ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཙུག་ལག་ཁང་དུ་ཕེབས་མཁན་ཚོས་འདིར་ཡིན་གཅིག་དོ་སྣང་གནང་།

སྤེལ་དུས 2021-11-04 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
གུས་ཤིང་བརྩེ་བའི་རྒྱ་ཆེའི་ཡུལ་སྐོར་བ་རྣམ་པ།
           རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་ཁྱེད་དང་གཞན་གྱི་བདེ་ཐང་ཆེད་ཟླ་11ཚེས་2ཉིན་ནས་བཟུང་གཙུག་ལག་ཁང་དུ་ཡུལ་སྐོར་ལ་ཕེབས་མཁན་ཚོས་ཁ་རས་ཡག་པོ་རྒྱག་པ་དང་འབྲེལ་རང་འགུལ་ངང“བདེ་ཐང་ཨང་རྟགས”འདོན་པ་དང“གཙུག་ལག་ཁང་ཁུལ་གྱི་བདེ་ཐང་རྩ་གཉིས་ཨང་རྟགས”བཤེར་དགོས།

           ཞིབ་ཕྲའི་གོ་རིམ། 
           གཅིག སྐད་འཕྲིན་ནས་བོད་བདེ་བགྲོད་ཀྱི་དྲ་ངོས་སུ་འཛུལ་ནས་མིང་ངོ་མ་ཐོ་བཀོད་རྗེས་མི་སྒེར་གྱི་བདེ་ཐང་ཨང་རྟགས་འདོན་དགོས་པ་དང་།
           གཉིས། བོད་བདེ་བགྲོད་ཀྱི་བདེ་ཐང་ཨང་རྟགས་ཀྱི་དྲ་ངོས་སུ་འཛུལ་རྗེས་ཁུལ་དེའི་བདེ་ཐང་རྩ་གཉིས་ཨང་རྟགས་བཤེར་དགོས།
           རྒྱ་ཆེའི་ཡུལ་སྐོར་བ་ཚོས་དུས་ཐོག་ཏུ་གཙུག་ལག་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་གནང་རྒྱུ་དང་གཞུང་ཕྱོགས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞི་འཛིན་དགོས།
ལྷ་ས་གྲོང་ཁྱེར་གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱིས།
2021ལོའི་ཟླ་11ཚེས་2ཉིན།