ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀུའོ་མེ་མེ་ལ་ཡང་ལོ་གཉིས་ཟླ་དྲུག་གི་ཁྲིམས་ཐག་བཅད་འདུག

སྤེལ་དུས 2021-10-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          2021ལོའི་ཟླ10པའི་ཚེས18ཉིན། ཧྲང་ཧའེ་ལྕགས་ལམ་སྐྱེལ་འདྲེན་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀུའོ་མེ་མེ་དང་ཝང་ཙོན་ཡ་གཉིས་ཀྱིས་དུག་ལྡན་གནོད་ཡོད་ཀྱི་བཟའ་བཅའ་ཕྱིར་ཚོང་བྱས་པའི་གྱོད་གཞི་ལ་ཁྲིམས་ལྟར་ཐག་བཅད་པ་ཡོངས་བསྒྲགས་བྱས་པ་སྟེ། དུག་ལྡན་གནོད་ཡོད་ཀྱི་བཟའ་བཅའ་ཕྱིར་ཚོང་བྱས་པའི་ཉེས་པ་བཟོས་སྟབས་ཞུ་སྦྱོར་ཕྱི་མ་ཀུའོ་མེ་མེ་ལ་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་དྲུག་གི་ཆད་པ་བཅད་པ་དང་མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཡི་དངུལ་ཆད་བཅད། ཞུ་སྦྱོར་ཕྱི་མ་ཝང་ཙོན་ཡ་དུས་བཀག་བཙོན་འཇུག་ཟླ་བདུན་བྱས་པ་དང་། མི་དམངས་ཤོག་སྒོར་ཁྲི་གཅིག་གི་དངུལ་ཆད་བཅད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།