ཕོགས་ཀྱི་རིགས་ཤིག་ཡིན་པས། བཅའ་ཁྲིམས་ཀྱིས་གཏན་འབེབས་གསལ་བོ་བྱས་པའི་ཁེ་ལས་ཀྱིས་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་ཁྲིམས་བཀོད་འོས་འགན་ཞིག་རེད།
            ལས་དུས་འཕར་སྣོན་བྱས་པའི་གླ་ཕོགས་ནི་ངལ་རྩོལ་གྱི་ཐོབ་ཆར་གཏོགས་པས། ངེས་པར་དུ་དངུལ་ལོར་གྱི་རྣམ་པས་སྤྲོད་དགོས། དེར་བརྟེན། ལས་བཟོ་པར་ལས་དུས་འཕར་མ་བཀོད་སྒྲིག་བྱས་ཚེ། ངེས་པར་དུ་ཁྲིམས་ལྟར་ངལ་གསོ་ཁ་གསབ་དང་ལས་དུས་འཕར་སྣོན་གྱི་གླ་ཕོགས་སྟེར་དགོས་པ་ལས་དངོས་པོ་དང་དུས་ཆེན་གྲོན་དངུལ་གྱིས་ཚབ་བྱ་མི་ཆོག
རྩོམ་སྒྲིག་པ། བདེ་སྒྲོལ།